ཅིན་ཏུང་ཆུས།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-24 08:57ལ་འགྲུབ།

ཅིན་ཏུང་ཆུས།

ཅིན་ཏུང་ཆུས།
ཅིན་ཏུང་ཆུས་ནི་སྤྱི་ལོ2001ལོའི་ཟླ2པར་བཙུགས་པ་དང་། ད་ལྟ་མངའ་ཁོངས་སུ་གྲོང་རྡལ8དང་། ཡུལ་ཚོ1སྲང་ལམ2བཅས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་658.19ཡོད་པ་དང་། མི་འབོར་ཁྲི36.15ཡོད་ལ། ཀྲེ་ཅང་དབུས་རྒྱུད་ཀྱི་ཅིན་དབྱི་གཞོང་ས་རུ་ཆགས་ཡོད། དེ་ནི་ཅིན་ཧྭ་དང་དབྱི་ཝུའུ་བར་གྱི་ནུབ་ཕྱོགས་ཅིན་ཧྭ་གྲོང་ཁུལ་དང་འབྲེལ་ཞིང་། ཤར་ཕྱོགས་དབྱི་ཝུའུ་དང་འབྲེལ་བ། ལྷོ་ཕྱོགས་ཀྱི་ཡུང་ཁང་དང་ཝུའུ་དབྱི་དང་བྱང་གི་ལན་ཞི་དང་འབྲེལ་བ། ཀྲེ་ཅང་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་ཅིན་དབྱི་ཏུའུ་གྲོང་ཁུལ་གྱི་ལྟེ་བའི་ཁུལ་ཡིན་ལ། ཅིན་དབྱི་གསེར་གྱི་འཁོར་མདའ་གཙོ་བོ་ཡང་ཡིན། ཅིན་ཏུང་འགྲིམ་འགྲུལ་ལམ་དྲ་དར་རྒྱས་ཆེ་བ་དང་། ཀྲེ་ཀན་ལྕགས་ལམ་གྱི་ལྕགས་ལམ་ཉིས་གཤིབ་མ་དང་། ཅིན་ཝུན་ལྕགས་ལམ། རྒྱལ་ལམ330 ཞིང་ཆེན་ལམ03བཅས་མངའ་ཁོངས་ཡོངས་སུ་ཁྱབ་པ་དང་། ཧང་ཀྲོའུ་ནས་ཅིན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཅིན་ལི་ཝུན་མྱུར་བགྲོད་གཞུང་ལམ། ཡུང་ཅིན་མྱུར་བགྲོད་གཞུང་ལམ་བཅས་ཆུས་ནང་ཁུལ་ཚང་མར་ཕན་ཚུན་སྦྲེལ་མཐུད་བྱེད་ས་ཡོད་པ་དང་། ཆུས་ཡོངས་ཀྱི་རིམ་མཐོའི་གཞུང་ལམ་གྱིས40%ཡན་བཟུང་བ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དང་མཉམ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金东区
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི658.19ཡོད།
ཕྱི་ཡིག་གི་མིང་།
Jindong District
མི་འབོར།
ཁྲི36.15(2017ལོའི་རྒྱུན་སྡོད་མི་འབོར)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར།
མེ་འཁོར་ས་ཚིགས།
ཅིན་ཧྭ་ནུབ་ཚིགས་དང་ཅིན་ཧྭ་ལྷོ་ཚིགས་གཉིས་ཡོད།
མངའ་ཁོངས།
སྲང་ལམ2དང་གྲོང་རྡལ8ཡུལ་ཚོ1བཅས་ཡོད།
རླངས་འཁོར་ཚབ་ཨང་།
浙G
ས་ཁོངས་ཁ་པར་ཨང་རྟགས།
0579
གནམ་ཐང་།
དབྱི་ཝུའུ་གནམ་ཐང་།
སྦྲག་སྲིད་ཨང་རྟགས།
321015
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330703
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཅིན་ཧྭ་གྲོང་ཁྱེར་གྱི་ས་ཁོངས་ནི་ཁྲུན་ཆིའུ་སྐབས་སུ་ཡུའེ་རྒྱལ་ཕྲན་ལ་གཏོགས་པ་དང་། ཆིན་དང་ཧན་གཉིས་ཀྱི་སྐབས་སུ་ཝུའུ་ཧྲང་རྫོང་གི་ཁོངས་སུ་གཏོགས་ལ། ཧུའ་ཅི་ཅུན་གྱི་མངའ་ཁོངས་ཡིན་ནོ།།     རྒྱལ་ཁབ་གསུམ་གྱི་ཝུའུ་པའོ་ཏིན་ཁྲི་ལོར་ཅུན་གྱི་མིང་ལ་ཏུང་དབྱང་ཟེར་ཞིང་། ཅུན་དེ་ཆུས་ཅང་གཙང་པོའི་ཤར་དུ་གནས་པ་དང་ཁྲང་ཧྲན་ཀྲི་ཏུང་ཞེས་པའི་མིང་ཡང་ཐོགས་སོ།།

ཅིན་ཧྭ་ཡིས་ཅུན་ཧྥུའུ་བཙུགས་པའི་མགོ་དེ་ནས་བརྩམས།       སྤྱི་ལོ2000ལོའི་ཟླ12པའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡིག〔2000〕ཨང138པ《ཀྲེ་ཅང་ཞིང་ཆེན་གྱིས་ཅིན་ཧྭ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱེད་པར་འཐད་པ་བྱུང་བའི་སྐོར་གྱི་མཆན་བཀོད་བཀའ་ལན》གྱི་ཆོག་མཆན་བཀོད་དེ། ཅིན་ཧྭ་རྫོང་མེད་པར་བཟོས་ནས་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་བཙུགས། དེ་སྔའི་ཅིན་ཧྭ་རྫོང་གི་ཧྥུ་ཚུན་དང་། ཞའོ་ཧྲུན། ཚའོ་ཀྲའེ། ཐང་ཡ། ཐུང་ཕུའུ། ལིན་ཞ། ཅང་ཏུང་། ཁྲི་སུང་། ཡོན་ཏུང་། ཝུའུ་ཁྲེང་ཆུས་ཀྱི་ཞན་ཆའོ་དང་ཏུང་ཞའོ། ཏུའོ་ཧུའུ་བཅས་ཡུལ་ཚོ(གྲོང་རྡལ)12ཅིན་ཏུང་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་བགོས་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ657ཡོད། གྲོང་མིའི་ཨུ་ལྷན1དང་། སྒྲིག་གཞི་ཚང་བའི་གྲོང་ཚོ510 མི་འབོར་ཁྲི30.70བཅས་ཡོད་པ་དང་ཆུས་མི་དམངས་སྲིད་གཞུང་ཏུའོ་ཧུའུ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

2 ས་ཁམས་ཁོར་ཡུག
2_1 ས་ཁམས་གནས་ཡུལ།

ཅིན་ཏུང་ཆུས་ནི་ཀྲེ་ཅང་ཞིང་ཆེན་དབུས་རྒྱུད་ཀྱི་ཅུང་ནུབ་དང་། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མའི28°44′-29°19′དང་། ཤར་གྱི་གཞུང་ཐིག119°8′-119°56′བར་གནས་ཡོད།  ཀྲེ་ཅང་དབུས་རྒྱུད་ཀྱི་ཅིན་དབྱི་གཞོང་ས་རུ་ཆགས་ཡོད། དེ་ནི་ཅིན་ཧྭ་དང་དབྱི་ཝུའུ་བར་གྱི་ནུབ་ཕྱོགས་ཅིན་ཧྭ་གྲོང་ཁུལ་དང་འབྲེལ་ཞིང་། ཤར་ཕྱོགས་སུ་དབྱི་ཝུའུ་དང་འབྲེལ་བ། ལྷོ་ཕྱོགས་ཀྱི་ཡུང་ཁང་དང་ཝུའུ་དབྱི་དང་བྱང་གི་ལན་ཞི་དང་འབྲེལ་བ། ཀྲེ་ཅང་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་དང་ཅིན་དབྱི་ཏུའུ་གྲོང་ཁུལ་གྱི་ལྟེ་བའི་ཁུལ་ཡིན་ལ། ཅིན་དབྱི་གསེར་གྱི་འཁོར་མདའ་གཙོ་བོ་ཡང་ཡིན། ཅིན་ཏུང་འགྲིམ་འགྲུལ་ལམ་དྲ་དར་རྒྱས་ཆེ་བ་དང་། ཀྲེ་ཀན་ལྕགས་ལམ་གྱི་ལྕགས་ལམ་ཉིས་གཤིབ་མ་དང་། ཅིན་ཝུན་ལྕགས་ལམ། རྒྱལ་ལམ330 ཞིང་ཆེན་ལམ03བཅས་མངའ་ཁོངས་ཡོངས་སུ་ཁྱབ་པ་དང་། ཧང་ཀྲོའུ་ནས་ཅིན་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཅིན་ལི་ཝུན་མྱུར་བགྲོད་གཞུང་ལམ། ཡུང་ཅིན་མྱུར་བགྲོད་གཞུང་ལམ་བཅས་ཆུས་ནང་ཁུལ་ཚང་མར་ཕན་ཚུན་སྦྲེལ་མཐུད་བྱེད་ས་ཡོད་པ་རེད།

.png

2_2 ས་དབྱིབས་རྣམ་པ།

ཅིན་ཏུང་ས་ཁུལ་གྱི་ས་བབ་ལྷོ་བྱང་དང་དབུས་ཁུལ་དམའ། བྱང་རྒྱུད་ནི་ཅིན་ཧྭ་རི་བོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི500ནས900བར་ཡིན་པ་དང་ལན་ཤིས་གྲོང་ཁྱེར་གྱི་མཚམས་ཀྱི་དུང་དཀར་རྩེ་མོ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི890ནི་ས་ཁོངས་ནང་གི་ས་བབ་མཐོ་ཤོས་ཡིན་པ་དང་ལྷོ་ངོས་སུ་རི་དམའ་སྒང་གི་རི་འབུར་དུ་དལ་བབ་བྱེད་ཀྱི་ཡོད། ལྷོ་ཕྱོགས་ནི་ཞན་ཞ་ལིན་གྱི་ལྷག་རྩ་ཡིན་པ་དང་། དེ་ནི་རི་དམའ་པོའི་རི་ངོས་དང་ལུང་ཤུར་གྱི་བདེ་ཐང་བར་གྱི་ས་དབྱིབས་ཡིན། དབུས་རྒྱུད་ཀྱི་ཝུའུ་ཁི་ཅང་གཙང་པོ་དང་ཝུའུ་ཁི་གཙང་པོའི་འགྲམ་རྒྱུད་དང་དེའི་ཆུ་ལག་གི་སྨད་རྒྱུད་ནི་གཤོང་གསོག་བདེ་ཐང་ཡིན།     ཅི་ཏའོ་རི་བོ་ནི་ཅིན་ཧྭ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད། རི་ལམ་དུ་རི་བོ་ངོ་མཚར་ཅན་ཞིག་ཡོད་ཅིང་། དེའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི306ཙམ་ལས་མེད། འོན་ཀྱང་དེ་ནི་ཅིན་ཏུང་ས་ཁུལ་གྱི་མངའ་ཁོངས་སུ་གཅིག་པུར་གནས་པའི་རི་བོ་ཞིག་ཡིན་པ་དང་། བདེ་ཐང་དུ་ལངས་ཤིང་། རི་བོ་བརྗིད་ཉམས་ཆེ་བ་ཞིག་རེད། དེ་ནི་ཅིན་ཧྭ་ཏུང་ཧྲན་ཡིན་པ་དང་། ཞན་ཞ་ལིང་གི་ལྷག་རྩ་ཡིན། རི་ནི་མེ་གྲུབ་བྲག་རྡོ(བཙན་འཛུལ་བྲག་རྡོ)གིས་གྲུབ་པ་དང་། དེ་ནི་ལོ་ངོ་ཁྲི2500སྔོན་གྱི་ས་གཤིས་གསར་སྐྱེས་དུས་རབས་གསུམ་པའི་ས་གཞི་གས་ཆད་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པའི་ས་ཤུན་འགུལ་སྐྱོད—མེ་རི་དང་བྲག་ཞུན་ཡང་ཡང་འགུལ་སྐྱོད་བྱས་པའི་ཐོན་དངོས་ཡིན།

2_3 ནམ་ཟླའི་ཁྱད་ཆོས།

ཅིན་ཏུང་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད17℃ཡས་མས་ཡིན་པ་དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད29℃དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད4.8℃ཡས་མས་ཡིན། ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི1300-1400བར་ཡིན། སད་མེད་དུས་ཀྱི་ཉིན250ཡས་མས་དང་། ཉི་འོད་ཕོག་ཚད་ཆུ་ཚོད2028ཡིན། དུས་དང་བར་སྟོང་གི་ཁྱབ་ཚུལ་དོ་མི་མཉམ་པ་དང་། ས་ཁུལ་གྱི་ཁྱད་པར་ཅུང་ཆེ་བས། ཚད་མི་འདྲ་བའི་ཐན་ཞོད་དང་། སེར་བ། རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེ་འབྱུང་སྲིད།

2_4 ཆུ་དཔྱད་ཆ་རྐྱེན།

ཅིན་ཏུང་ཆུས་ནི་ཆན་ཐང་གཙང་པོའི་ཆུ་རྒྱུད་ཀྱི་ཁོངས་སུ་གཏོགས། དབྱི་ཝུའུ་ཅང་གཙང་པོ་ནི་ས་ཞིང་དམའ་ས་ནས་ས་ཁོངས་སུ་འབབ་པ་དང་། ཤར་ནས་ནུབ་བར་ཆུས་དང་དབུས་ཁུལ་དུ་རྒྱུག་པ་རེད། ལམ་རྒྱུད་དུ་མཁའ་འགྲུལ་ཚི་ཞི་དང་། ཞའོ་ཧྲུན་ཞི། ཏུང་ཞི། ཧྲན་ཧོ་ཞི། ཡན་ཞི། ཁྲི་སུང་ཞི་བཅས་ཀྱི་ཆུ་སྣ་རྣམས་བསྡུ་ལེན་བྱས་རྗེས། གྲོང་ཁྱེར་ནང་ལོགས་ཀྱི་ཡན་ཝེ་ཀྲོའུ་དང་ཅའོ་ཡན་ནས་ནང་དུ་བཞུར་བ་དང་། ལྷོ་ནུབ་ཀྱི་མཐའ་མཚམས་ནས་བྱང་དུ་རྒྱུག་པའི་ཝུའུ་དབྱི་ཅང་གཙང་པོར་འཛོམས་རྗེས་ཅིན་ཧྭ་ཅང་གཙང་པོ་ཞེས་འབོད་ལ། ཝུའུ་ཅང་གཙང་པོ་ཡང་ཟེར། ནུབ་ཕྱོགས་སུ་ཝུའུ་ཁྲེང་ཆུས་སུ་འབབ་པ་རེད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ཟླ12པའི་ཚེས31ཉིན་བར། ཅིན་ཏུང་ཆུས་ཁོངས་སུ་སྲང་ལམ2དང་། གྲོང་རྡལ8 ཡུལ་ཚོ1བཅས་ཡོད་པ་སྟེ། ཏུའོ་ཧུའུ་སྲང་ལམ་དང་ཏུང་ཞའོ་སྲང་ལམ་དང་། ཞའོ་ཧྲུན་གྲོང་རྡལ་དང་། ཧྥུ་ཀྲེན་གྲོང་རྡལ། ཚའོ་ཀྲའེ་གྲོང་རྡལ། ཁྲུའུ་ཕུའུ་གྲོང་རྡལ། ལིན་ཞ་གྲོང་རྡལ། ཅང་ཏུང་གྲོང་རྡལ། ཐང་ཡ་གྲོང་རྡལ། ཁྲི་སུང་གྲོང་རྡལ། ཡོན་ཏུང་ཡུལ་ཚོ་བཅས་སོ།།

4 ཆབ་སྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ལི་ཞུང་ཝེ།

ཆུས་ཀྲང་། ཁྲེན་ཧྥེང་ཆི། 

5 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐེམ་ཐོའི་དུད་ཚང་ཁྲི13.82ཟིན་པ་དང་། ཐེམ་ཐོའི་མི་འབོར་ཁྲི33.32ཟིན་པ་རེད། ཆ་སྙོམས་དུད་ཚང་རེར་མི་2.41ཡོད་པ་བཅས་རེད། ཆུས་ཡོངས་ཀྱི་གསར་སྐྱེས་མི་འབོར4774ཡོད་པ་དང་སྐྱེས་ཚད14.1‰ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར2266ཟིན་ནས་ཤི་ཚད6.9‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད7.2‰ཟིན་ཡོད། སྤྱི་ལོ2017ལོའི་མི་འབོར་འགྱུར་ལྡོག་གི་དཔེ་འཐེན་བརྟག་དཔྱད་ལ་གཞིགས་ན། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི36.15ཟིན་ཡོད་པ་རེད། གྲོང་རྡལ་ཅན་གྱི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད62.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.1མཐོ་རུ་ཕྱིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2017ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར185.94བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར14.18ཟིན་ནས0.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར87.76ཟིན་ནས7.1%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར84.00ཟིན་ནས4.8%འཕར་ཡོད། ཆུས་ཡོངས་ཀྱི་ཐེམ་ཐོའི་མི་འབོར་གྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར56208(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར8325ལ་ཕབ་རྩིས་བརྒྱབ་པ)ཟིན་ནས4.3%འཕར་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར51816(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར7676ཡིན་པ)ཟིན་ནས5.1%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མའི8.6:46.7:44.7ནས7.6:47.2:45.2བར་ལེགས་སྒྲིག་བྱས་ཡོད།

7 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོར་ཆུས་ཡོངས་ཀྱི་མངའ་ཁོངས་ནང་གི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ1143.24ཟིན་ཡོད། གཞུང་ལམ་སྟུག་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱ་རེར་སྤྱི་ལེ་175.59ཟིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རིམ་པ་མཐོ་བའི་གཞུང་ལམ་གྱི་སྟུག་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི35.62ཡིན་པ་དང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཆུས་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་། རྫོང་རིམ་པའི་གཞུང་ལམ། ཤང་རིམ་པའི་གཞུང་ལམ་བཅས་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར0.78བཏང་བ་དང་། གཞུང་ལམ་ཆེ་འབྲིང་ཉམས་གསོ་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར0.6བཏང་བ་རེད། གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར0.09བཏང་བ་དང་། གཞུང་ལམ་སྔོ་འགྱུར་ཐད་མ་དངུལ་སྒོར་དུང་ཕྱུར0.1བཏང་བ་བཅས་རེད། གཞུང་ལམ་གྱི་ཚེ་སྲོག་འགོག་སྲུང་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར0.21བཏང་བ་དང་། ཟམ་པ་བརྟན་གཏོང་དང་སྒྱུར་བཀོད་བྱས་པར་མ་དངུལ་སྒོར་དུང་ཕྱུར0.03བཏང་བ་དང་། གཞུང་ལམ་གྱི་རྒྱུན་གཏན་བདག་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར0.17བཏང་བ་བཅས་རེད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་ལས་དོན།

སྤྱི་ལོ2017ལོར་ཆུས་ཡོངས་སུ་ཞིང་ཆེན་རིམ་པའི་སློབ་གསོའི་སྟོབས་ཆེའི་གྲོང་རྡལ(ཡུལ་ཚོ་དང་སྲང་ལམ)11ཡོད་པ་དང་ཞིང་ཆེན་གྱི་སློབ་གསོའི་སྟོབས་ཆེའི་ཆུས་དང“རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་ཁུལ”གྲུབ་འབྲས་ཐོབ་པའི་ངང་གཏོད་པའི་རྨང་གཞིའི་ཐོག་ཞིང་ཆེན་སློབ་གསོ་ཐིང་གིས“སློབ་གསོའི་གཞི་རྩའི་དེང་རབས་ཅན་གྱི་ཁུལ”དུ་གཏན་འཁེལ་བྱས་པ་རེད། ཆུས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭ41ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ32953ཡོད། དེའི་ནང་སློབ་ཆུང25དང་སློབ་གྲྭར་ཡོད་པའི་སློབ་མ22577ཡོད་པ་དང་། དམའ་འབྲིང16དང་སློབ་གྲྭར་ཡོད་པའི་སློབ་མ10376ཡོད། ཆུས་ཡོངས་སུ་བུ་བཅོལ་ཁང86ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ15377ཡོད་པ་དང་ཆུས་ཡོངས་ཀྱི་སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད99.64%ཟིན་ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་གཏོང་ཚད100%ཟིན་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་ལོ་རན་པའི་ན་གཞོན་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་དུ་གཏོང་ཚད100%ཟིན་པ་དང། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་མཐོ་རིམ་སློབ་འབྲིང་དུམ་བུའི་སློབ་གྲྭར་འཕར་ཚད98.47%ཟིན་པ་དང་མཐོ་རིམ་སློབ་འབྲིང་སྤུས་དག་ཏུ་འཕར་ཚད་ཀྱིས་མཐོ་རིམ་སློབ་འབྲིང་དུམ་བུའི་སློབ་བསྡུའི་བསྡུར་ཚད94.95%ཟིན་ཡོད་པ་རེད། ཆུས་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་ཆེད་བསྐོས་དགེ་རྒན1886ཡོད་པ་དང་ཆེད་བསྐོས་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད100%ཟིན་ཡོད། བུ་བཅོལ་ཁང་གི་ཆེད་བསྐོས་དགེ་རྒན961ཡོད་པ་དང་བྱིས་པའི་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད100%ཟིན་ཡོད་པ་རེད། ཆུས་ཡོངས་སུ་འོས་འགན་སློབ་གསོ་ཚད་ལྡན་ཅན་གྱི་སློབ་གྲྭ39ཡོད་པ་དང་། ཚད་ལྡན་ཅན་གྱི་སློབ་གྲྭའི་བསྡུར་ཚད95.12%ཟིན་པ་དང་། འགྱིག་གི་ལུས་རྩལ་ར་བ39ཡོད་པ་དང་། འགྱིག་གི་ལུས་རྩལ་ར་བ་ཁྱབ་ཚད95.12%ཟིན་ཡོད།

8_2 ཚན་རྩལ་གསར་གཏོད།

ཆུས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་མ་དངུལ་སྒོར་ཁྲི1839.80ཟིན་ཡོད། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས10དང་། གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཁེ་ལས24 ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས12 གྲོང་ཁྱེར་གྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས18བཅས་གསར་དུ་གསོ་སྐྱོང་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས48གཏན་འཁེལ་བྱས་ཤིང་། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་རྣམ་གྲངས1གཏན་འཁེལ་བྱས་པ་དང་། གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས15དང་། ཁུལ་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས32ནང་བཅུག་ཡོད། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ལེགས་ཆ་ལྡན་པའི་ཁེ་ལས2ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་གྱི་ཁེ་བེད་བདག་ཐོབ་དཔེ་སྟོན་ཁེ་ལས2དང་། གྲོང་ཁྱེར་གྱི་ཁེ་བེད་བདག་ཐོབ་དཔེ་སྟོན་ཁེ་ལས7 ཆུས་ཀྱི་ཁེ་བེད་བདག་ཐོབ་དཔེ་སྟོན་ཁེ་ལས6བཅས་གཏན་འཁེལ་བྱས་པ་རེད། ཀྲུང་གོའི་ཕྱི་ངོས་ཇུས་འགོད་ཀྱི་ཕུལ་བྱུང་བྱ་དགའ1ཐོབ་པ་བཅས་རེད། ཞིང་ཆེན་ཞིང་ལས་ཚན་རྩལ་ཁེ་ལས1དང་། གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ཁེ་ལས3 གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས1བཅས་གཏན་འཁེལ་བྱས་པ་རེད། ཁེ་བེད་བདག་ཐོབ་རེ་ཞུ1415མང་དུ་བཏང་བའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ248ཡོད་པ་དང་། དབང་བཅོལ་ཁེ་བེད་བདག་ཐོབ877མང་དུ་བཏང་བའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་དབང་སྤྲོད་བྱེད་ཚད103ཡོད་པ་རེད། ཁེ་བེད་བདག་ཐོབ་གཏའ་འཇོག་བྱེད་ཚད་སྒོར་ཁྲི23593ཟིན་པ་དང་། ཚན་རྩལ་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་སྒོར་ཁྲི9610ཟིན་པ། གསར་གཏོད་འཛིན་ཤོག་སྒོར་ཁྲི137(ལྗོངས་རིམ་པ་དེ་གའི་སྒོར་ཁྲི་103)སྤྲད་པ་རེད། “འཛམ་གླིང་དངོས་མང་སྟོན་ཚོགས་གསུམ”གྱི་འདུ་འགོད་ལག་ལེན་བསྟར་ནས་རིམ་རྩིས་བྱས་ན་འབུམ་རམས་པ85ཅིན་ཏུང་གི“ཁེ་ལས་ལ་ཞུགས་པ་དང་། མཉམ་འབྲེལ་ཁེ་ལས། ཁེ་ལས་གཉེར་བ”བཅས་སུ་སླེབས་ཡོད་པ་རེད།

9 ཡུལ་སྐོར་ལྗོངས་རྒྱུ།

ཡུལ་སྐོར་ལྗོངས་རྒྱུའི་ས་གནས་གྲགས་ཅན་ལ་སེ་ཁྲོན་སྦལ་བའི་དགའ་ཚ་དང་སྙན་ངག་པ་ཨེ་ཆིན་གྱི་སྐུ་ཡུལ། ཏ་ཧྥོ་སི་དགོན་པ། ལིན་ཞ་ཕོ་དབྱང་སྲང་རྙིང་། ཕུའུ་ཐང་ཚུན་གནའ་བོའི་སྡེ་བ། ཀྲེ་ཅང་བར་རྒྱུད་ཀྱི་ཁམ་བུའི་མེ་ཏོག་གི་སྐྱེ་ཁམས་ལྗོངས་རྒྱུའི་ཁུལ་སོགས་མང་ངོ་།།


དཔྱད་གཞིའི་ཡིག་ཆ།