ཡིའུ་རྫོང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-03-10 14:58ལ་འགྲུབ།

ཡིའུ་རྫོང་།

ཡིའུ་རྫོང་།
ཡིའུ་རྫོང་ནི་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། དེ་ཧུའུ་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལུའོ་ཞའོ་རི་རྒྱུད་དཀྱིལ་ཁུལ་ཝུའུ་ཀུང་ཧྲན་གྱི་ནུབ་འདབས་སུ་གནས་ཡོད། ཤར་ཕྱོགས་སུ་ཅང་ཞིའི་ཕིན་ཞང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ནུབ་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ལུའུ་ཁོའུ་ཆུས་དང་ཧེང་ཏུང་རྫོང་བཅས་དང་འབྲེལ་བ་ཡོད། ལྷོ་ཁྲ་ལིན་རྫོང་དང་། ཨན་རེན་རྫོང་། བྱང་དུ་ལི་ལིན་གྲོང་ཁྱེར་དང་འབྲེལ་ཡོད། ཡིའུ་རྫོང་དུ་འགྲིམ་འགྲུལ་སྟབས་བདེ་བ་དང་། མངའ་ཁོངས་ནང་གི་ལྕགས་ལམ་གཙོ་བོ་ཅི་ཧེང་ལྕགས་ལམ་དང་། ལི་ཁྲ་ལྕགས་ལམ་སོགས་ཡོད་ཅིང་། དེར“ཧེང་ཏེན་དང་། ཐན་ཅིན་གྱི་སྒོ་མོ”ཞེས་འབོད་སྲོལ་ཡོད། ཡིའུ་རྫོང་སྤྱི་ལོ2013ལོའི་གྲོང་ཁྱེར་ཆུང་འབྲིང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཀྱི་རྫོང་དང་གྲོང་ཁྱེར500ཡི་གྲས་སུ་ཚུད་པ་དང་མིང་ཐོའི་ཁྲོད་ཨང217པར་སླེབས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
攸县
ཕྱི་ཡིག་གི་མིང་།
Youxian County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར།
ཁྱབས་ཁོངས།
གྲོང་བརྡལ13དང་ཁྲོམ་གཞུང4ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0731
སྦྲག་སྲིད་ཨང་རྟགས།
412300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2649ཡོད།
མི་གྲངས།
ཁྲི80.4ཡོད།
སྲིད་འཛིན་ཚབ་ཨང་།
430223
རླངས་འཁོར་ཚབ་ཨང་།
ཞང(湘)B
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་བརླན་གཤེར་ནམ་ཟླ།
1 ​ངོ་སྤྲོད།

ཡིའུ་རྫོང་ནི་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཡིན་ཞིང་། དེ་ཧུའུ་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལུའོ་ཞའོ་རི་རྒྱུད་དཀྱིལ་ཁུལ་ཝུའུ་ཀུང་ཧྲན་གྱི་ནུབ་འདབས་སུ་གནས་ཡོད། ཤར་ཕྱོགས་སུ་ཅང་ཞིའི་ཕིན་ཞང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ནུབ་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ལུའུ་ཁོའུ་ཆུས་དང་ཧེང་ཏུང་རྫོང་བཅས་དང་འབྲེལ་བ་ཡོད། ལྷོ་ཁྲ་ལིན་རྫོང་དང་། ཨན་རེན་རྫོང་། བྱང་དུ་ལི་ལིན་གྲོང་ཁྱེར་དང་འབྲེལ་ཡོད། ཡིའུ་རྫོང་དུ་འགྲིམ་འགྲུལ་སྟབས་བདེ་བ་དང་། མངའ་ཁོངས་ནང་གི་ལྕགས་ལམ་གཙོ་བོ་ཅི་ཧེང་ལྕགས་ལམ་དང་། ལི་ཁྲ་ལྕགས་ལམ་སོགས་ཡོད་ཅིང་། དེར“ཧེང་ཏེན་དང་། ཐན་ཅིན་གྱི་སྒོ་མོ”ཞེས་འབོད་སྲོལ་ཡོད། ཡིའུ་རྫོང་སྤྱི་ལོ2013ལོའི་གྲོང་ཁྱེར་ཆུང་འབྲིང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཀྱི་རྫོང་དང་གྲོང་ཁྱེར500ཡི་གྲས་སུ་ཚུད་པ་དང་མིང་ཐོའི་ཁྲོད་ཨང217པར་སླེབས་ཡོད་པ་རེད།      སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་འཛུགས་སྐྲུན་པུས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་མིང་བཏགས་པ་རེད།      སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱི《ཀྲུང་དབྱང་དྲིལ་བསྒྲགས་པུའི་ནོར་སྲིད་པུའི་རིག་གནས་དང་ཡུལ་སྐོར་པུའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི《གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡིའུ་རྫོང་གྲས་སུ་ཚུད་ཡོད་པ་རེད། 

2 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2017ལོ་བར་ཡིའུ་རྫོང་ཁོངས་ཀྱི་གྲོང་རྡལ13ཡོད་པ་སྟེ། ཧུའེ་ཧྲན་གྲོང་རྡལ་དང་། ཧོང་ཐུའུ་ལིང་གྲོང་རྡལ། ཡ་ཅང་ཆའོ་གྲོང་རྡལ། ཅིའུ་ཕུའུ་ཅང་གྲོང་རྡལ། ལུའུ་ཐེན་གྲོང་རྡལ། ཧྲི་དབྱང་ཐང་གྲོང་རྡལ། ཐའོ་ཧྲུའེ་གྲོང་རྡལ། ཧོང་ཧྥེང་ཆའོ་གྲོང་རྡལ། ཝང་ལིན་གྲོང་རྡལ། ཤིན་ཧྲི་གྲོང་རྡལ། ལེན་ཐང་ཨའོ་གྲོང་རྡལ། ཚའེ་ཧྭ་ཕིང་གྲོང་རྡལ། ཉིང་ཅ་ཕིང་གྲོང་རྡལ་བཅས་ཡིན་པ་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ4སྟེ་ཅང་ཆའོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་། ལན་ཤིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཐན་ཆའོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ཁྲུང་ལིན་མཉམ་འབྲེལ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་རེད། ཏུང་ཁྲེང་དུ་བཅའ་སྡོད་རྫོང་མི་དམངས་སྲིད་གཞུང་གི་ཁུལ་གསར(ཁྲུང་ལིན་མཉམ་འབྲེལ་ཁྲོམ་གཞུང)ཡིའུ་རྫོང་འཕེལ་རྒྱས་ལྟེ་གནས་ཡིན། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཡིའུ་རྫོང་ནི་ཧུའུ་ནན་གྱི་ཤར་རྒྱུད་དུ་གནས་པ་དང་། ལུའོ་ཞའོ་རི་རྒྱུད་དཀྱིལ་གྱི་ཝུའུ་ཀུང་ཧྲན་གྱི་ལྷོ་ནུབ་འདབས་སུ་གནས་པ་དང་། ཤར་ངོས་ཅང་ཤིས་ཕིང་ཤང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ཤིས་ལེན་ཀྲུའུ་ཀྲོའུ་གྲོང་ཁྱེར་ཆི་ཁོའུ་ཆུས་དང་ཧེང་ཏུང་རྫོང་བཅས་དང་འབྲེལ་ཡོད། ནུབ་ཁྲ་ལིན་རྫོང་དང་། ཨན་རེན་རྫོང་། བྱང་དུ་ལི་ལིན་གྲོང་ཁྱེར་དང་འབྲེལ་ཡོད། ས་ཁམས་ཀྱི་མཚོན་རྟགས་ནི་ཤར་གྱི་གཞུང་ཐིག113°09′09″ནས113°51′30″བར་དང་། འཕྲེད་ཐིག་བྱང་མའི26°46′34″ནས27°26′30″བར་ཡིན། 

3_2 ས་དབྱིབས།

རྫོང་དང་ཆུས་ཀྱི་ས་དབྱིབས་ཀྱི་ཁྱད་ཆོས་ནི། ཤར་ནུབ་ཕྱོགས་གཉིས་རི་ཚོགས་ཀྱིས་བསྐོར་བ་དང་རི་མ་ཐང་ཕན་ཚུན་འབྲེལ་ཞིང་། དབུས་རྒྱུད་ཀྱི་གནས་རི་དང་བདེ་ཐང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1404.9དང་དམའ་ཤོས་སྨི69ཡིན། ཤར་རྒྱུད་ནི་ཐའེ་ཧོ་ཞན་དང་ཕའོ་ཕའོ་ཡན་སོགས་ཀྲུང་ཧྲན་ལས་གྲུབ་པའི་རི་ཚོགས་ཤིག་ཡིན་པ་དང་། ས་བབ་ནི་ཤར་ནས་ནུབ་ཀྱི་ཀྲུང་ཧྲན་ནས་དམའ་རི་དང་རི་མ་ཐང་དུ་རིམ་འབེབས་བྱས་པ་དང་། ནུབ་ཕྱོགས་སུ་མིང་ཡུའེ་རི་བོ་དང་ཡན་ཞན་ལིན་གཉིས་མཐའ་མཚམས་སུ་ཆགས་ཡོད། ས་བབ་ནུབ་ནས་ཤར་གྱི་རི་ཆུང་ནས་རི་མ་ཐང་དང་སྒང་གི་ས་ཆར་མར་ཆགས་ཡོད་པ་དང་། དབུས་ཁུལ་དུ་ཆུ་དང་། བྱེ་ཆུ། གཙང་པོ། བྱང་བཅས་སུ་བགོས་ནས་ས་བབ་དམའ་བ་རེད། ཤར་དང་ནུབ་ཀྱི་ཕྱོགས་གཉིས་ནས་ཁ་གཏད་ཀྱི་གསེག་ངོས་གཉིས་གྲུབ། རྫོང་གི་མངའ་ཁོངས་སུ་གས་སྲུབས་མང་བས་ས་ངོས་དུམ་བུར་བཅད། གཙོ་བོ་ནི་ཆང་ཕེ་གཙང་པོའི་གས་སྲུབས་དང་། ཡང་པིན་གས་སྲུབས(ཡང་པིན་ནས་ཧྥེང་ཐ)ཧོང་ཧྥེང་ཟམ་པའི་གས་སྲུབས(ཝན་ཞིན་ནས་ཀྲའོ་ཚུན)ཀོང་ཧོང་གས་སྲུབས(ཧྲ་ཀྲོའུ་ནས་ཀོང་ཧོང)སོགས་ཡོད་པ་དང་། ཆང་ཧྥེ་གཙང་པོའི་གས་སྲུབས་ཆེ་ཤོས་ཡིན་པ་དང་། རིང་ཚད་སྤྱི་ལེ60ཟིན་པ། བར་ཐག་སྨི་བརྒྱ་ཕྲག་ནས་སྨི་སྟོང་ཕྲག་བར་བཅས་ཡོད། རྫོང་དེ་ཡོངས་ཀྱི་ཆ་སྙོམས་ཆུ་དྲ་དང་ཆུ་ཤུར་གཅོད་འབྲེག་བྱེད་ཚད་སྤྱི་ལེ་གྲུ་བཞི་མ་རེར་སྤྱི་ལེ0.84ཡིན་པ་དང་རི་འབུར་ས་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་རེར་སྤྱི་ལེ2ནས5བར་ཟིན་གྱིན་ཡོད། དེའི་ཕྱིར་གཙང་ཆུའི་བདེ་ཐང་ས་ཁུལ་ཕུད་སྤྱིར་བཏང་གི་རྨོ་ཞིང་ཅུང་ཁ་ཐོར་ཡིན། 

3_3 ནམ་ཟླ།

རྒྱལ་ནང་དུ་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། ཆར་ཆུ་མོད་པ། ས་རྒྱུ་གཤིན་པོ་ཡོད་པ། ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་གྱི་གནམ་གཤིས་རྒྱུན་ལྗང་དང་ལོ་འདབ་ཆེ་བའི་ནགས་རྒྱུད་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད17.8℃དང་། སད་མེད་དུས་ཉིན292དང་། ལོ་རེའི་ཆར་ཆུ་འབབ་ཚད1410mmཡས་མས་ཡིན། 

3_4 ཆུ་དཔྱད།

ཡིའུ་རྫོང་གི་ས་ཁོངས་སུ་མའེ་ཆུ་དང་ལུའུ་ཆུ་ཡི་ཆུ་རྒྱུད་ཆེན་པོ་གཉིས་ཡོད་ཅིང་། སྤྱིའི་མིང་ལ་ཞང་ཅང་གཙང་པོའི་ཆུ་རྒྱུད་ཟེར་ཞིང་། ཆུ་བོ་ཆེ་ཆུང་བསྡོམས102དང་སྤྱིའི་རིང་ཚད1150Kmཡོད་པ་དང་། ལོ་མང་པོའི་ཆ་སྙོམས་རྒྱུག་ཆུའི་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི811407.8ཟིན་ཡོད། ཆུ་གསོག་ལས་གྲྭ་ཆེ་འབྲིང་ཆུང་གསུམ22807ཡོད་པའི་ནངIIདབྱིབས་ཀྱི་ཆུ་མཛོད1(ཅིའུ་ཕུའུ་གཙང་པོའི་ཆུ་མཛོད)དང་། ཆུ་མཛོད་འབྲིང་གྲས2(ཕི་ཅ་རུའུ་ཆུ་མཛོད་དང་ཧོང་ཧྲ་ཟམ་པའི་ཆུ་མཛོད)དང་། IIདབྱིབས་ཀྱི་ཆུ་མཛོད19དང་། IIདབྱིབས་ཀྱི་ཆུ་མཛོད123ཧྲན་ཕིང་ཐང22662བཅས་ཡོད་པ་མ་ཟད། ཅིའུ་ཕུའུ་གཙང་པོའི་ཆུ་མཛོད་སྣེ་འདྲེན་དུ་བྱས་པའི་ཤར་ལྷོའི་ནུབ་བྱང་རྒྱུད་ཀྱི་ཆུ་རྐའི་མ་ལག་བཙུགས་ཡོད་པ་རེད། རྫོང་དེ་ཡོངས་ཀྱི་ཆུ་ཁོངས་རྒྱ་ཁྱོན་ཁྱོན་སྤྱི་ཆིང15031ཡོད་པའི་ནང་ཆུ་རྒྱུན་སྤྱི་ཆིང3077དང་། ཆུ་མཛོད་ཀྱི་ཆུ་ངོས་སྤྱི་ཆིང2540ས་དོང་གི་ཆུ་ངོས་སྤྱི་ཆིང6132གྲམ་ཐང་གི་ཆུ་ངོས་སྤྱི་ཆིང912ཆུ་ཡུར་གྱི་ཆུ་ངོས་སྤྱི་ཆིང2370བཅས་ཡོད་པ་རེད། 

4 རང་བྱུང་ཐོན་ཁུངས།
4_1 ས་ཞིང་ཐོན་ཁུངས།

རྫོང་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2648(སྔར་སྤྱི་ལེ་གྲུ་བཞི་མ2664.07ཡོད་པ་དང་། སྤྱི་ལོ2008ལོར་ཡིའུ་རྫོང་དུ་ས་ཞིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་བྱས་རྗེས། སྤྱི་ལེ་གྲུ་བཞི་མ2648ལ་བསྐྱར་དུ་ཚད་འཇལ་གཏན་འཁེལ་བྱས་ཡོད། ) རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང57028.59ཡོད་པ་དང་གཞི་རྩའི་ཞིང་ཁའི་རྒྱ་ཁྱོན་ལ་སྤྱི་ཆིང47446.03ཡོད། 

4_2 ནགས་ལས་ཐོན་ཁུངས།

ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི23.4དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི344.03ཟིན་པ་དང་ནགས་ཚལ་ཁྱབ་ཚད་ཀྱིས57.58%ཟིན་ཡོད།

4_3 གཏར་རྫས་ཐོན་ཁུངས།

ས་ཁོངས་ནང་གི་རྡོ་སོལ་འདུས་ཚད་སྤྱི་ལེ་གྲུ་བཞི་མ171.6ཟིན་པ་དང་། སྤྱི་ལོ2012ལོར་བར་ས་གཤིས་གསོག་ཚད་ཏུན་དུང་ཕྱུར4.3རྩད་ཆོད་པ་དང་། གཙོ་བོ་ཤང་གྲོང5ཡི་གྲོང་ཚོ28ལ་ཁྱབ་ཅིང་། ཁམ་ཆུ་དང་ཧོང་ལན་གྱི་གཏེར་ཁུལ་ཆེན་པོ་གཉིས་སུ་དབྱེ་བ་དང་རྡོ་སོལ་གཏེར་ཁ101ཡོད་པའི་ནང་ཞིང་ཆེན་ཁོངས་གཏོགས་ཀྱི་རྡོ་སོལ་གཏེར་ཁ2དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་རྡོ་སོལ་གཏེར་ཁ2ཤང་གྲོང་གི་རྡོ་སོལ་གཏེར་ཁ97བཅས་ཡོད་པ་རེད། རྒྱལ་ཡོངས་ཀྱི་རྡོ་སོལ་ཐོན་ཁུལ་གཙོ་བོའི་རྫོང་དང་ཚོང་ཟོག་རྡོ་སོལ་རྟེན་གཞི་རྫོང100ཡི་གྲས་ཤིག་ཡིན། 

5 མི་འབོར།

སྤྱི་ལོ2017ལོར་ཡིའུ་རྫོང་གི་ཐེམ་ཐོའི་མི་གྲངས་བསྡོམས་འབོར817256ཟིན་ཡོད། དེའི་ནང་མོ404831དང་ཕོ412435ཡོད། མི་འབོར་སྐྱེ་ཚད11.04‰དང་ཤི་ཚད18.85‰དང་རང་བྱུང་འཕར་ཚད7.81‰ཆག་ཡོད། རྒྱུན་སྡོད་མི་འབོར་ཁྲི66.26ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི38.73དང་། གྲོང་གསེབ་ཀྱི་མི་འབོར་ཁྲི27.53གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད58.5%ཟིན་ནས་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས2འཕར་ཡོད། 

6 འགྲིམ་འགྲུལ།

རྒྱལ་ལམ106དང་། ཅི་ཧེང་ལྕགས་ལམ། ལི་ཁྲ་ལྕགས་ལམ། ཡུའེ་རུའུ་མྱུར་བགྲོད་གཞུང་ལམ། ཧེང་ཡན་མྱུར་བགྲོད་གཞུང་ལམ་དང་། ཞིང་ཆེན་ལམ་གྱིS212དངS315ཨན་ཧུའེ་ཐུང་འབྲེལ་མཐུད་ལམ་ཐིག་སོགས་རྫོང་དང་ཤང་གི་གཞུང་ལམ་འཕྲེད་གཞུང་དུ་བསྣོལ་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། ཤང་ཚང་མར་སྣུམ་ལམ་ཤར་གཏོང་ཐུབ་པ། གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པ། མི་རེར་ཆ་སྙོམས་གཞུང་ལམ་གྱི་ཨང་རིམ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2017ལོར་ཡིའུ་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ151ཡོད་པ་རེད། དགེ་རྒན་དང་ལས་བཟོ་པ4896ཡོད་པའི་ནང་ཆེད་བསྐོས་དགེ་རྒན3860ཡོད། སློབ་གྲྭར་ཡོད་པའི་སློབ་མ86369ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཞུགས་སློབ་མ13990དང་། ལས་རིགས་མཐོ་རིམ་སློབ་གྲྭའི་སློབ་ཞུགས་སློབ་མ2169དམའ་རིམ་སློབ་འབྲིང་གི་སློབ་ཞུགས་སློབ་མ21272སློབ་ཆུང་གི་སློབ་ཞུགས་སློབ་མ48938བཅས་ཡོད། བུ་བཅོལ་ཁང159 ཡོད། ལོ་ཧྲིལ་པོར་སློབ་འབྲིང་དཀྱུས་མར་ཁྱོན་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ3845ཡོད། རྫོང་དེ་ཡོངས་ཀྱི་མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད་ཀྱིས97.74%ཟིན་ཡོད། 

7_2 ཚན་རྩལ།

སྤྱི་ལོ2017ལོར་ཡིའུ་རྫོང་དུ་ཁྱོན་ཚན་རྩལ་སྒྲིག་གཞི2ཡོད་པ་དང་། ཁེ་བེད་བདག་ཐོབ་འདུན་ཞུའི་གྲངས་འབོར404དང་། ཁེ་བེད་བདག་ཐོབ་ཀྱི་དབང་བསྐུར་གྲངས་འབོར115ཡོད་པ། གྲུབ་འབྲས་གཞན་སྒྱུར45བྱས་པ། ས་གནས་ནོར་སྲིད་ཀྱི་ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི3142ཡོད། 

7_3 རིག་གནས།

སྤྱི་ལོ2017ལོར་ཡིའུ་རྫོང་དུ་སྤྱི་པའི་རིག་གནས་ཁང8ཡོད་པའི་ནང་སྤྱི་པའི་རིག་གནས་ཁང1དང་། སྤྱི་པའི་དཔེ་མཛོད་ཁང1དངོས་མང་བཤམས་སྟོན་ཁང1གློག་བརྙན་ཟློས་གར་ཁང1ཐན་ཀྲེན་ལིན་རྗེས་དྲན་ཁང་དང་། ཧྲི་ཧྲན་དཔེ་ཁང་། ཝུན་ཁྲང་ཀོ། ཞང་ཀན་ཡིའུ་རྫོང་སུའུ་ཝེ་ཨེད་ས་ཁུལ་གྱི་གསར་བརྗེའི་ལོ་རྒྱུས་རྗེས་དྲན་ཁང་བཅས་ཡོད། ཤང་གྲོང(ཁྲོམ་གཞུང)ཕྱོགས་བསྡུས་རིག་གནས་ས་ཚིགས17དང་། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས246ཞིང་དུད་དཔེ་དེབ་ཁང304གྲོང་གསེབ་ཀྱི་གར་སྟེགས་ཆེན་པོ103བཅས་ཡོད་པ་དང་སྤྱི་པའི་རིག་གནས་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི198.3035ཡོད་པ་དང་མི་རེའི་ཆ་སྙོམས་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ3.0ཟིན་ཡོད་པ་རེད། རྫོང་ཡོངས་སུ་རྣམ་གྲངས་རྐྱང་པའི་ལུས་རྩལ་མཐུན་ཚོགས18དང་། ལུས་རྩལ་མཛུབ་ཁྲིད་ས་ཚིགས(ས་ཚིགས)35ལུས་རྩལ་ལུས་སྦྱོང་འདུ་ཚོགས་བཅས་ཀྱི་སྤྱི་པའི་ལུས་རྩལ་གྱི་ལག་བསྟར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི91.841ཡོད། 

7_4 འཕྲོད་བསྟེན།

སྤྱི་ལོ2017ལོར་ཡིའུ་རྫོང་དུ་ཁྱོན་རིམ་པ་མི་འདྲ་བའི་འཕྲོད་བསྟེན་སྒྲིག་གཞི571ཡོད་པ་དང་། དངོས་ཡོད་ཉལ་ཁྲི3658ཡོད། མི་སྟོང་རེར་ཉལ་ཁྲི5.16ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ3402ཡོད་པ་བཅས་རེད། ལོ་ལྔ་མན་གྱི་བྱིས་པའི་ཤི་ཚད4.91%དང་། སྦྲུམ་མ་འཆི་ཚད9.82/ཁྲི10“འགོག་ཁབ་ལྔ”འགོག་སྨན་རྒྱག་ཚད་ཀྱིས95%ཟིན་པ་དེ་སྲིད་ཇུས་ལྟར་ཕྲུ་གུ་སྐྱེ་ཚད་ཀྱི97.07%དང་མཐུན། མངལ་མ་ཆགས་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་བྱེད་མཁན12100བཅས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཕྲོད་བསྟེན། དཔལ་འབྱོར།