ཨའེ་ཧུའེ་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-16 10:23ལ་འགྲུབ།

ཨའེ་ཧུའེ་ཆུས།

ཨའེ་ཧུའེ་ཆུས།
ཨའེ་ཧུའེ་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཧུ་གྲོང་ཁྱེར་ལ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཞིང་ཨན་ལིང་ཆུང་བའི་བྱང་ངོས་སུ་གནས་ཡོད། ཧེ་ཧུ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན་པ་དང་ཧེ་ཧུ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྨན་བཅོས་བཅས་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། མངའ་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14446ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ3 ཡུལ་ཚོ8བཅས་ཡོད་པ་དང་། མངའ་ཁོངས་སུ་གཞུང་ཁོངས་ཞིང་ནགས་འབྲོག་ར16ཡོད་པ་དང་། སྤྱིའི་མི་འབོར་ཁྲི19.7ཡོད་པ། རྒྱ་རིགས་དང་། མན་ཇུ། ཏ་ཝོར། ཨོ་ལུན་ཁྲུན་སོགས་མི་རིགས26ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱辉区
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིན་ཆེན་ཧེ་ཧུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང4 གྲོང་རྡལ3 ཡུལ་ཚོ8
སྲིད་གཞུང་གནས་ཡུལ།
ཞིང་ཨན་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0456
སྦྲག་སྲིད་ཨང་རྟགས།
164300
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧེ་ཧུ་གྲོང་ཁྱེར་གྱི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ14446ཡོད།
མི་གྲངས།
ཁྲི19.7ཡོད།
གནམ་གཤིས།
གྲང་བར་ཆེ་བའི་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧེ་ཧུ་ཨའེ་ཧུའེ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཧེ་ཧུ་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)N
སྲིད་འཛིན་ཚབ་ཨང་།
231102
1 ངོ་སྤྲོད།

ཨའེ་ཧུའེ་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཧུ་གྲོང་ཁྱེར་ལ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཞིང་ཨན་ལིང་ཆུང་བའི་བྱང་ངོས་སུ་གནས་ཡོད། ཧེ་ཧུ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན་པ་དང་ཧེ་ཧུ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྨན་བཅོས་བཅས་ཀྱི་ལྟེ་གནས་ཤིག་ཡིན། 

ཨའེ་ཧུའེ་ཆུས་ཀྱི་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14446ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ3 ཡུལ་ཚོ8བཅས་ཡོད་པ་དང་། མངའ་ཁོངས་སུ་གཞུང་ཁོངས་ཞིང་ནགས་འབྲོག་ར16ཡོད་པ་དང་། སྤྱིའི་མི་འབོར་ཁྲི19.7ཡོད་པ། རྒྱ་རིགས་དང་། མན་ཇུ། ཏ་ཝོར། ཨོ་ལུན་ཁྲུན་སོགས་མི་རིགས26ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1954ལོའི་ཟླ2པར། ཐེངས་དང་པོའི་རྫོང་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྗེས་སུ། རྫོང་སྲིད་གཞུང་གི་མིང་དེ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།      

སྤྱི་ལོ1956ལོར། ཨའེ་ཧུའེ(瑷珲)ཞེས་པའི་ཡིག་འབྲུ་གཉིས་འཛིན་དཀའ་བའི་རྐྱེན་གྱིས་ཨའེ་ཧུའེ(爱辉)རྫོང་དུ་བསྒྱུར།      

སྤྱི་ལོ1967ལོའི་ཟླ4པར་ཨའེ་ཧུའེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།     

སྤྱི་ལོ1980ལོའི་ཟླ11པར། སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་བསྡུས་རྗེས། རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས། ཨའེ་ཧུའེ་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1980ལོའི་ལོ་མཇུག་ཏུ་ཧེ་ཧུ་གྲོང་རྡལ་དང་། ཞིང་ཧྥུ་ཀུང་ཧྲེ། ཞི་ཀང་ཙི་རྡོ་སོལ་གཏེར་ཁ། ཏུང་ཧྥང་ཧུང་རྡོ་སོལ་གཏེར་ཁ་བཅས་ཨའེ་ཧུའེ་རྫོང་ནས་ལོགས་སུ་ཕྱེ་སྟེ་ཧེ་ཧུ་གྲོང་ཁྱེར་བཙུགས།      

སྤྱི་ལོ1983ལོའི་ཟླ6པར་ཨའེ་ཧུའེ་རྫོང་ཧེ་ཧུ་གྲོང་ཁྱེར་དུ་བཅུག     

སྤྱི་ལོ1993ལོའི་ཟླ3པར་དེ་སྔའི་ཧེ་ཧུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དེ་ཧེ་ཧུ་གྲོང་ཁྱེར་དུ་བསྒྱུར་བཟོ་བྱས་པ་དང་། དེ་སྔའི་ཨའེ་ཧུའེ་རྫོང་དེ་ཨའེ་ཧུའེ་ཆུས་སུ་བསྒྱུར་བཟོ་བྱས་པས། ཧེ་ཧུ་གྲོང་ཁྱེར་གསར་པའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་སུ་གྱུར་པ་དང་། དེ་སྔའི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལ་འགྱུར་བ་བྱུང་མེད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཨའེ་ཧུའེ་ཆུས་སུ་ཡུལ་ཚོ་རིམ་པའི་སྲིད་འཛིན་ཁུལ15ཡོད་པའི་ནང་ཁྲོམ་གཞུང4དང་། གྲོང་རྡལ3 ཡུལ་ཚོ8བཅས་ཚུད་ཡོད། དེ་དག་ནི་ཞིང་ཨན་ཁྲོམ་ལམ་དང་། ཧྭ་ཡོན་སྲང་ལམ། ཧའེ་ལན་སྲང་ལམ། ཞི་ཞིན་སྲང་ལམ། ཞི་ཀང་ཙི་གྲོང་རྡལ། ཏན་ཙི་གྲོང་རྡལ། ཧན་ཏ་རླངས་གྲོང་རྡལ། ཞིང་ཧྥུ་ཡུལ་ཚོ། སི་ཅ་ཙི་མན་ཇུ་རིགས་ཡུལ་ཚོ། ཁུན་ཧོ་ཏ་ཝོར་རིགས་མན་ཇུ་རིགས་ཡུལ་ཚོ། ཧྲང་མ་ཁྲང་ཡུལ་ཚོ། ཀྲང་ཏི་ཡིང་ཙི་ཡུལ་ཚོ། ཞི་ཧྥེང་ཧྲན་ཡུལ་ཚོ། ཞིན་ཞིན་ཨོ་ལུན་ཁྲུན་རིགས། ཨེར་ཀྲན་ཡུལ་ཚོབཅས་ཡིན། མངའ་ཁོངས་སུ་ད་དུང་རྒྱལ་ཁབ་ལ་དབང་བའི་ཞིང་ནགས་འབྲོག་ར16ཡོད། ཨའེ་ཧུའེ་ཆུས་མི་དམངས་སྲིད་གཞུང་ནི་ཞིང་ཨན་ཁྲོམ་གཞུང་ཧའེ་ལན་ཁྲོམ་གཞུང་གི་ཨང139པ་རུ་བཅའ་སྡོད་བྱས་ཡོད། 

4 གནས་ཡུལ།

ཨའེ་ཧུའེ་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། འཕྲེད་ཐིག་འབྲིང་མཐོ་སར་གནས་པ་དང་། འཕྲེད་ཐིག་བྱང་མའི49°24′~50°58′ལ་གནས་པ། གཞུང་ཐིག་ཤར་མའི125°29′~127°40′ལ་གནས་པ། ཨའེ་ཧུའེ་ཆུས་ཀྱི་མཐའ་མཚམས་ལམ་ཐིག་སྤྱི་ལེ184.3ཡོད་པ། ཨུ་རུ་སུའི་པུའུ་ལ་ཀོ་ཝེ་ཧྲེན་སི་ཁེ་གྲོང་ཁྱེར་དང་གཙང་པོས་བཅད་ཡོད་པ་དང་། ཨའེ་ཧུའེ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14446(སྤྱི་ལོ2011ལོ)ཡོད།

5 གནམ་གཤིས།

ཨའེ་ཧུའེ་ཆུས་ནི་འཕྲེད་ཐིག་འབྲིང་མཐོའི་ཁུལ་དུ་གནས་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། དྲོད་གསོག་ཁུལ་བཞི་པ་དང་། ལྔ་པ། དྲུག་པ་བཅས་གསུམ་འཕྲེད་བརྒལ་བྱས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད0.4℃ཡིན་པ་དང་། དགུན་དུས་ཀྱི་ཆ་སྙོམས་རླུང་ཤུགས་སྐར་ཆ་རེར་སྨི6ནས་སྨི9བར་ཟིན་པ་དང་། དུས་ཚོད་ཆུང་བའི་གྲངས་ཚད་ཆུ་ཚོད2500ཡན་ཟིན་པ། རླུང་ཤུགས་གློག་ཁང་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི5ཟིན་གྱི་ཡོད།

6 མི་གྲངས།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་ཨའེ་ཧུའེ་ཆུས་ཀྱི་མི་འབོར་གྱི་སྤྱིའི་བསྡོམས་འབོར192154ཟིན་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་མི324འཕར་ནས0.2%འཕར་ཡོད། ཕོ་མོའི་བསྡུར་ཚད་ནི100:100ཡིན། མི་འབོར་སྐྱེ་ཚད་ཀྱི6.4%ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས0.16%འཕར་བ། མི་འབོར་ཤི་ཚད3.05སྟོང་ཆ་ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས0.07སྟོང་ཆ་འཕར་བ། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.35ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས0.09%འཕར་བ། བུ་བཙའི་སྲིད་ཇུས་དང་མཐུན་ཚད་ཀྱི99.13%ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས0.82%འཕར་ཡོད། 

7 མི་རིགས།

སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་ཀྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་མན་ཇུ་དང་། ཧུའེ་རིགས། ཏ་ཝོར་རིགས། ཨུ་རུ་སུ། ཨོ་ལུན་ཁྲུན་སོགས་གྲངས་ཉུང་མི་རིགས25ཡོད། 

8 དཔལ་འབྱོར།

སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10ལས་ཐོག་མར་བརྒལ་ནས་སྒོར་ཁྲི101501མངོན་འགྱུར་བྱུང་བ་དེ་སྤྱི་ལོ2008ལོ་ལས18.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི36836ཟིན་པ་དེ་སྤྱི་ལོ2008ལོ་ལས33.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི29866ཟིན་པ་དེ་སྤྱི་ལོ2008ལོ་ལས18.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི34799ཟིན་པ་དེ་སྤྱི་ལོ2008ལོ་ལས9.5%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར12085ཟིན་པ་དེ་སྤྱི་ལོ2008ལོ་ལས18.5%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིསGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི49.6%དང་། 29.3% 21.1%བཅས་སོ་སོར་ཟིན་ཡོད། ཐོན་ལས་གསུམ་པའི་གྲུབ་ཚུལ་ནི36.3:29.4:34.3ཡིན། GDPསྒོར་ཁྲི་རེའི་ནུས་ཁུངས་ཟད་གྲོན་བརྒྱ་ཆའི5.2ཆག་ཡོད།

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ།

སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་སུ་སློབ་འབྲིང་དཀྱུས་མ13དང་འཛིན་གྲྭ129ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས5ཉུང་དུ་ཕྱིན་པ་དང་། སློབ་མ1463བསྡུས་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ134ཉུང་དུ་ཕྱིན་པ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ4935ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ203ཉུང་དུ་ཕྱིན་པ། སློབ་ཐོན་སློབ་མ1651ཡོད་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་དུས་མཚུངས་ལས་མི157འཕར་བ། དམའ་འབྲིང་གི་བརྟན་འཇགས་ཚད་ཀྱི98.6%ཟིན་ཡོད། དེའི་ནང་ཆ་ཚང་བའི་སློབ་འབྲིང1དང་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭ19ཡོད་པ་དེ་དུས་མཚུངས་ལས4ཉུང་དུ་ཕྱིན་པ་དང་། ལོ་ཧྲིལ་པོར་སློབ་མ401བསྡུས་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་མི20འཕར་བ་དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ1075ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ32ཉུང་དུ་ཕྱིན་པ། སློབ་ཐོན་སློབ་མ432ཡོད་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་དུས་མཚུངས་ལས་མི74མང་དུ་ཕྱིན་ཡོད། ལས་རིགས་མཐོ་འབྲིང1དང་ཆེད་ལས9 སྤྱི་ལོ2009ལོར་སློབ་མ155བསྡུས་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས182ཉུང་དུ་ཕྱིན་པ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ823ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ161ཉུང་དུ་ཕྱིན་པ། སློབ་ཐོན་སློབ་མ316ཡོད་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་དུས་མཚུངས་ལས་མི71མང་དུ་ཕྱིན་ཡོད།      སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་སློབ་ཆུང10ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས1ཉུང་དུ་ཕྱིན་པ་དང་། འཛིན་གྲྭ244ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས11ཉུང་དུ་ཕྱིན་པ། སྤྱི་ལོ2009ལོར་སློབ་མ1564བསྡུས་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ86ཉུང་དུ་ཕྱིན་པ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ10487ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་སློབ་མ598ཉུང་དུ་ཕྱིན་པ། སློབ་ཐོན་སློབ་མ2129ཡོད་པ་དེ་སྤྱི་ལོ2008ལོ་ལས་སློབ་མ413ཉུང་དུ་ཕྱིན་ཡོད། སློབ་ཆུང་སློབ་མའི་སློབ་མཚམས་འཇོག་ཚད0ཡིན། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ཀྱི100%ཟིན་ཡོད།      སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་ཀྱི་བུ་བཅོལ་ཁང37ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས2ཉུང་དུ་ཕྱིན་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ2841ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་མི150ཉུང་དུ་ཕྱིན་ཡོད།      སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོ་ཁྱོན1409ཡོད་པའི་ནང་ཆེད་བསྐོས་དགེ་རྒན1295ཡོད། སློབ་འབྲིང་གི་དགེ་རྒན་དང་ལས་བཟོ་མི་གྲངས623ཡོད་པ་དེའི་ནང་ཆེད་བསྐོས་དགེ་རྒན562ཡོད། སློབ་ཆུང་གི་དགེ་རྒན་དང་ལས་བཟོ786ཡོད་པའི་ནང་ཆེད་བསྐོས་དགེ་རྒན733ཡོད། ལས་རིགས་མཐོ་འབྲིང་གི་དགེ་རྒན37དང་ཆེད་བསྐོས་དགེ་རྒན34ཡོད། བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ210ཡོད་པའི་ནང་ཆེད་བསྐོས་དགེ་རྒན125བཅས་ཡོད།

9_2 རིག་གནས།

སྤྱི་ལོ2009ལོར་ཨའེ་ཧུའེ་ཆུས་སུ་གློག་བརྙན་སྟོན་མཁན་ཚན་པ1དང་གློག་བརྙན་སྟོན་ཐེངས800ཟིན་པ་དེ་སྤྱི་ལོ2008ལོ་ལས་ཐེངས160འཕར་བ་དང་ལྟད་མོ་བ་མི་ཐེངས་ཁྲི16ཟིན་པ་དེ་སྤྱི་ལོ2008ལོ་ལས60.0%འཕར་ཡོད། དཔེ་མཛོད་ཁང1དང་དེབ་ཁྲི10ཉར་ཚགས་བྱས་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་ཆ་སྙོམས་ཡིན། སྐུད་ཡོད་བརྙན་འཕྲིན་ཤང་གྲོང་དུ་ཁྱབ་ཚད་ཀྱི100%ཟིན་པ་དང་གྲོང་གསེབ་ཏུ་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་ཀྱི95%ཟིན་ཡོད་པ་ཡིན། སྤྱི་ལོ2009ལོར་ཞིང་ཆེན་རིམ་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ2ཐོབ། 

9_3 འཕྲོད་བསྟེན།

སྤྱི་ལོ2009ལོ་བར་ཨའེ་ཧུའེ་ཆུས་སུ་སྨན་བཅོས་སྒྲིག་གཞི་སྣ་ཚོགས134ཡོད་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་ཆ་སྙོམས་ཡིན་པ། དེའི་ནང་ཕྱོགས་བསྡུས་སྨན་ཁང1དང་། ལྟེ་བའི་འཕྲོད་བསྟེན་ཁང4 ཡུལ་ཚོ་འཕྲོད་བསྟེན་ཁང7 འདུས་འདྲིལ་གཅོང་ནད་འགོག་བཅོས་ཁང1 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང1 གྲོང་གསེབ་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས1བཅས་ཡོད། ལོ་མཇུག་ཏུ་དངོས་སུ་ཡོད་པའི་ནད་ཁྲི295ཡོད། རིགས་ཁག་གི་འཕྲོད་བསྟེན་ལག་རྩལ་མི་སྣ719ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ625ཡོད། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང119ཡོད་པ་དེ་སྤྱི་ལོ2008ལོ་དང་བསྡུར་ན་ཆ་སྙོམས་ཡིན་པ་དང་ལས་ཞུགས་མི་གྲངས134ཡོད་པ་དེ་སྤྱི་ལོ2008ལོ་ལས་མི3ཉུང་དུ་ཕྱིན་ཡོད། སྤྱི་ལོ2019ལོའི་ཟླ8པར།  དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་རྫོང་དུ་འདེམས་བསྐོ་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཨའེ་ཧུའེ་ཆུས། མི་གྲངས། དཔལ་འབྱོར།