ལུང་ཧྲན་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-09 17:10ལ་འགྲུབ།

ལུང་ཧྲན་ཆུས།

ལུང་ཧྲན་ཆུས།
ལུང་ཧྲན་ཆུས་ནི་ཅི་ལིན་ཞིང་ཆེན་ལིའོ་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅི་ལིན་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་། ཏུང་ལིའོ་ཧུ་ཆུ་བོའི་སྟོད་རྒྱུད་དང་། ཁྲང་པའེ་རི་བོའི་ཁོངས་གཏོགས་ཀྱི་ལའོ་ཡའེ་ལིན་དང་ནུབ་རྒྱུད་སུང་ལིའོ་བདེ་ཐང་གི་བར་བརྒལ་ས་རྒྱུད་དུ་ཆགས་ཡོད། དེའི་མངའ་ཁོངས་སུ་ལུང་ཧྲོའུ་ཧྲན་ཡོད་སྟབས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ2010ལོར། ལུང་ཧྲན་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང8དང་གྲོང་རྡལ1 ཡུལ་ཚོ1བཅས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ257.44ཡོད་ལ། སྤྱིའི་མི་གྲངས297443ཡོད། སྤྱི་ལོ2010ལོར་ལུང་ཧྲན་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི522233མངོན་འགྱུར་བྱུང་ལ། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་སྤྱི་ལོ2009ལས23.5%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙山区
མེ་འཁོར་འབབ་ཚུགས།
ལེའོ་ཡོན་འབབ་ཚུགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ257.44ཡོད།
ཁོངས་གཏོགས་ས་ཁུལ།
中国 吉林省 辽源
མི་གྲངས།
མི297443(སྤྱི་ལོ2010ལོ)ཡོད།
སྦྲག་སྲིད་ཨང་རྟགས།
136200
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ནམ་ཟླ།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
吉D
ཡུལ་སྐད།
བྱང་ཤར་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0437
མངའ་ཁོངས།
ཁྲོམ་གཞུང8དང་གྲོང་རྡལ1 ཡུལ་ཚོ1བཅས་ཡོད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ926ལོར་ལིའོ་ཡིས་ས་དེར་ཧོང་ལུང་ཧྥུ་བཙུགས་པ་དང་། ལིའོ་ཡིས་པོ་ཧའེ་རྒྱལ་ཁབ་བསྣུབས་རྗེས། ལིའོ་ཡོན་ས་ཁུལ་ནི་ཏུང་ཅིན་ཏའོ་ཁྲང་ལིན་ཧྥུ་ཡི་མངའ་ཁོངས་སུ་གཏོགས། ཅིན་རྒྱལ་རབས་ནི་ཞན་ཕིན་ལུའུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན། ཡོན་རྒྱལ་རབས་ནི་ལིའོ་དབྱང་ཞིན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ལིའོ་ཏུང་ཞོན་ཝུའུ་སིའི་མངའ་ཁོངས་སུ་གཏོགས། མིང་རྒྱལ་རབས་ཀྱིས་ཐོག་མར་ལིའོ་ཏུའུ་ཝེ་བཙུགས་པ་དང་། དེ་ནས་ལིའོ་ཏུང་ཏུའུ་བཀོད་འདོམས་སི་ཞེས་པར་བསྒྱུར། ཏུང་ལིའོ་དང་ཏུང་ཧྥེང་རྫོང་གཉིས་ནི་སན་ཝན་ཝེ་ཡི་མངའ་འོག་ཏུ་གཏོགས་པར་བྱས།

སྤྱི་ལོ1902ལོར་ཧའེ་ལུང་ཐིན་ནས་ཧྥུ་ལ་སྤར་བའི་སྙན་ཞུ་ཕུལ་བ་དང་མཉམ་དུ། དེང་གི་ལིའོ་ཡོན་མངའ་ཁོངས་སུ་ལམ་ལུགས་དངོས་སུ་བཙུགས་པ་དང་། ནུབ་རྒྱུད་དང་ཤར་རྒྱུད་སོ་སོར་རྫོང་རེ་བཙུགས་པ་ཡིན། སྤྱི་ལོ1904ལོར་ཞི་ཨན་གྱི་མཁར་བསྐྲུན་པ་དང་། ཚོང་དམངས་ཀྱིས་ཞལ་འདེབས་ཕུལ་ནས་མཁར4བསྐྲུན་པ་དང་། མིང་ལ་ཏུང་ཅི་དང་། ཟི་ལིང་། ནན་ཁང་། པེ་ཧྲོའུ་བཅས་ཟེར།

སྤྱི་ལོ1907ལོར་ཧྥེང་ཐེན་ཞིང་ཆེན་ལིའོ་ཉིན་ཞིང་ཆེན་དུ་བསྒྱུར་བ་དང་། ཞི་ཨན་རྫོང་ལིའོ་ཉིན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1914ལོར་ཧྥེང་ཐེན་ཧྲེན་དབྱང་ལམ་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1920ལོར་ཧྥེང་ཐེན་ཞིང་ཆེན་གྱི་ཐད་གཏོགས་ལ་དགོས།

སྤྱི་ལོ1926ལོར་ཞི་ཨན་རྫོང་དང་ཏུང་ཧྥེང་རྫོང་གཉིས་རིམ་པ་གསུམ་པའི་རྫོང་ནས་རིམ་པ་གཉིས་པའི་རྫོང་དུ་གྱུར་ཞིང་། སྤྱི་ལོ1929ལོར་ལིའོ་ཉིན་ཞིང་ཆེན་གྱི་ཐད་གཏོགས་སུ་བགོས།

སྤྱི་ལོ1932ལོར་ཧྥེང་ཐེན་ཞིང་ཆེན་རྫུས་མའི་ཁོངས་གཏོགས་དང་སྤྱི་ལོ1941ལོར་སི་ཕིང་ཞིང་ཆེན་རྫུས་མའི་ཁོངས་གཏོགས་ཡིན།

སྤྱི་ལོ1946ལོའི་ཟླ2པར་ལིའོ་པེ་ཞིང་ཆེན་གྱི་ཀྲོན་ཧྲུའུ་གཉིས་པའི་ཁོངས་སུ་གཏོགས།

སྤྱི་ལོ1947ལོར་ཞི་ཨན་རྫོང་དང་ཏུང་ཧྥེང་རྫོང་བཅིངས་འགྲོལ་བཏང་།

སྤྱི་ལོ1948ལོའི་ཟླ7པར་ལིའོ་པེ་ཞིང་ཆེན་གྱི་ཀྲོན་ཧྲུའུ་ལས་ཁུངས་གསུམ་པའི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1983ལོའི་ཟླ12པའི་ཚེས22ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལིའོ་ཡོན་གྲོང་ཁྱེར་ལུང་ཧྲན་ཆུས་འཛུགས་རྒྱུའི་ཆོག་མཆན་བཀོད།

སྤྱི་ལོ2000ལོར་ལུང་ཧྲན་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང8དང་ཡུལ་ཚོ2ཡོད་པ་སྟེ། ཏུང་ཅི་ཁྲོམ་གཞུང་དང་། ཟི་ལིང་ཁྲོམ་གཞུང་། ནན་ཁང་ཁྲོམ་གཞུང་། པེ་ཧྲོའུ་ཁྲོམ་གཞུང་། བབས་ཚུགས་མདུན་གྱི་ཁྲོམ་གཞུང་། ཞང་དབྱང་ཁྲོམ་གཞུང་། ཧྥུའུ་ཀྲེན་ཁྲོམ་གཞུང་། ཞིན་ཞིན་ཁྲོམ་གཞུང་། ཧྲན་དབན་ཡུལ་ཚོ། ཀུང་ནུང་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2003ལོ་ནས་བཟུང་ལེའོ་ཡོན་གྲོང་ཁྱེར་གྱིས་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཏུང་ལེའོ་རྫོང་ཧྲོའུ་ཧྲན་གྲོང་རྡལ་ལུང་ཧྲན་ཆུས་ཀྱི་མངའ་འོག་ཏུ་བཅུག་པ་དང་། ཧྲོའུ་ཧྲན་གྲོང་རྡལ་དེ་ཧྲན་དབན་ཡུལ་ཚོར(ཧྲན་དབན་ཡུལ་ཚོའི་མིང་ཧྲོའུ་ཧྲན་གྲོང་རྡལ་ཟེར)ལ་ཟླ་སྒྲིལ་བཏང་བ་དང་ལེགས་སྒྲིག་བྱས་རྗེས། ལུང་ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ146.44ནས་སྟོང་སྨི་གྲུ་བཞི་མ257.44ལ་འཕར་སྣོན་བྱུང་།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2013ལོའི་བར་ཅི་ལིན་ཞིང་ཆེན་ལེའོ་ཡོན་གྲོང་ཁྱེར་ལུང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང8དང་། གྲོང་རྡལ1 ཡུལ་ཚོ1བཅས་ཡོད་པ་སྟེ། ནན་ཁང་ཁྲོམ་གཞུང་དང་། པེ་ཧྲོའུ་ཁྲོམ་གཞུང་། ཏུང་ཅི་ཁྲོམ་གཞུང་། ཟི་ལིང་ཁྲོམ་གཞུང་། ས་ཚིགས་མདུན་གྱི་ཁྲོམ་གཞུང་། ཤིན་ཧྭ་ཁྲོམ་གཞུང་། ཧྥུའུ་དབྱང་ཁྲོམ་གཞུང་། ཤང་དབྱང་ཁྲོམ་གཞུང་། ཧྲོའུ་ཧྲན་གྲོང་རྡལ། བཟོ་ཞིང་ཡུལ་ཚོ་བཅས་ཡིན་ལ། ཁྱོན་བསྡོམས་སྡེ་ཁུལ27དང་སྲིད་འཛིན་གྲོང་ཚོ31ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལུང་ཧྲན་ཆུས་ནི་ཅི་ལིན་ཞིང་ཆེན་ལིའོ་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅི་ལིན་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་། ཏུང་ལིའོ་ཧུ་ཆུ་བོའི་སྟོད་རྒྱུད་དང་། ཁྲང་པའེ་རི་བོའི་ཁོངས་གཏོགས་ཀྱི་ལའོ་ཡའེ་ལིན་དང་ནུབ་རྒྱུད་སུང་ལིའོ་བདེ་ཐང་གི་བར་བརྒལ་ས་རྒྱུད་དུ་ཆགས་ཡོད།

3_2 ས་གཤིས།

ལིའོ་ཡོན་གྲོང་ཁྱེར་ལུང་ཧྲན་ཆུས་ནི་ལིའོ་ཧུ་ཆུ་བོའི་ཤར་རྒྱུད་ཀྱི་འབབ་རྒྱུད་དུ་གནས་པ་དང་། ས་གཤིས་ཀྱི་གྲུབ་ཚུལ་ཅུང་རྙོག་འཛིང་ཆེ་ཞིང་། ས་གཤིས་ཀྱི་རྨང་གཞི་ནི་གནའ་རབས་ཀྱི་ས་གཤིས་ཡིན་པ་དང་། བྲག་རྡོ་དང་། དུམ་ལེབ་བཅས་གཙོ་བོར་བཟུང་ཡོད། དུས་རབས་ཁ་ཤས་རིང་གི་ས་གཤིས་ནི་བྱེ་མའི་བྲག་རྡོ་དང་རྡོ་ཐལ་བྲག་རྡོ། ཨན་ཧྲན་བྲག་རྡོ་བཅས་གཙོ་བོ་ཡིན།

3_3 ས་དབྱིབས།

ལུང་ཧྲན་ཆུས་ཀྱི་ས་དབྱིབས་ནི་དེའུ་འབུར་གཙོ་བོ་ཡིན་པ་དང་། ས་དབྱིབས་གཙོ་བོ་ནི་རི་དམའ་བ་དང་། རི་མ་ཐང(དེའུ་འབུར) གྲོག་རོང་གི་བདེ་ཐང་དང་ལུང་ཤུར་སོགས་ཡིན།

3_4 ནམ་ཟླ།

ལུང་ཧྲན་ཆུས་ནི་བརླན་གཤེར་ཕྱེད་ཙམ་དང་དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་གཅིག་གི་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད། ཟླ3པ་ནས5པའི་བར་ནི་དཔྱིད་ཀ་ཡིན་པ་དང་། དྲོད་གྲང་རན་ལ་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་སྐམ་ལ་རླུང་མང་བ་ཡིན། ཟླ6པ་ནས8པའི་བར་དབྱར་དུས་ཡིན་ལ་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་། ཟླ9བ་ནས10བའི་བར་ནི་སྟོན་དུས་ཡིན་ལ་བསིལ་ཞིང་འཇམ་ལ་དུས་ཡུན་ཐུང་། ཟླ11པ་ནས་ཕྱི་ལོའི་ཟླ2པའི་བར་ནི་དགུན་དུས་ཡིན་ཞིང་། གྲང་ངར་ཆེ་ཞིང་དུས་ཡུན་རིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི6.20Cཡིན།

4 རང་བྱུང་ཐོན་ཁུངས།
4_1 ས་ཞིང་ཐོན་ཁུངས།

ལུང་ཧྲན་ཆུས་ཀྱིས་ས་ཞིང་གི་རྒྱ་ཁྱོན་མུའུ222600ཟིན་ལ་དེའི་ཁྲོད་གྲོང་ཁུལ་གྱིས་མུའུ20400ཟིན་ཞིང་སྤྱིའི་རྒྱ་ཁྱོན་གྱི9.2%ཟིན། རྨོ་འདེབས་བྱེད་པའི་རྒྱ་ཁྱོན་མུའུ60915ཟིན་ཞིང་སྤྱིའི་རྒྱ་ཁྱོན་གྱི་མུའུ27.4%ཟིན་པ་ཡིན། ནགས་ཚལ་གྱི་རྒྱ་ཁྱོན་མུའུ25620ཟིན་པ་དང་སྤྱིའི་རྒྱ་ཁྱོན་གྱི11.6ཟིན་པ་ཡིན།  དེ་དག་ལས་ཕུད་པའི་རྒྱ་ཁྱོན་གྱིས་མུའུ115065ཟིན་པ་དང་སྤྱིའི་རྒྱ་ཁྱོན་གྱི51.8%ཟིན་པ་བཅས་ཡིན།

4_2 སྐྱེ་དངོས་ཐོན་ཁུངས།

ལུང་ཧྲན་ཆུས་ཀྱི་སྲོག་ཆགས་ལ་གཙོ་བོ་རི་དྭགས་དང་བྱ་རིགས་ཡོད་པ་དང་། དེ་མིན་ཉ་རིགས་དང་སྲིན་འབུའི་རིགས་ཀྱང་ཡོད།

5 མི་འབོར།

སྤྱི་ལོ2010ལོར་ལུང་ཧྲན་ཆུས་ཀྱི་སྤྱིའི་མི་འབོར297443(གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཐེམ་ཐོའི་དུད་ཚང་དང་མི་གྲངས)ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར235543ཡོད་པ་དེས་སྤྱིའི་མི་འབོར་གྱི79.2%བཟུང་བ་དང་། ཞིང་ལས་མི་འབོར61900ཡོད་པ་དེས་སྤྱིའི་མི་འབོར་གྱི20.8%བཟུང་བ། མི་འབོར་སྐྱེས་ཚད5.9%དང་། མི་འབོར་ཤི་ཚད4.6%ཡིན་ལ། མི་འབོར་རང་ཤུགས་སུ་འཕར་ཚད1.3%བཅས་ཡིན།

6 དཔལ་འབྱོར།

སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར143.5ལེགས་སྒྲུབ་བྱས་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས6.7%འཕར།  ཐོན་ལས་ཐད་ནས་བལྟས་ཚེ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.95ཟིན་ནས0.2%མར་ཆག་ཡོད།  ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར83.35ཟིན་ནས6.0%འཕར། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར58.2ཟིན་ནས8.0%འཕར།  ཐེངས་གསུམ་པོའི་ཐོན་ལས་བསྡུར་གྲངས་ནི1.5:1:40.5ཡིན་ལ། ཐོན་ལས་གསུམ་པོའི་བསྡུར་ཚད་དེ40%ལས་ཐོག་མར40%བརྒལ་བ་ཡིན། ལོ་གོང་མ་ལས་བརྒྱ་ཆའི1.5མཐོ་རུ་ཕྱིན་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་6.7%ཟིན། ཆ་ཚང་བའི་ནོར་སྲིད་ཡོང་འབབ་སྒོར་ཁྲི54454ཟིན་ནས་ལོ་སྔོན་མ་ལས2.4%མར་ཆག དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི52028ཟིན་ནས1.8%མར་ཆག ནོར་སྲིད་སྤྱིའི་ཡོང་འབབ་ཀྱི95.5%ཟིན་ལ། ཁྲལ་མིན་ཡོང་འབབ་སྒོར་ཁྲི2426ཟིན་ནས14.1%མར་ཆག ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི1467ཟིན་ནས20.9%མར་ཆག  སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི53660ཟིན་ནས16.2%མར་ཆག གཏོང་སྒོ་སྒོར་ཁྲི5000ཡན་ཟིན་པ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི17966ཟིན། སློབ་གསོའི་གཏོང་སྒོ་སྒོར་ཁྲི12642ཟིན། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི6517ཟིན་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་ཁྲི5925བཅས་ཟིན་ཡོད།

6_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ཞིང་ནགས་འབྲོག་ཞོར་ཉ་ལས་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.4ཟིན་པ་དེ་ལོ་སྔོན་མ་ལས0.8%འཕར་ཡོད། ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང5791ཟིན་ནས1.2%འཕར། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན34586ཟིན་ནས1.5%འཕར་བའི་ནང་མ་རྨོས་ལོ་ཏོག་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང5278དང་། ཐོན་ཚད་ཏུན32746ཡིན། ཆུ་འབྲས་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང188དང་ཐོན་ཚད་ཏུན1840ཡིན། སྲན་ཆེན་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང3དང་ཐོན་ཚད་ཏུན11བཅས་ཚུད་ཡོད།

ཕག19691ཡོད་པ་དེ་ལོ་སྔོན་མ་ལས8.2%འཕར་བ་དང་བཤས་ཚད26760ཟིན་ནས3.4%འཕར། བ་གླང3956ཡོད་པ་དེ15.8%མར་ཆག་པ་དང4841བཤས་ཤིང4.9%འཕར། ཁྱིམ་བྱ་ཁྲི66.7ཡོད་ལ57.7%འཕར་བ་དང་བཤས་ཚད་ཁྲི57ཟིན་ཞིང0.2%འཕར། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན1418ཡིན་ཞིང10.6%འཕར་ཡོད།

དེང་རབས་ཞིང་ལས་ཁུལ8དང་། ཞིང་ལས་སྣེ་འདྲེན་ཁེ་ལས10 འབྲོག་ལས་ཁུལ་ཆུང32 ཆེད་ལས་མཉམ་ལས་ཁང161བཅས་ཡོད་པ་ཡིན།

6_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས62ལ་རིམ་རྩིས་བརྒྱབ་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར323.3ཟིན་པ་དེ་ལོ་སྔོན་མ་ལས4.3%འཕར། རིན་ཐང་འཕར་མ་སྒོར་དུང་ཕྱུར97.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.6%འཕར། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར294མངོན་འགྱུར་བྱུང་ནས42%འཕར། ལས་གཉེར་ཁེ་སྤོགས་སྒོར་དུང་ཕྱུར8.2བྱུང་ནས15.7%འཕར། སྤུས་ལེགས་ཧ་ཡང་ལས་སྣོན་བྱེད་རྒྱུ་ནི་ཆུས་ཡོངས་ཀྱི་གལ་ཆེའི་རྟེན་གཞིའི་ཐོན་ལས་ཤིག་ཡིན་པ་དང་། རྒྱལ་ནང་གི་ལྕགས་ལམ་དང་། འཕྲུལ་འཁོར་རིགས་བཅས་ཀྱི་རྒྱུ་ཆ་དང་དམངས་སྤྱོད་ཨར་སྐྲུན་རྒྱུ་ཆ་ཐོན་སྐྱེད་ཀྱི་རྟེན་གཞིར་གྱུར་ནས་ལོ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར25.8ཟིན་པ་དེ་ལོ་སྔོན་མ་ལས13.95%འཕར་ཡོད། ད་ལྟ་ཁེ་སྤོགས་སྒོར་དུང་ཕྱུར6.6བྱུང་ནས8.1%འཕར། ཁྲལ་འབབ་སྣ་ཚོགས་སྒོར་དུང་ཕྱུར2.8མངོན་འགྱུར་བྱུང་ནས་ལྡབ1.7འཕར་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་འོས་བབ་ཡན་གྱི་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས66ཡོད་པའི་ནང་འཛུགས་སྐྲུན་གྱི་ལས་ཚད་ཡོད་པའི་ཁེ་ལས50ཡོད་པ་རེད། ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20.4ཟིན་ནས་ལོ་སྔོན་མ་དང་དོ་མཉམ་པ་ཡིན། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར46.8ཟིན་ནས10.4%འཕར། དེའི་ཁྲོད་ལོ་དེར་གན་རྒྱ་གསར་པ་འཇོག་ཚད་སྒོར་དུང་ཕྱུར20.3ཡིན་ལ0.5%མར་ཆག་ཡོད། གན་རྒྱའི་སྤྱི་འབོར་གྱི43.4%ཟིན། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི131.8ཟིན་ནས13.53%མར་ཆག དེའི་ནང་ལོ་དེར་གསར་དུ་ལས་འགོ་ཚུགས་པའི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི49.8ཟིན་ནས13.2%འཕར་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར120.3ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས9.3%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱི་བསྡུར་ཚད་ཀྱི53.2%བཟུང་ཡོད། དེའི་ནང་དྲ་སྦྲེལ་ཐད་གཏོང་ཚན་པ80ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར25.8ཟིན་ནས7.8%མར་ཆག་པ་དེས་སིལ་ཚོང་བསྡོམས་འབོར་གྱི21.5%བཟུང་ཡོད།

སྤྱི་ལོ2016ལོར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི5192ཟིན་པ་དེ་ལོ་སྔོན་མ་ལས་1.2%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱི་རིན་ཐང་བསྡོམས་འབོར་གྱི17.4%བཟུང་ཡོད། དེའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི496ཟིན་ནས19.8%འཕར་བ་དང་། ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི4696ཟིན་ནས43.9%འཕར་ཡོད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་གཙོ་གནད་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས26ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་དུད་ཚང་གི49%བཟུང་། ལས་ཞུགས་མི་སྣ4567ཡོད་པ་དང་། རིམ་རྩིས་བྱས་ན་ལས་གཉེར་ཡོང་འབབ་སྒོར་ཁྲི88867ཟིན་ནས7.0%འཕར་ཡོད། ཁྲལ་དངུལ་སྣ་ཚོགས་སྒོར་ཁྲི3922འཇལ་ནས117%འཕར་ཡོད་པ་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་བྱུང་ཐོན་ཁུངས། མི་འབོར།