སྲ་ཞིང་མཁྲེགས་པའི་རྒྱུ་ཆ་སྣ་ཚོགས་མཉམ་དུ་བསྲེས་ནས་གྲུབ་པའི་སྟབས་བདེ་དང་སྤྱི་ཡོངས་འགུལ་སྐྱོད་བྱེད་ཐུབ་པ་ཡིན། མིང་འདི་ནི་ཨ་རིའི་དམག་དཔུང་གི་དམག་དོན་ཐ་སྙད་ལས་བྱུང་བ་དང་། ཀྲུང་གོར་ལོ་རབས90པའི་དུས་འགོར་འཕེལ་རྒྱས་བྱུང་། ཐད་ཀར་འགུལ་སྐྱོད་བྱས་ཆོག་པའི་སྒྲོམ་དབྱིབས་ཁང་བ་ཞིག་ཡིན་པར་བཤད་པ་དང་། ནང་དུ་སྔོན་ཐོན་གྱི་བཀོད་འདོམས་མ་ལག་ཡོད།
སྒྲོམ་ཚང་དེ་ནི་ཨ་རི་ནས་བྱུང་བ་ཡིན་ཞིང་། ཐོག་མར་ཨ་རིའི་དམག་དཔུང་ལ་བཀོལ་སྤྱོད་བྱེད་པ་དང་། རླངས་འཁོར་སྐྱེལ་འདྲེན་གྱི་ནུས་པ་ཅུང་མཐོན་པོ་ཡོད་པས། དགོས་མཁོ་མི་འདྲ་བར་གཞིགས་ནས་དེའི་ནང་ཁུལ་དུ་ལྟོས་བཅས་ཀྱི་སྒྲིག་གཞི་ཇུས་འགོད་བྱེད་པ་དང་། འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ། དམིགས་བསལ་གྱི་བྱེད་ནུས་ལྡན་པ་བཅས་ཡིན། ཨ་རིའི་དམག་དཔུང་གི་སྐབས་བསྟུན་བཀོད་འདོམས་མ་ལག་དང་། འཕྲིན་གཏོང་། སྨན་བཅོས། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་སོགས་ལ་ཡོངས་ཁྱབ་ཏུ་བེད་སྤྱོད་བྱ་རྒྱུ་ནི་ཨ་རིའི་དམག་དཔུང་གི་སྐབས་བསྟུན་དམག་དཔུང་གི་སྒྲིག་ཆས་གལ་ཆེན་གྱི་གྲས་ཤིག་ཡིན། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པར་ཨ་རིའི་ཁང་འཁོར་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཕྱིན་པ་དང་། དེའི་སྐབས་སུ་སྒྲོམ་ཚང་ཐོན་སྐྱེད་དང་བཟོ་སྐྲུན་གྱི་འབྲེལ་ཡོད་བཟོ་རྩལ་དང་གྲུབ་ཆ་ནང་འདྲེན་བྱས་པས་ཁང་འཁོར་གྱི་ཡིད་རྟོན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་ཕྱིན་ཡོད། ད་ལྟ་ང་ཚོས་མཐོང་བའི་ཁང་འཁོར་སྣ་ཚོགས་མང་ཆེ་བ་ནི་སྒྲོམ་འཁོར་ཡིན་པ་དང་། ཁང་སྒྲོམ་གྱི་རྒྱུ་ཆ་འདེམས་པ་དང་དེ་བཞིན་གྲུབ་ཆའི་རྣམ་པ་ཚང་མ་སྒྲོམ་ཚང་དང་འདྲ་པོ་ཡོད།
རྒྱུན་མཐོང་གི་སྒྲོམ་ཚང་ལ། དོས་སྒྲོམ་དང་དོས་སྒྲོམ་ཁང་བ། ཆེད་སྤྱོད་འཁོར་སྒྲོམ་དང་། སྨན་བཅོས་སྒྲོམ་ཚང་། དམག་སྤྱོད་སྒྲོམ་ཚང་། གནམ་གཤིས་སྒྲོམ་ཚང་དང་སྤོ་འགུལ་སྡེབ་སྒྲིག་ཁང་བ་བཅས་ཡོད།
དམག་དོན་ཁྱབ་ཁོངས་ཀྱི་དགོས་མཁོའི་དབང་གིས། རང་རྒྱལ་གྱི་སྐབས་བསྟུན་དམག་དཔུང་གིས་ཀྱང་ཨ་རིའི་དམག་དཔུང་ལ་དཔེ་བལྟས་ནས་འཛུགས་སྐྲུན་བྱས་པས་རང་རྒྱལ་གྱི་དམག་ཕྱོགས་སུ་སྒྲོམ་ཚང་བྱུང་། རང་རྒྱལ་གྱིས་ཧ་ལམ་དུས་རབས་སྔོན་མའི་ལོ་རབས80པའི་དུས་འགོ་ནས་བཟུང་སྒྲོམ་ཚང་ལས་དོན་སྤེལ་འགོ་ཚུགས་པ་དང་། ཐོག་མའི་སྒྲོམ་ཚང་ནི་རུས་སྒྲོམ་རྣམ་པའི་གྲུབ་པ་ཡིན་ལ། ཕྱི་དབྱིབས་དང་རྒྱན་ཆ་ཚང་མར་རུས་སྒྲོམ་གྱི་ཚོད་འཛིན་ཐེབས་ཡོད། ལོ་གང་མང་རིང་གི་འཕེལ་རྒྱས་བརྒྱུད་ད་ལྟ་རྒྱལ་སྤྱིའི་རྩེར་སོན་པའི་ལག་རྩལ་ལྡན་པ་དང་། ཚང་མ་པང་ལེབ་ཀྱི་སྒྲོམ་ཚང་ཡིན། ངོས་ཚང་མ་པང་ལེབ་ཧྲིལ་པོ་ཡིན་པ་དང་ཕྱི་དབྱིབས་མཛེས་ཤིང་ཡིད་རྟོན་བྱས་ཆོག་པའི་རང་བཞིན་ཆེན་པོ་ལྡན་ཡོད། སྒྲོམ་ཚང་དེ་དམག་དམངས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱིན་ཡོད་པ་དང་། དམག་མཁོའི་ཐོན་རྫས་དེ་གཙོ་བོ་ཨ་རིའི་དམག་དཔུང་གི་སྒྲིག་གཞི་ལ་དཔྱད་བསྡུར་བྱས་ནས་འཛུགས་སྐྲུན་བྱས་པ་དང་། དམངས་མཁོའི་ཐོན་རྫས་རྒྱ་ཁྱབ་ངང་དམིགས་བསལ་རླངས་འཁོར་སྣ་ཚོགས་སྤྱོད་ཀྱིན་ཡོད། འཕྲལ་བསྟུན་འཕྲིན་གཏོང་རླངས་འཁོར། གློག་འདོན་ཁང་གི་རླངས་འཁོར། ཁང་པའི་རླངས་འཁོར་ཁག་གཅིག་བཅས་རེད།
སྟབས་བདེ་བར་བཤད་ན། སྒྲོམ་ཚང་དེ་ནི་དེ་དོས་སྒྲོམ་དང་འདྲ་བ་དང་། དེའི་ཚད་གཞི་ཡང་དོས་སྒྲོམ་ལ་ཟུར་ལྟ་བྱས་ནས་བཟོས་པ་ཡིན། དགོས་མཁོ་མི་འདྲ་བར་གཞིགས་ནས་སྒྲིག་ཆས་ཡང་མི་འདྲ་བ་སྒྲིག་ཡོད། དོས་སྒྲོམ་དང་བསྡུར་ན་སྒྲོམ་ཚང་ལ་ཡིད་རྟོན་བྱས་ཆོག་པའི་རང་བཞིན་དང་། གློག་སྡུད་མཉམ་ཤོང་རང་བཞིན། རླུང་དམ་རང་བཞིན། ཚ་གཅོད་རང་བཞིན་བཅས་དེ་བས་མཐོ་བ་ལྡན་ཡོད།
རྒྱལ་ཁབ་ཕྱི་ནང་གི་སྒྲོམ་ཚང་ལ་ཕལ་ཆེར་རྒྱ་སྐྱེད་སྒྲོམ་ཚང་དང་རྒྱ་སྐྱེད་མིན་པའི་སྒྲོམ་ཚང་གཉིས་སུ་དབྱེ་ཆོག་པ་དང་། རྒྱ་སྐྱེད་སྒྲོམ་ཚང་ཡང་དེའི་གྲུབ་ཚུལ་གྱི་རྣམ་པ་མི་འདྲ་བར་གཞིགས་ཏེ་འཐེན་འཐེན་ཅན་དང་ངོས་བཞི་མཉམ་འགུལ་ཅན་དུ་དབྱེ་ཆོག རྒྱ་སྐྱེད་མིན་པའི་སྒྲོམ་ཚང་གི་ཆེ་ཆུང་ལ་གཞིགས་ནས་སྨི་བཞི་ཅན་གྱི་སྒྲོམ་ཚང་དང་སྨི་དྲུག་ཅན་གྱི་སྒྲོམ་ཚང་སོགས་སུ་དབྱེ་ཆོག སྐྱེལ་འདྲེན་བྱེད་སྟངས་ལྟར་ན་གཞུང་ལམ་སྐྱེལ་འདྲེན་དང་ལྕགས་ལམ་སྐྱེལ་འདྲེན་རིགས་གཉིས་སུ་དབྱེ་ཆོག་པ་དང་། གཞུང་ལམ་སྐྱེལ་འདྲེན་ནི་དྲང་ཟུར་སྒྲོམ་ཚང་ཡིན་པ་དང་། ལྕགས་ལམ་སྐྱེལ་འདྲེན་ནི་གསེག་ཟུར་སྒྲོམ་ཚང་ཡིན།