པེ་ཨན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-16 10:23ལ་འགྲུབ།

པེ་ཨན་གྲོང་ཁྱེར།

པེ་ཨན་གྲོང་ཁྱེར།
པེ་ཨན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧེ་ཧུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་། ཞིན་ཨན་ལིང་ཆུང་བའི་ནུབ་ཀྱི་ལྷོ་འདབས་སུ་ཆགས་ཡོད་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག126°16′ནས127°53′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག47°35′ནས48°33'བར་ཡིན། གྲོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7149ཡོད། པེ་ཨན་གྲོང་ཁྱེར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དཔྱིད་དུས་དྲོད་འཕར་མགྱོགས་ལ་རླུང་དང་ཐན་པ་ཆེ་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་དྲོད་ཚད་མྱུར་དུ་ཆག་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དགུན་དུས་གྲང་རྒྱུན་མང་ལ། གྲང་འཁྱག་སྐམ་ཤས་ཆེ། སྤྱི་ལོ2017ལོའི་བར་པེ་ཨན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང6དང་། ཡུལ་ཚོ4 གྲོང་རྡལ5བཅས་ཡོད་པ་དང་། གྲོང་ཁྱེར་སྲིད་གཞུང་ནི་ཐེ་ཞི་ཁྲོམ་གཞུང་ཝུའུ་ཡུས་ཨེར་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི42.5ཟིན་པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北安市
ཕྱི་ཡིག་གི་མིང་།
Beian City
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིན་ཆེན་ཧེ་ཧུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང6 གྲོང་རྡལ5 ཡུལ་ཚོ4
སྲིད་གཞུང་གནས་ཡུལ།
ཐིའེ་ཞི་ཁྲོམ་གཞུང་ཝུའུ་ཡུའུ་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0456
སྦྲག་སྲིད་ཨང་རྟགས།
164000
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་ཞིང་ཨན་ལིང་ཆུང་བའི་ལྷ་འདབས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7149ཡོད།
མི་གྲངས།
ཁྲི42.5ཡོད།
གནམ་གཤིས།
གྲང་བར་ཆེ་བའི་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཝུའུ་ཏ་ལེན་ཁྲི་ཏུ་ཏའོ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
པེ་ཨན་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)N
སྲིད་འཛིན་ཚབ་ཨང་།
231181
1 ངོ་སྤྲོད།

པེ་ཨན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧེ་ཧུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་བྱང་རྒྱུད་དང་། ཞིན་ཨན་ལིང་ཆུང་བའི་ནུབ་ཀྱི་ལྷོ་འདབས་སུ་ཆགས་ཡོད་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག126°16′ནས127°53′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག47°35′ནས48°33'བར་ཡིན། གྲོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7149ཡོད། པེ་ཨན་གྲོང་ཁྱེར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དཔྱིད་དུས་དྲོད་འཕར་མགྱོགས་ལ་རླུང་དང་ཐན་པ་ཆེ་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་དྲོད་ཚད་མྱུར་དུ་ཆག་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དགུན་དུས་གྲང་རྒྱུན་མང་ལ། གྲང་འཁྱག་སྐམ་ཤས་ཆེ། སྤྱི་ལོ2017ལོའི་བར་པེ་ཨན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང6དང་། ཡུལ་ཚོ4 གྲོང་རྡལ5བཅས་ཡོད་པ་དང་། གྲོང་ཁྱེར་སྲིད་གཞུང་ནི་ཐེ་ཞི་ཁྲོམ་གཞུང་ཝུའུ་ཡུས་ཨེར་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི42.5ཟིན་པ།

སྤྱི་ལོ2017ལོར་པེ་ཨན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར118.1ཟིན་པ་དེ་སྤྱི་ལོ2016ལོ་ལས6.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར36.2ཟིན་ནས7.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར23.6ཟིན་ནས4.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི58.3ཟིན་ནས6.5%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1956ལོ་ནས་སྤྱི་ལོ1957ལོ་བར་སུའེ་ཧྭ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་ཚུད།      

སྤྱི་ལོ1958ལོ་ནས་སྤྱི་ལོ1959ལོ་བར་ནེན་ཅང་ས་ཁུལ་གྱི་མངའ་འོག་ཏུ་ཚུད།      

སྤྱི་ལོ1960ལོ་ནས་བཟུང་ཧེ་ཧུ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་དང་ཧེ་ཧུ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས། དེའི་རིང་པེ་ཨན་རྫོང་གཉིས་གྲོང་ཁྱེར་དུ་བསྒྱུར་ཞིང་། སྤྱི་ལོ1960ལོར་གྲོང་ཁྱེར་བཙུགས་པ་དང་། སྤྱི་ལོ1963ལོར་གྲོང་ཁྱེར་དུ་ཕྱིར་འཐེན་བྱས་ཏེ་པེ་ཨན་རྫོང་དང་ཏེ་ཏུའུ་རྫོང་གཉིས་སུ་བགོས། 

སྤྱི་ལོ1983ལོའི་ཟླ5པའི་ཚེས18ཉིན་པེ་ཨན་གྲོང་ཁྱེར(རྫོང་རིམ་པ)སླར་གསོ་བྱས།      

སྤྱི་ལོ1988ལོ་ནས་སྤྱི་ལོ1991ལོའི་བར་ཞིང་ཆེན་ནོར་སྲིད་ཀྱི་ལོགས་སུ་གྲོང་ཁྱེར་བསྐྲུན།     

སྤྱི་ལོ1991ལོར“ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་འཆར་འགོད”ཀྱིས་པེ་ཨན་དེ“རིམ་པ་གཉིས་པའི་མདའ་སྐུད”ཀྱི་གྲོང་ཁྱེར་ཏེ་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དུ་བཅུག     

སྤྱི་ལོ1993ལོ་ནས་སྤྱི་ལོ1997ལོ་བར་ཞིང་ཆེན་གྱི་འཆར་གཞི་ལོགས་བཀོད་གྲོང་ཁྱེར་ཡིན།     

སྤྱི་ལོ1997ལོར་འཆར་གཞི་ལོགས་བཀོད་གྲོང་ཁྱེར་མེད་པར་བཟོས་པ། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོ་བར་པེ་ཨན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང6ཡོད་པ་སྟེ། ཀྲའོ་ལིན་ཁྲོམ་གཞུང་དང་། ཧུ་ཕིང་ཁྲོམ་གཞུང་། པེ་ཀང་ཁྲོམ་གཞུང་། ཆིང་ཧྭ་ཁྲོམ་གཞུང་། ཐེ་ཞི་ཁྲོམ་གཞུང་། ཐེ་ནན་ཁྲོམ་གཞུང་བཅས་ཡིན། ཡུལ་ཚོ་བཞི་ནི་ཁྲེང་ཅའོ་ཡུལ་ཚོ་དང་། ཏུང་ཧྲེང་ཡུལ་ཚོ། དབྱང་ཅ་ཡུལ་ཚོ། ཀྲུའུ་ཞིང་ཡུལ་ཚོ་བཅས་ཡིན། གྲོང་རྡལ5ནི་ཐུང་པེ་ཀྲེན་དང་། ཀྲའོ་ཀོང་གྲོང་རྡལ། ཧའེ་ཤིང་གྲོང་རྡལ། ཧྲི་ཆོན་གྲོང་རྡལ། ཨར་ཅིང་གྲོང་རྡལ་བཅས་དང་ཡིན། ཞིང་ནགས་འབྲོག་ར10ཡོད་པ་སྟེ། ཐུང་པེ་ནགས་ལས་ཅུས་དང་། པེ་ཨན་དོ་དམ་ཅུས་ཀྱི་ཐད་གཏོགས་ཞིང་ར། ཁྲང་ཧྲུའེ་ཧོ་ཞིང་ར། ཀྲའོ་ཀོང་ཞིང་ར། ཧུང་ཤིང་ཞིང་ར། ཅན་ཧྲེ་ཞིང་ར་བཅས་དང་དེ་བཞིན་སྲིད་འཛིན་གྲོང་ཚོ62དང་རང་བྱུང་གྲོང་ཚོ397བཅས་ཡོད། པེ་ཨན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཐེ་ཞི་སྲང་ལམ་ཝུའུ་ཡུས་ཨར་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

པེ་ཨན་གྲོང་ཁྱེར་ནི་ཧ་ཨེར་པིན་དང་། ཆི་ཆི་ཧ་ཨེར། ཧེ་ཧུ་གྲོང་ཁྱེར་བཅས་གྲོང་ཁྱེར་གསུམ་གྱི་ཟུར་གསུམ་ལྟེ་གནས་སུ་གནས་པ་དང་གྲོང་ཁུལ་དེ་གྲོང་ཁྱེར་ཡོངས་ཀྱི་ནུབ་བྱང་རྒྱུད་དུ་གནས་ཡོད། པེ་ཨན་གྲོང་ཁྱེར་ནི་ཤར་ཕྱོགས་ཀྱི་གཞུང་ཐིག126°16′ནས127°53′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག47°35′ནས48°33'བར་ཡིན། ཧེ་ཧུ་གྲོང་ཁྱེར་གྱི་ལྷོ་རྒྱུད་ཀྱི་ཞིང་ཨན་ལིང་ཆུང་བའི་ལྷོ་ནུབ་འདབས་སུ་ཡོད། དེ་ནི་སུང་ནེན་བདེ་ཐང་གི་མཐའ་ཁུལ་དུ་གཏོགས། ཤར་ནི་ཤུན་ཁེ་རྫོང་དང་སུའེ་ལིང་རྫོང་དང་འབྲེལ་བ། ལྷོ་ནི་ཐུང་ཁེན་གཙང་པོ་དང་ཧའེ་ལུན་གྲོང་ཁྱེར་གཉིས་ཀྱི་ས་མཚམས་ཡིན་པ་དང་། ནུབ་ནི་པའེ་ཆོན་རྫོང་དང་ཁེ་ཏུང་རྫོང་དང་འབྲེལ་བ། བྱང་ནི་ཝུའུ་ཏ་ལེན་ཁྲེ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། པེ་ཨན་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ7149ཡོད། 

5 གནམ་གཤིས།

པེ་ཨན་གྲོང་ཁྱེར་ནི་འཕྲེད་ཐིག་འབྲིང་མཐོ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ས་ཁོངས་ནང་གི་རྙོག་འཛིང་ཆེ་བའི་ས་དབྱིབས་དང་ས་བབ་ཀྱི་ཤུགས་རྐྱེན་ཐེབས་པས། ས་ཁོངས་བར་གྱི་གནམ་གཤིས་ཀྱི་ཁྱད་པར་ཅུང་ཆེ། དཔྱིད་འགོ་དང་སྟོན་མཇུག དགུན་ཁ་བཅས་སུ་ཞི་པོ་ལི་ཡའི་གྲང་ངར་ཆེ་བའི་མཐོ་གནོན་གྱིས་ཚོད་འཛིན་བྱེད་ཅིང་། བྱང་ལ་རླུང་ཕྱོགས་མང་བ་དང་། ཆར་ཆུ་འབབ་ཚད་ཉུང་བ། མཁའ་རླུང་སྐམ་ཤས་ཆེ་བ། གནམ་གཤིས་གྲང་ངར་ཆེ་བ། དཔྱིད་མཇུག་དང་། དབྱར་ཁ། སྟོན་མགོ་བཅས་ལ་ལྷོ་ཕྱོགས་ཀྱི་མཁའ་རླུང་དྲོན་མོ་དང་སོག་པོའི་དམའ་གནོན་གྱི་ཤུགས་རྐྱེན་ཐེབས་ནས་ལྷོ་རླུང་དང་། རླུང་གི་དྲོད་ཚད། ཆར་ཆུ་མང་ལ་གཅིག་སྡུད་ཆེ་བ། མཁའ་རླུང་བརླན་གཤེར་ཆེ་བ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད-0.6~1.0℃ཡིན་པ་དང་། ཆེས་དམའ་བའི་ཐལ་དྲགས་པའི་དྲོད་ཚད-42℃དང་། ཆེས་མཐོ་བའི་དྲོད་ཚད38.7℃(སྤྱི་ལོ2001ལོའི་ཟླ6པའི་ཚེས25ཉིན)ཡིན། སད་མེད་དུས་ནི་ཉིན89~139བར་ཡིན་ལ། ལོ་ཧྲིལ་བོའི་ཆ་སྙོམས་ཉི་འོད་ཆུ་ཚོད2518.8ཡིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི358.8~773.8བར་ཡིན། དུས་བཞིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི། དཔྱིད་དུས་ཀྱི་དྲོད་ཚད་མངོན་གསལ་དོད་ལ་རླུང་དང་ཐན་པ་ཆེ་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། ཆར་བ་དུས་ཚིགས་གཅིག་པ། སྟོན་དུས་དྲོད་ཚད་མྱུར་དུ་ཆག་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དགུན་དུས་གྲང་རྒྱུན་མང་། གྲང་འཁྱག་སྐམ་ཤས་ཆེ་བ་བཅས་ཡིན། 

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི42.5ཡོད་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི26.0དང་། གྲོང་གསེབ་ཀྱི་མི་འབོར་ཁྲི16.5མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི61.18%ཟིན་ཡོད། སྤྱི་ལོ2017ལོའི་ལོ་ཧྲིལ་པོར་པེ་ཨན་གྲོང་ཁྱེར་དུ་གསར་སྐྱེས་མི་འབོར་2053ཡོད་པ་དང་། ཤི་རྨས་མི་འབོར7726ཡོད་པ། མི་འབོར་རང་བཞིན་གྱི་འཕར་ཚད་ཀྱི13.2‰3བཅས་ཡོད།

པེ་ཨན་གྲོང་ཁྱེར་གྱི་མངའ་ཁོངས་སུ་མན་ཇུ་རིགས་དང་ཏ་ཝོར་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས། ཨོ་ཝུན་ཁེ་རིགས་སོགས་གྲངས་ཉུང་མི་རིགས28ཡོད་ཅིང་། མི་གྲངས་བསྡོམས་འབོར12771ཡོད། གྲོང་ཁྱེར་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི3%ཟིན། གྲངས་ཉུང་མི་རིགས་ཀྱི་ཞང་གཅིག་དང་མི་རིགས་ཀྱི་གྲོང་ཚོ5ཡོད།

7 དཔལ་འབྱོར།

སྤྱི་ལོ2017ལོར་པེ་ཨན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར118.1ཟིན་པ་དེ་སྤྱི་ལོ2016ལོ་ལས6.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར36.2ཟིན་པ་དེ་སྤྱི་ལོ2016ལོ་ལས7.9%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི39.3%ཟིན་པ། དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས2.6འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར23.6ཟིན་ནས4.7%འཕར་བ་དེས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི15.1%ཟིན་ནས་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས1.0ལ་སྐུལ་ཁྲིད་ཐུབ་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི་58.3ཟིན་པ་དེ་སྤྱི་ལོ2016ལོ་ལས6.5%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི45.6%ཟིན་པ། དཔལ་འབྱོར་འཕར་ཚད་ཀྱི3.0%ཟིན་པ་བཅས་རེད། ཐོན་ལས་གསུམ་པའི་བསྡུར་ཚད་ཀྱི30.7%:20.0%:49.3%ཡིན་པ་དེ་སྤྱི་ལོ2016ལོའི་དུས་མཚུངས་དང་བསྡུར་ན1.1%ཆག་པ་དང0.8%ཆག་པ། 1.8%འཕར་བ་བཅས་ཡིན།      སྤྱི་ལོ2017ལོར་པེ་ཨན་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར82.4ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས5.0%འཕར་བ་དང་། དེའི་ནང་ཐོན་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར25.2བཏང་བ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི30.5%བཟུང་བ་དང་། བཟོ་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར14.1བཏང་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་གྱི17.1%བཟུང་ཡོད།      སྤྱི་ལོ2017ལོར་པེ་ཨན་གྲོང་ཁྱེར་གྱི་ཨར་ལས་རྣམ་གྲངས167ཡོད་པའི་ནང་ཐོན་ལས་རྣམ་གྲངས29དང་། བཟོ་ལས་རྣམ་གྲངས33བཅས་ཡོད། ལོ་ཧྲིལ་པོའི་ནོར་སྲིད་ཀྱི་ཁྱབ་ཆེའི་ཡོང་འབབ་སྒོར་དུང་ཕྱུར8.3ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས7.7%ཆག་པ་དང་། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.9ལེགས་གྲུབ་བྱུང་བ་དེ3.5%ཆག་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར41.4ཟིན་ནས36.0%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར177.4ཟིན་ནས3.3%འཕར་བ། དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར265.2ཟིན་ནས1.2%ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ།

སྤྱི་ལོ2014ལོའི་བར་པེ་ཨན་གྲོང་ཁྱེར་དུ་སློབ་གྲྭ་ཆུང་འབྲིང46(ས་རྒོད་གསར་སྦོལ་དང་ནགས་ཚལ་བཟོ་ལས་ཁོངས་གཏོགས་ཚུད་པ)ཡོད་པ་དང་། དེའི་ནང་སློབ་ཆུང25དང་། དམའ་རིམ་སློབ་འབྲིང5 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ8 ཆ་ཚང་སློབ་འབྲིང4 མཐོ་རིམ་སློབ་འབྲིང4བཅས་ཡོད། གཞན་ཡང་ད་དུང་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས1དང་། གཞུང་བཙུགས་བུ་བཅོལ་ཁང1 དམིགས་བསལ་སློབ་གསོའི་སློབ་གྲྭ1 གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས1 ལས་རིགས་སློབ་གསོའི་ལྟེ་གནས1བཅས་ཡོད།      སྤྱི་ལོ2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ1832བསྡུས་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ5356ཡོད། དམའ་རིམ་སློབ་འབྲིང་དཀྱུས་མར་སློབ་མ2262བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ7002ཡོད། སློབ་ཆུང་དཀྱུས་མར་སློབ་མ1581བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ10653ཡོད། བུ་བཅོལ་ཁང་དུ་བུ་བཅོལ་ཁང་དུ་བྱིས་པ1977ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ4715ཡོད་པ། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ340དང་། སློབ་གྲྭར་ཡོད་པའི་སློབ་མ781སློབ་ཐོན་སློབ་མ124བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་མ8 སློབ་གྲྭར་ཡོད་མུས་ཀྱི་སློབ་མ131 སློབ་ཐོན་སློབ་མ4བཅས་ཡོད།

8_2 རིག་གནས།

སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་གྲོང་ཁྱེར་དུ་སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་ཁྱོན་དེབ་ཁྲི6.4དང་། རྟེན་རྫས་བཤམས་མཛོད་ཁང3རིན་མི་དགོས་པར་མི་ཁྲི10ལ་སྣེ་ལེན་ཞུས་པ། མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང1 སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི2.1དང་། གློག་བརྙན་ཁང2 ཁྱོན་གློག་བརྙན120དང་ལྟད་མོ་བ་ཁྲི22.1བཅས་ཡོད།

8_3 ལུས་རྩལ།

སྤྱི་ལོ1985ལོ་ནས་བཟུང་པེ་ཨན་གྲོང་ཁྱེར་ནོར་སྲིད་ཀྱིས་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་ལུས་རྩལ་པར་ཁྱོན་བྱ་དགའ80ཐོབ་པའི་ནང་ཞིང་ཆེན་རིམ་པའི་བྱ་དགའ9ཡོད་པ་དང་། རྒྱལ་ཁབ་རིམ་པའི་རྐང་གསུམ། རྒྱལ་སྤྱིའི་རིམ་པའི་རྐང་གཉིས།    པེ་ཨན་འཁྱགས་འདྲེད་སྤོ་ལོ་ཁང་ནི་སྤྱི་ལོ2020ལོའི་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་སྤྱིའི་འཁྱགས་འདྲེད་སྤོ་ལོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་རྫོང་རིམ་པའི་འཁྱགས་འདྲེད་སྤོ་ལོ་ཁང་ཡིན། འཁྱགས་འདྲེད་སྤོ་ལོ་ཁང་ལ་འཁྱགས་འདྲེད་སྤོ་ལོ་རྒྱག་ས་དང་། ལྟད་མོ་བའི་གཟིགས་སྟེགས་ཁུལ། ས་འོག་མདའ་འཕེན་ས་སོགས་ཀྱི་ནུས་པའི་ས་ཁོངས་དབྱེ་ཡོད། 

8_4 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་པེ་ཨན་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི120དང་། ཉལ་ཁྲིའི་གྲངས་ཀ2930 འཕྲོད་བསྟེན་ལག་རྩལ་མི་སྣ3878བཅས་ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ1349དང་སྨན་གཡོག1532ཐོ་འགོད་བྱས། སྨན་བཅོས་སྒྲིག་གཞིས་མི་ཐེངས་ཁྲི91.6ལ་ནད་བརྟག་སྨན་བཅོས་བྱས།

9 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་པེ་ཨན་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར8.9བཏང་ནས་དམངས་ཕན་བྱ་བ་དངོས30ལག་བསྟར་བྱས་པས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཁག་གཅིག་ཐག་གཅོད་ཡག་པོ་ཐུབ་ཡོད། གནད་སྨིན་དབུལ་སྐྱོར་གྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི2490དོན་འཁྱོལ་བྱས་པ་དང་། དབུལ་སྐྱོར་འབོར་ཉུང་དངུལ་བུན་སྒོར་ཁྲི8706སྤྲད་པ། གྲོང་ཚོ་དབུལ་པོ3ཕྱིར་འདོན་བྱས་པ། དུད་ཚང1085ཡི་མི1806དབུལ་སྒྲོལ་ཐུབ་ཡོད། སྤྱི་ཚོགས་འགན་སྲུང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི2827.8སྤྲད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་ཁང་དུ་སྡོད་པའི་སྨན་རིན་སྒོར་ཁྲི9251ཟིན་པ། ཁེ་ལས་ཀྱི་རྒན་གསོའི་དངུལ་སྒོར་ཁྲི82339ཟིན་པ། སྤྱི་ཚོགས་འགན་བཅོལ་ཁ་གསབ་སྒོར་ཁྲི1200ཟིན་པ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་སྒོར་ཁྲི253.5ཟིན་པ། མཐོ་རྒྱུགས་སློབ་མ་དབུལ་པོའི་སློབ་ཞུགས་རོགས་དངུལ་སྒོར་ཁྲི46.4ཟིན་ཡོད། གཏོང་སྒོའི་མ་དངུལ་སྒོར་ཁྲི669བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་། འགན་ལེན་ལྔའི་དུད་ཚང་། གཟིགས་སྐྱོང་དུད་ཚང་བཅས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་གྲངས་ཚང་རོགས་སྐྱོར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་མཇུག་རྩིས་བརྒྱབ་ཚད་ཀྱི3%ཟིན་ཡོད། 


དཔྱད་གཞིའི་ཡིག་ཆ།