ནན་ཧྲན་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-10 11:10ལ་འགྲུབ།

ནན་ཧྲན་ཆུས།

ནན་ཧྲན་ཆུས།
ནན་ཧྲན་ཆུས་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་གྱི་དབུས་ནུབ་རྒྱུད་དུ་གནས་ཡོད། སྲིད་འཛིན་ས་ཁོངས་ནི་ཤར་གྱི་ཁྲེ་ཀུང་ལྷ་ཁང་དང་ཧྥུ་ཐེན་ཆུས་དང་འབྲེལ་བ། ནུབ་ཀྱི་ནན་ཐོའུ་ཨན་ལེ་གྲོང་ཚོ་དང་། ཁྲི་ཝེ་གྲོང་ཚོ་དང་པའོ་ཨན་ཆུས་དང་འབྲེལ་བ། བྱང་ནི་དབྱང་ཐའེ་ཧྲན་རི་བོ་དང་པའོ་ཨན་ཆུས་དང་ལུང་ཧྭ་ཆུས་བཅས་དང་འབྲེལ་བ། ལྷོ་ངོས་སུ་ཧྲེ་ཁོའུ་གྲུ་ཁ་དང་། ཏ་ཅན་གླིང་ཕྲན། ནེ་ལིང་གླིང་ཕྲན་བཅས་དང་འབྲེལ་བ། ཤར་ལྷོར་ཧྲེན་ཀྲེན་མཚོ་ཁུག་དང་ཞང་ཀང་ཡོན་ལང་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ནུབ་ཏུ་ཀྲུའུ་ཅང་ཁོའུ་དང་ཨའོ་མོན་དང་། ཀྲུའུ་ཧའེ་དང་ཁ་སྤྲོད་དུ་གནས་ཡོད། མངའ་ཁོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ187.47དང་། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི43.7ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南山区
ཕྱི་ཡིག་གི་མིང་།
Nanshan District
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང8
སྲིད་གཞུང་གནས་ཡུལ།
ནན་ཧྲན་ཆུས་ཐའོ་ཡོན་ལམ་ཨང2པ།
ས་ཁོངས་ཁ་པར་ཨང་རྟགས།
0755
སྦྲག་སྲིད་ཨང་རྟགས།
518000
གནས་ཡུལ།
ཧྲེན་ཀྲེན་གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ182ཡོད།
མི་གྲངས།
ཁྲི135.63ཡོད།
གནམ་གཤིས།
ཚ་ཁུལ་ཕལ་བའི་རྒྱ་མཚའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཧྲེན་ཀྲོའུ་ནུབ་ཚིགས།
རླངས་འཁོར་གྱི་ཨང་རྟགས།
ཨོ(粤)B
སྲིད་འཛིན་ཚབ་ཨང་།
440305
1 ངོ་སྤྲོད།

ནན་ཧྲན་ཆུས་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་གྱི་དབུས་ནུབ་རྒྱུད་དུ་གནས་ཡོད། སྲིད་འཛིན་ས་ཁོངས་ནི་ཤར་གྱི་ཁྲེ་ཀུང་ལྷ་ཁང་དང་ཧྥུ་ཐེན་ཆུས་དང་འབྲེལ་བ། ནུབ་ཀྱི་ནན་ཐོའུ་ཨན་ལེ་གྲོང་ཚོ་དང་། ཁྲི་ཝེ་གྲོང་ཚོ་དང་པའོ་ཨན་ཆུས་དང་འབྲེལ་བ། བྱང་ནི་དབྱང་ཐའེ་ཧྲན་རི་བོ་དང་པའོ་ཨན་ཆུས་དང་ལུང་ཧྭ་ཆུས་བཅས་དང་འབྲེལ་བ། ལྷོ་ངོས་སུ་ཧྲེ་ཁོའུ་གྲུ་ཁ་དང་། ཏ་ཅན་གླིང་ཕྲན། ནེ་ལིང་གླིང་ཕྲན་བཅས་དང་འབྲེལ་བ། ཤར་ལྷོར་ཧྲེན་ཀྲེན་མཚོ་ཁུག་དང་ཞང་ཀང་ཡོན་ལང་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ནུབ་ཏུ་ཀྲུའུ་ཅང་ཁོའུ་དང་ཨའོ་མོན་དང་། ཀྲུའུ་ཧའེ་དང་ཁ་སྤྲོད་དུ་གནས་ཡོད། མངའ་ཁོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ187.47དང་། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི43.7ཡོད། 

ནན་ཧྲན་ཆུས་ནི་ཚ་ཁུལ་ཕལ་པའི་ཁུལ་དུ་གནས་པ་དང་། ལྷོ་རྒྱ་མཚོའི་འགྲམ་དུ་གནས་པ་དང་། ཚ་ཁུལ་ཕལ་པའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིར་དྲོ་ཞིང་བཞའ་ཚན་ཆེ་བ་དང་། ས་བབ་བྱང་མཐོ་ལ་ལྷོ་དམའ་བ། བདེ་ཐང་དང་། ཐའེ་ས་ཁུལ། དེའུ་འབུར་བཅས་ཀྱི་བར་དུ་བྱང་ནས་ལྷོ་རུ་རིམ་པ་རེ་རེ་བཞིན་མར་ཆག་པ་དང་། རི་བོ་གཙོ་བོར་དབྱང་ཐའེ་རི་བོ་དང་། ཐང་ལང་རི་བོ། ཏ་ནན་རི་བོ་སོགས་ཡོད། 

སྤྱི་ལོ2016ལོ་བར་ནན་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང8ཡོད། སྤྱི་ལ2015ལོར་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི129.12ཟིན་ཡོད། སྤྱི་ལོ2015ལོར་ཆུསས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3714.57ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར306091ཟིན་ཡོད། 

ནན་ཧྲན་ཆུས་ནི་ཧྲེན་ཀྲེན་གྱི་ཚན་ཞིབ་དང་། སློབ་གསོ། ལུས་རྩལ་བཅས་ཀྱི་ལྟེ་གནས་ཡིན་པ་དང་། ཧྲེན་ཀྲེན་སློབ་ཆེན་དང་། ཧྲེན་ཀྲེན་སློབ་ཆེན་གྱི་གྲོང་ཁྱེར། ཧྲེན་ཀྲེན་གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཐོན་ལས་གླིང་། ཧྲེན་ཀྲེན་མཚོ་ཁུག་ལུས་རྩལ་ལྟེ་གནས་བཅས་ཀྱི་གནས་ཡུལ་ཡིན། ནན་ཧྲན་ཆུས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཧྲེན་ཀྲེན་གྱི་ཕྱིར་སྡོད་རང་མིའི་གྲོང་ཁྱེར་དང་། འཛམ་གླིང་སྐར་ཁུང་། སྤྲོ་སྐྱིད་རོང་། མཛེས་སྡུག་ལྡན་པའི་ཀྲུང་ཧྭ་བཅས་དང་། མཚོ་ཐོག་འཛམ་གླིང་དང་། ཤིན་ཨན་གནའ་གྲོང་། ཆིང་ཆིང་འཛམ་གླིང། ཧྲེན་ཀྲེན་གྱི་རི་སྐྱེས་སྲོག་ཆགས་གླིང་ག ལྷོ་མགོའི་གནའ་གྲོང་སོགས་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་མཛེས་ལྗོངས་གྲགས་ཅན་ཡོད། སྤྱི་ལོ2016ལོའི་ཟླ5པར་ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཆུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཉིས་གཏོད་ས་ཁོངས་ཀྱི་དཔེ་སྟོན་རྟེན་གཞི་ཁག་དང་པོར་གྱུར་ཡོད། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་སྟོབས་ལྡན་ཁུལ་བརྒྱ་དང་ཁེ་ལས་ཆུང་འབྲིང་གི་ཤེས་བྱའི་ཐོན་དབང་གི་འཐབ་ཇུས་སྐུལ་སྤེལ་ལས་གྲྭའི་ཚོད་ལྟའི་གྲོང་ཁྱེར་དུ་བདམས་ཐོན་བྱུང་བ། སྤྱི་ལོ2018ལོའི་ཟླ9པར《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་འཕེལ་རྒྱས་ཀྱི་རྒྱབ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཤིང་། རྒྱབ་དཀར་པོའི་དེབ་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ནས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར968ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་དང་འབྲེལ་བསྡོམས་རྩིས་གྲངས་གཞི་གཞི་འཛིན་སར་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་གྲངས་བཅད་དཔྱད་འདེམས་བྱས་པའི་ནང་ནན་ཧྲན་ཆུས་ཨང་དང་པོ་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཁུལ་དུ་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པར་ནན་ཐོའུ་ནི་པའོ་ཨན་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན།      

སྤྱི་ལོ1953ལོར་པའོ་ཨན་རྫོང་གི་སྲིད་གཞུང་དེ་ཧྲེན་ཀྲེན་ཚའེ་ཝུའུ་ཡི་མཐའ་སྐོར་དུ་སྤོས་པ་དང་། ནན་ཐོའུ་ཆུས་བཙུགས་པ། པའོ་ཨན་གྱི་ཁོངས་སུ་གཏོགས་པ། དེའི་མངའ་འོག་ཏུ་ཧྲི་ཡན་དང་། ཧྲེ་ཁུའུ། ནན་ཐོའུ། ཞི་ཞང་། ཧྲ་ཧོ་སོགས་ཀྱི་ས་ཆ་ཡོད།      

སྤྱི་ལོ1958ལོར། “སྲིད་སྤྱི་གཅིག་སྒྲིལ”ལག་བསྟར་བྱས་པའི་མི་དམངས་ཀུང་ཧྲེ་བཙུགས་པ་དང་། ནན་ཐོའུ་ཆུས་ཀྱི་མིང་ཁྲའོ་དབྱིན་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར། པའོ་ཨན་གྱི་ཁོངས་སུ་གཏོགས་པ་དང་། ཁོངས་གཏོགས་ས་ཁུལ་དེ་སྔོན་ཆད་དང་མཚུངས།     

སྤྱི་ལོ1959ལོར་ནན་ཐོའུ་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར། ཞི་ཞང་ཀུང་ཧྲེ་དང་ཞི་ཧའེ(ཧྲེ་ཁོའུ་ཆུ་ཐོན་)ཀུང་ཧྲེ་ཞེས་པར་བསྒྱུར།      

སྤྱི་ལོ1961ལོར་པའོ་ཨན་རྫོང་དེ་ས་ཁུལ་ཆེན་པོ5ལ་བགོས་ཤིང་། ནན་ཐོའུ་ཆུས་ཀྱི་ཁོངས་སུ་ཧྲེན་ཀྲེན་དང་། ཧྥུ་ཁྲེང་། ཧྲ་ཐོའུ། སྦྲུལ་ཁོའུ། ནན་ཐོའུ། ཞི་ཞང་། ཧྲི་ཡན་བཅས་ཀུང་ཧྲེ7དང་། རྒྱལ་གཉེར་ཧྲ་ཧོ་ཞིང་ར། ས་གནས་རྒྱལ་གཉེར་ཐིའེ་ཀང་ནགས་ར་བཅས་ཡོད།      

སྤྱི་ལོ1963ལོར་ཆུས་མེད་པར་བཟོས་ནས་ཧྲེ་རུ་ཟླ་སྒྲིལ་བཏང་ནས་ནན་ཐོའུ་ཀུང་ཧྲེ་དང་ཧྲེ་ཁོའུ(ཆུ་ཐོན)ཀུང་ཧྲེ་གཉིས་བཙུགས།     

སྤྱི་ལོ1979ལོའི་ཟླ1པོར་པའོ་ཨན་རྫོང་མེད་པར་བཟོས་ནས་ཧྲེན་ཀྲེན་གྲོང་ཁྱེར་བཙུགས་པ་དང་། ནན་ཐོའུ་ཆུས་ནི་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་དྲུག་གི་གྲས་ཤིག་ཡིན།      

སྤྱི་ལོ1981ལོའི་ཟླ8པར། ནན་ཐོའུ་ཆུས་ནི་ལུའོ་ཧུའུ་ཆུས་ཀྱི་མངའ་འོག་ཏུ་གཏོགས།      

སྤྱི་ལོ1983ལོའི་ཟླ6པར་རྫོང་རིམ་པའི་ནན་ཐོའུ་ཆུས་བཙུགས་པ་དང་། སྲིད་འཛིན་དོ་དམ་ལ་དོན་གཅོད་ཁང་བཙུགས་ནས་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གཏོགས།     

སྤྱི་ལོ1984ལོའི་ཟླ5པར་དོན་གཅོད་ཁང་དེ་དོ་དམ་ཆུས་སུ་བསྒྱུར།      

སྤྱི་ལོ1984ལོའི་ཟླ8པར། ནན་ཐོའུ་ཆུས་སུ་བགོས་ཤིང་། ཧྲེ་ཁོའུ་ཆུས་ཁ་སྣོན་བྱས་པ་དང་། སྲིད་འཛིན་གསར་འཛུགས་དོ་དམ་ཅུས་བཙུགས།      

སྤྱི་ལོ1990ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ནན་ཐོའུ་དོ་དམ་ཆུས་དང་ས་ཁུལ་རིམ་པའི་ས་གནས་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱེད་པའི་ཧྲེ་ཁོའུ་དོ་དམ་ཅུས་མེད་པར་བཟོས་ཏེ། རིམ་པ་དང་པོའི་ས་གནས་སྲིད་གཞུང་ནན་ཧྲན་མི་དམངས་སྲིད་གཞུང་བཙུགས།


3 གནས་ཡུལ།

ནན་ཧྲན་ཆུས་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲིན་གྲོང་ཁྱེར་གྱི་དབུས་ནུབ་རྒྱུད་དུ་གནས་པ་དང་། ས་ཁམས་གནས་ཚད་འཕྲེད་ཐིག་བྱང་མའི22°24′ནས22°39′དང་ཤར་གྱི་གཞུང་ཐིག113°47′ནས114°01′བར་ཡིན། སྲིད་འཛིན་ས་ཁོངས་ནི་ཤར་གྱི་ཁྲེ་ཀུང་ལྷ་ཁང་དང་ཧྥུ་ཐེན་ཆུས་དང་འབྲེལ་བ། ནུབ་ཀྱི་ནན་ཐོའུ་ཨན་ལེ་གྲོང་ཚོ་དང་། ཁྲི་ཝེ་གྲོང་ཚོ་དང་པའོ་ཨན་ཆུས་དང་འབྲེལ་བ། བྱང་ནི་དབྱང་ཐའེ་ཧྲན་རི་བོ་དང་པའོ་ཨན་ཆུས་དང་ལུང་ཧྭ་ཆུས་བཅས་དང་འབྲེལ་བ། ལྷོ་ངོས་སུ་ཧྲེ་ཁོའུ་གྲུ་ཁ་དང་། ཏ་ཅན་གླིང་ཕྲན། ནེ་ལིང་གླིང་ཕྲན་བཅས་དང་འབྲེལ་བ། ཤར་ལྷོར་ཧྲེན་ཀྲེན་མཚོ་ཁུག་དང་ཞང་ཀང་ཡོན་ལང་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ནུབ་ཏུ་ཀྲུའུ་ཅང་ཁོའུ་དང་ཨའོ་མོན་དང་། ཀྲུའུ་ཧའེ་དང་ཁ་སྤྲོད་དུ་གནས་ཡོད། ཤར་ནས་ཧྲན་ཐོའུ་དང་བར་ཐག་སྤྱི་ལེ272.8ཡོད་པ་དང་། ཤར་ལྷོའི་མཚོ་ཁ་ནས་ཤང་ཀང་ཡོན་ལང་དང་བར་ཐག་སྤྱི་ལེ5.5ཡོད་པ། བྱང་ཤར་ནས་ཧུའེ་ཀྲོའུ་དང་བར་ཐག་སྤྱི་ལེ61.6ཡོད་པ། ནུབ་བྱང་ནས་ཏུང་ཀོན་དང་བར་ཐག་སྤྱི་ལེ61.3ཡོད་པ། ནུབ་ནས་ཀོང་ཀྲོའུ་བར་སྤྱི་ལེ102.4ཡོད་པ། ལྷོ་ནུབ་ནས་ཀྲུའུ་ཧའེ་དང་ཨའོ་མོན་བར་སྤྱི་ལེ་59.1བཅས་ཡོད།

4 གནམ་གཤིས།

ནན་ཧྲན་ཆུས་ནི་ཚ་ཁུལ་ཕལ་བའི་ཁུལ་དུ་གནས་པ་དང་། ལྷོ་རྒྱ་མཚོའི་འགྲམ་དུ་གནས་པ་དང་། ཚ་ཁུལ་ཕལ་བའི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། དུས་བཞིར་དྲོ་ཞིང་བཞའ་ཚན་ཆེ་བ། ཆར་ཆུ་འབེལ་བ། ཉི་འོད་ཕོག་པ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད22.4℃དང་མཐོ་ཤོས38.7℃དང་དམའ་ཤོས0.2℃ཡིན། ལོ་གཅིག་གི་ནང་ཧྲེ་ཧྲི་ཏུའུ་22ཡན་གྱི་དུས་ཡུན་ཟླ་བ་བདུན་ཡིན་པ་དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད14℃དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད28℃ཡིན། ཆུས་ཡོངས་ཀྱི་ལོ་རེའི་ཆ་སྙོམས་བརླན་ཚད་ཀྱི79%ཡིན་པ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2120.5ཡིན།      ནན་ཧྲན་ཆུས་ཀྱི་ལོ་རེའི་ཟླ5པ་ནས་ཟླ9པའི་བར་ནི་ཆར་དུས་ཡིན་པ་དང་། ལོ་གཅིག་གི་ནང་ཐེངས་གཉིས་ལ་ཆར་ཆུ་མང་བའི་དུས་ཡིན་པ་དང་། གཅིག་ནི་ཟླ་བ་ལྔ་པ་དང་དྲུག་པའི་མཚམས་ངོས་ཆར་ཡིན། རྒྱ་མཚོའི་དུས་རླུང་དང་དམའ་གནོན་གྱི་ཤུགས་རྐྱེན་ཐེབས་པས་དེ་ནི་ཀྲུང་གོའི་ཆུ་འབྲུབ་པའི་དུས་ཀྱི་ཆེས་སྔ་བའི་ས་ཁུལ་ཡིན། ལོ་ཧྲིལ་པོར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1948ཟིན་པ་དང་ཆ་སྙོམས་ཆར་པ་འབབ་པའི་ཉིན་གྲངས150ཟིན་ཡོད། དུས་རྒྱུན་དུ་རླུང་གི་གཙོ་ཁྲིད་དེ་ཤར་ལྷོའི་རླུང་ཡིན་པ་དང་། སྟོན་དགུན་གྲང་རླུང་གིས་རང་ཁུལ་ལ་ཤུགས་རྐྱེན་ཅུང་ཆེ་བ་དང་། དབྱར་སྟོན་དུས་རླུང་འཚུབ་ཅུང་ཆེ་བ། ལོ་རེར་ཆ་སྙོམས་སུ་ཐེངས1ནས3བར་ཡིན་པ། ཐོལ་རླུང་རིམ་པ་བཅུ་གཉིས་ཡིན། 

5 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོ་བར་ནན་ཧྲན་ཆུས་ཀྱི་མངའ་འོག་ཏུ་ནན་ཧྲན་ཁྲོམ་གཞུང་དང་། ནན་ཐོའུ་ཁྲོམ་གཞུང་། ཤིས་ལི་ཁྲོམ་གཞུང་། ཧྲ་ཧོ་ཁྲོམ་གཞུང་། ཧྲེ་ཁོའུ་ཁྲོམ་གཞུང་། ཀྲའོ་ཧྲང་ཁྲོམ་ལམ། ཀོང་ཧའེ་ཁྲོམ་གཞུང་། ཁམ་ཕུ་ཁྲེའི་ཁྲོམ་གཞུང་བཅས8དང་སྡེ་ཁུལ116ཡོད། ཆུས་མི་དམངས་སྲིད་གཞུང་ནི་ནན་ཐོའུ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། 

6 མི་གྲངས།

ནན་ཧྲན་ཆུས་སུ་རྒྱུན་སྡོད་མི་གྲངས་ཉུང་བ་དང་སྐབས་སྡོད་མི་གྲངས་མང་བ་དང་། མི་འབོར་འཕར་ཚད་མགྱོགས་པ(གཙོ་བོ་གནས་སྤོས་ཡུལ་མི་མང་དུ་སོང་བ)དང་མི་འབོར་འདུས་ཚད་ཆེ་བ། རང་ཡུལ་གྱི་མི་འབོར་ཉུང་ཞིང་། ས་ཆ་གཞན་གྱི་མི་འབོར་མང་བ། རྒྱུན་སྡོད་མི་འབོར་ཚང་མ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཡིན། མི་འབོར་ཁྱབ་ཚུལ་དོ་སྙོམས་མེད་པ་དང་། སྤྱི་ཡོངས་ནས་བལྟས་ན་ལྷོ་རུ་མང་བ་དང་བྱང་དུ་ཉུང་བ། ལྷོ་རྒྱུད་དུ་ཡང་ཧྲེ་ཁོའུ་དང་། ནན་ཐོའུ། ཀྲུང་ཧྭ་ཕྱིར་སྡོད་རང་མིའི་གྲོང་ཁྱེར། ཧྲ་ཧོ། ཚན་རྩལ་གླིང་། ནན་ཡིའུ་སོགས་སུ་གཅིག་སྡུད་ཐོག་ཁྱབ་ཡོད།      སྤྱི་ལོ2015ལོར་ནན་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི129.12ཟིན་པ་དེ་སྤྱི་ལོ2014ལོའི་ལོ་མཇུག་ལས་མི་ཁྲི15.53མང་དུ་ཕྱིན་པ་དེའི་ནང་ཐེམ་ཐོའི་མི་འབོར་ཁྲི75.59ཟིན་པ་དང་། ཐེམ་ཐོ་མེད་པའི་མི་འབོར་ཁྲི53.52ཟིན་ཡོད།

7 དཔལ་འབྱོར།

སྤྱི་ལོ2015ལོར་ནན་ཧྲནཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3714.57ཟིན་པ་དེ་སྤྱི་ལོ2014ལོ་ལས9.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.70ཟིན་པ་དེ་སྤྱི་ལོ2014ལོ་ལས7.7%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1986.19ཟིན་པ་དེ་སྤྱི་ལོ2014ལོ་ལས8.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1727.68ཟིན་ནས་སྤྱི་ལོ2014ལོ་ལས10.5%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི0.02:53.47:46.51ཡིན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་རེར་སྒོར306091ཟིན་པ་དེ་སྤྱི་ལོ2015ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར49144ཟིན་ཡོད། 

8 སྤྱི་ཚོགས་ལས་དོན།
8_1 གྲོང་ཁུལ་འཛུགས་སྐྲུན།

སྤྱི་ལོ2015ལོར་ནན་ཧྲན་ཆུས་ཁོངས་གཏོགས་ཁུལ་གྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ187.47དང་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ105.47 འཛུགས་སྐྲུན་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ98.61བཅས་ཡོད།     སྤྱི་ལོ2015ལོར་ནན་ཧྲན་ཆུས་ཀྱི་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང10137ཟིན་པའི་ནང་འཛུགས་སྐྲུན་ཁུལ་གྱི་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང4138ཟིན་ཡོད། སྤྱི་པའི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང1780ཟིན་པ་དང་མི་རེའི་ཆ་སྙོམས་སྤྱི་པའི་སྔོ་ལྗང་རྒྱ་ཁྱོན་སྨི་གྲུ་བཞི་མ16.98ཟིན་ཡོད། ཆུས་ཡོངས་ཀྱི་སྤྱི་གླིང115ཡོད་པ་དེ་སྤྱི་ལོ2014ལོ་ལས7མང་དུ་ཕྱིན་པ་དང་སྤྱི་གླིང་རྒྱ་ཁྱོན་སྤྱི་ཆིང1916ཡོད།

8_2 འཕྲོད་བསྟེན།

སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི453ཡོད་པ་དེ་སྤྱི་ལོ2014ལོ་ལས39འཕར་བ་དང་། དེའི་ནང་སྨན་ཁང14ཡོད་པ་དེ་སྤྱི་ལོ2014ལོ་ལས་སྨན་ཁང2ཉུང་དུ་ཕྱིན་ཡོད། ཆུས་ཡོངས་སུ་འཕྲོད་བསྟེན་ལག་རྩལ་མི་སྣ7425ཡོད་པ་དེ་སྤྱི་ལོ2014ལོ་ལས8.1%འཕར་ཡོད། འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི2794ཡོད་པ་དེ་སྤྱི་ལོ2014ལོ་ལས21.6%འཕར་ཡོད། ལོ་ཧྲིལ་པོར་མི་ཐེངས་ཁྲི979.2ལ་ནད་བརྟག་སྨན་བཅོས་བྱས་པའི་ནང་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི908.1ཟིན་པ་དང་མི་ཐེངས་ཁྲི51.1ལ་འཕྲལ་བཅོས་བྱས་པ། སྨན་ཁང་དུ་སྡོད་པའི་མི་གྲངས་ཁྲི9.08ཟིན་པ་དེ་སྤྱི་ལོ2014ལོ་ལས28.2%འཕར་ཡོད་པ། ནད་ཁྲི་སྤྱོད་ཚད་ཀྱི84.43%ཟིན་ཡོད།

8_3 ལུས་རྩལ།

སྤྱི་ལོ2015ལོར་ནན་ཧྲན་ཆུས་ཀྱི་ན་གཞོན་རྣམས་གཟའ་འཁོར་རེར་ཐེངས་གསུམ་མམ་ཐེངས་གསུམ་ཡན་གྱི་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་གྱིས25.3%བཟུང་བ་དང་། གྲོང་མིའི་གཟུགས་གཞི་ཐང་ཚད་ཕུལ་བྱུང་དང་། བཟང་པོ། ཚད་ལོན་པ་བཅས་ཀྱིས་སོ་སོར་བརྒྱ་ཆའི16དང་། བརྒྱ་ཆའི36.7 བརྒྱ་ཆའི38བཅས་ཟིན་ཡོད། རྒྱལ་དམངས་ཀྱི་གཟུགས་གཞི་ཚད་ལོན་ཚད་ཀྱི88%ཟིན་ཡོད།

8_4 རིག་གནས།

སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་སྤྱི་པའི་དཔེ་མཛོད་ཁང84ཡོད་པ་དེ་སྤྱི་ལོ2014ལོ་དང་མཉམ་པ་དང་། སྤྱི་པའི་དཔེ་མཛོད་ཁང་དུ་ཁྱོན་དེབ་ཁྲི161.6ཉར་ཡོད་པ་དེ་སྤྱི་ལོ2014ལོ་ལས20.6%ཉུང་དུ་ཕྱིན་ཡོད་པ། ཆུས་ཡོངས་སུ་ཆུས་རིམ་པ་དང་དེ་ཡན་གྱི་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང9ཡོད་པ་དང་། མང་ཚོགས་ཀྱི་སྒྱུ་རྩལ་དང་རིག་གནས་ཁང1ཡོད། ཆུས་ཡོངས་སུ་སྡེ་ཁུལ་གྱི་རིག་གནས་དང་ལུས་རྩལ་སྒྲིག་བཀོད351ཡོད་པ་དེ་སྤྱི་ལོ2014ལོ་ལས1ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་སུ་ལུས་སྦྱོང་ཐབས་ལམ390ཡོད་པ་དེ་སྤྱི་ལོ2014ལོ་ལས90འཕར་ཡོད། ལོ་ཧྲིལ་པོར་རིག་གནས་བྱེད་སྒོ་སྣ་ཚོགས5434སྤེལ་བ་དེ་སྤྱི་ལོ2014ལོ་ལས390འཕར་ཡོད། 

8_5 སློབ་གསོ།

ནན་ཧྲན་ཆུས་ནི་ཧྲེན་ཀྲེན་གྲོང་ཁྱེར་གྱི་སློབ་གསོའི་ཚན་རིག་ཞིབ་འཇུག་རྟེན་གཞི་ཡིན།      སྤྱི་ལོ2013ལོ་བར་གྲོང་ཁྱེར་དེ་ཡོངས་ཀྱི་མཐོ་སློབ11ནང་དུ8ནན་ཧྲན་ཆུས་སུ་བཅའ་སྡོད་བྱས་པ་དང་སློབ་གྲྭར་ཡོད་པའི་སློབ་མ45000ལྷག་ཙམ་ཡོད།      སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་བུ་བཅོལ་ཁང192ཡོད་པ་དེ་སྤྱི་ལོ2014ལོ་ལས་བུ་བཅོལ་ཁང6མང་དུ་ཕྱིན་པ་དང་། བུ་བཅོལ་ཁང་དུ་བྱིས་པ་47960ཡོད་པ་དེ་སྤྱི་ལོ2014ལོ་ལས3.4%འཕར་ཡོད།      སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཆུང་འབྲིང69ཡོད་པ་དེ་སྤྱི་ལོ2014ལོ་ལས་སློབ་གྲྭ3མང་དུ་ཕྱིན་པ་དང་། དེའི་ནང་སློབ་ཆུང36དང་། སློབ་འབྲིང་དཀྱུས་མ32 འབྲིང་རིམ་ལས་རིགས་སློབ་གྲྭ1བཅས་ཡོད། སློབ་ཐོན་སློབ་མ25128ཡོད་པ་དེ་སྤྱི་ལོ2014ལོ་ལས5.8%འཕར་བ། སློབ་གྲྭར་ཡོད་པའི་སློབ་མ128775ཡོད་པ་དེ་སྤྱི་ལོ2014ལོ་ལས5.8%འཕར་བ། སློབ་མ་བསྡུ་བའི་མི་གྲངས30530ཟིན་པ་དེ་སྤྱི་ལོ2014ལོ་ལས3.6%འཕར་བ།      སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ལ་སྤྱོད་པའི་ཁང་པ་སྨི་གྲུ་བཞི་མ་ཁྲི66.4ཟིན་པ་དེ་སྤྱི་ལོ2014ལོ་ལས5.6%འཕར་བ་དང་། ཉལ་ཁང(ཐུན་མོང་ཉལ་ཁང་ཚུད་པ)སྨི་གྲུ་བཞི་མ་ཁྲི21.54ཟིན་པ་དེ་སྤྱི་ལོ2014ལོ་ལས11.3%འཕར་ཡོད། 

8_6 ཚན་རིག

སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས1641ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་བསྡོམས་འབོར་གྱི29.7%བཟུང་བ་དང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4152ཟིན་ནས11%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱི24.2%བཟུང་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད31308ཟིན་པ་དེ་སྤྱི་ལོ2014ལོ་ལས36.9%འཕར་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ16999ཡོད་པ་དེས54.3%བཟུང་བ་དང་། དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ9265ཡོད་པ་དེས29.6%བཟུང་བ། ཕྱི་ངོས་ཀྱི་ཁེ་བེད་བདག་ཐོབ5044ཡོད་པ་དེས16.1%བཟུང་བ། ཁེ་བེད་བདག་ཐོབ་སྤྲོད་གྲངས19339ཟིན་པ་དེ་སྤྱི་ལོ2014ལོ་ལས34.2%འཕར་ཡོད། 

9 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2015ལོར་ནན་ཧྲན་ཆུས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི137.92ཟིན་པ་དེ་སྤྱི་ལོ2014ལོ་ལས16.4%འཕར་བ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས་ཁྲི124.47ཟིན་པ་དེ་སྤྱི་ལོ2014ལོ་ལས15.2%འཕར་ཡོད། ལོ་མཇུག་ཏུ་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མི་ཁྲི159.21ཟིན་པ་དེ་སྤྱི་ལོ2014ལོ་ལས12%འཕར་བ།      སྤྱི་ལོ2015ལོར་ནན་ཧྲན་ཆུས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན582ཡོད་པ་དེ་སྤྱི་ལོ2014ལོ་ལས11.8%ཆག་པ་དང་། གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་གཏོང་སྒོ་སྒོར་ཁྲི597.7ཟིན་པ་དེ་སྤྱི་ལོ2014ལོ་ལས11.5%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནན་ཧྲན་ཆུས། མི་གྲངས། དཔལ་འབྱོར།