ཅང་ཡོན་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-06 11:36ལ་འགྲུབ།

ཅང་ཡོན་ཆུས།

ཅང་ཡོན་ཆུས།
ཅང་ཡོན་ཆུས་ནི་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་གྱི་གྲོང་ཁུལ་གཉིས་ཀྱི་གྲས་ཤིག་ཡིན་ཞིང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། པའེ་ཧྲན་གྲོང་ཁྱེར་གྱི་ནུབ་རྒྱུད། ཤར་ངོས་ཧྥུ་སུང་རྫོང་དང་འབྲེལ་ཡོད་ཅིང་། ནུབ་བྱང་ལིའུ་ཧུ་རྫོང་དང་འབྲེལ་མཚམས་ཡིན་ལ། ལྷོ་ནུབ་དང་ཧུན་ཅང་ཆུས་ཕན་ཚུན་འབྲེལ་ཞིང་། ལྷོ་ཕྱོགས་ལིན་ཅང་གྲོང་ཁྱེར་དང་འབྲེལ་ལ། བྱང་རྒྱུད་ཅིང་ཡུས་རྫོང་གི་ས་མཚམས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1348ཟིན་ཡོད། སྤྱི་ལོ2003ལོར་ཅང་ཡོན་ཆུས་ཀྱི་སྤྱིའི་མི་འབོར268466ཡོད་ཅིང་། སྤྱི་ལོ2013ལོའི་བར་ཅང་ཡོན་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ6དང་ཁྲོམ་གཞུང4ཡོད། སྤྱི་ལོ2013ལོར་ཅང་ཡོན་ཆུས་སུ་སྒོར་དུང་ཕྱུརGDP143ཟིན་པ་དེ་སྤྱི་ལོ2012ལོ་ལས4%འཕར་ཡོད། ཅང་ཡོན་ཆུས་ནི་ཀྲུང་གོའི་མོག་རོ་ནག་པོའི་ཕ་ཡུལ་དང་ཀྲུང་གོའི་རྡོ་སུང་ཧྭ(松花石)ཡི་ཕ་ཡུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江源区
མིང་གཞན།
ཅང་ཡོན་རྫོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1348ཡོད།
མི་གྲངས།
མི268466(སྤྱི་ལོ2003ལོ)ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཡུལ་སྐད།
བྱང་ཤར་སྐད།  ཁྲའོ་ཞན་སྐད།
མངའ་ཁོངས།
གྲོང་རྡལ6དང་ཁྲོམ་གཞུང4ཡོད།
རླངས་འཁོར་ཚབ་ཨང་།
吉F
སྲིད་འཛིན་ཁག་བགོས་ཚབ་ཨང་།
220605
ས་ཁོངས་ཁ་པར་ཨང་གྲངས།
0439
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་པེ་ཧྲན་གྲོང་ཁྱེར།
ནམ་ཟླ།
དྲོད་རྒྱུད་བྱང་མའི་དུས་རླུང་ནམ་ཟླ།
གནས་ཡུལ།
ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
1 འཛུགས་སྐྲུན་འཕེལ་རིམ།

སུང་ལིའོ་རྒྱལ་རབས་ཀྱི་སྐབས་སུ་ཏུང་ཅིན་ཏའོ་ལུའུ་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས་པ་དང་། མིན་རྒྱལ་རབས་ཀྱི་སྐབས་སུ་ཅན་ཀྲོའུ་ཝེ་ཡི་མངའ་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་སུ། ཅང་ཡོན་ནི་ཧྲེང་ཅིན་ལ་གཏོགས་པ་དང་། ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པར(སྤྱི་ལོ1902ལོར)ལིན་ཅང་རྫོང་གི་ཅང་ཡོན་ཆུས་ཀྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1945ལོའི་རྗེས་ནས་ལིན་ཅང་རྫོང་གི་ཁོངས་སུ་གཏོགས་པའི་གྲོང་རྡལ་གྱི་མིང་ལ་སུན་ཅ་པའོ་ཙི(ཁུལ་དབྱེ་འཕེལ་རིམ་ལིན་ཅང་གྲོང་ཁྱེར་དང་མཚུངས)ཟེར།

སྤྱི་ལོ1946ལོའི་ཟླ7པར། ལིན་ཅང་ནི་ལིའོ་ཉིང་ཞིང་ཆེན་ཐུང་ཧྭ་ཆེད་ཁུལ་གྱི་སྡོད་གནས་ཡིན་པ་དང་། སན་ཁྲ་ཙི་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཐུང་ཧྭ་ཆེད་ཁུལ་ལིན་ཅང་རྫོང་གི་ཁོངས་སུ་གཏོགས་པ་ཡིན།

སྤྱི་ལོ1948ལོའི་ཟླ2པའི་ཚེས11ཉིན་ལིའོ་ཉིང་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དུ་ཕྱིར་ལོག་བྱས། ཟླ6པའི་ཚེས21ཉིན་ཨན་ཏུང་གི་མངའ་ཁོངས་སུ་བགོས།

སྤྱི་ལོ1956ལོར་སན་ཁྲ་ཙི་གྲོང་རྡལ་བཙུགས་ཤིང་ལིན་ཅང་རྫོང་གི་ཁོངས་གཏོགས་གྲོང་རྡལ་ཡིན། སྤྱི་ལོ1960ལོར་ལིན་ཅང་རྫོང་མེད་པར་བཟོས་ནས་ཧུན་ཅང་གྲོང་ཁྱེར་བཙུགས་ནས་ཧུན་ཅང་གྲོང་ཁྱེར(རྫོང་རིམ་པའི)ཁོངས་གཏོགས་ཀྱི་གྲོང་རྡལ་ཡིན།

སྤྱི་ལོ1985ལོའི་སྔོན་དུ་ཧུན་ཅང་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)གྱི་ཁོངས་སུ་གཏོགས་པ་ཡིན།

སྤྱི་ལོ1985ལོའི་ཟླ2པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུན་ཅང་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད་པ་དང་། པ་ཏོ་ཅང་ཆུས་དང་ལིན་ཅང་ཆུས། སན་ཁྲ་ཙི་ཆུས་བཅས་བཙུགས་པ་ཡིན།

སྤྱི་ལོ1994ལོའི་ཟླ1པོའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧུན་ཅང་གྲོང་ཁྱེར་གྱི་མིང་དེ་པའེ་ཧྲན་གྲོང་ཁྱེར་དུ་བསྒྱུར་བ་དང་། ཧུན་ཅང་གྲོང་ཁྱེར་སན་ཁྲ་ཙི་ཆུས་ཀྱི་མིང་དེ་པའེ་ཧྲན་གྲོང་ཁྱེར་སན་ཁྲ་ཙི་ཆུས་ལ་བསྒྱུར།

སྤྱི་ལོ1995ལོའི་ཟླ12པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པའེ་ཧྲན་གྲོང་ཁྱེར་སན་ཁྲ་ཙི་ཆུས་ནི་ཅི་ལིན་ཞིང་ཆེན་ཅང་ཡོན་རྫོང་དུ་བསྒྱུར།

སྤྱི་ལོ2006ལོའི་ཟླ6པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དོན། ཅི་ལིན་ཞིང་ཆེན་གྱི་ཅང་ཡོན་རྫོང་ཕྱིར་འཐེན་བྱས་ཏེ། པའེ་ཧྲན་གྲོང་ཁྱེར་ཅང་ཡོན་ཆུས་སླར་གསོ་བྱས་ནས་འཛུགས་པར་འཐད་པ་བྱུང་ཞིང་། དེ་སྔའི་ཅང་ཡོན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཅང་ཡོན་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ཁུལ་མི་དམངས་སྲིད་གཞུང་ནི་སུན་ཅ་པའོ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་ཡིན།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1962ལོའི་ཟླ10བར། སན་ཁྲ་ཙི་ཀུང་ཧྲེའི་ཁོངས་གཏོགས་ལ་ཐོན་སྐྱེད་རུ་ཆེན4ཡོད།

སྤྱི་ལོ1979ལོའི་ཟླ12པར། སན་ཁྲ་ཙི་གྲོང་རྡལ་ཁོངས་གཏོགས་ལ་ཐོན་སྐྱེད་རུ་ཆེན2(ནགས་བཟོ་དང་། ནགས་གསོ)ཡོད།

སྤྱི་ལོ1986ལོའི་ཟླ1པོར། སན་ཁྲ་ཙི་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ6དང་། སྲང་ལམ་དོན་གཅོད་ཁང4 གྲོང་ཚོ60བཅས་ཡོད།

སྤྱི་ལོ1996ལོའི་ཟླ1པོའི་ཚེས4ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡིག་ཆའི་བརྡ་ཐོ་ལྟར་ན། དམངས་སྲིད་པུའུ་ཡིས་སྤྱི་ལོ1995ལོའི་ཟླ12པའི་ཚེས30ཉིན་མཆན་བཀོད་བཀའ་ལན་གནང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པའེ་ཧྲན་གྲོང་ཁྱེར་སན་ཁྲ་ཙི་ཆུས་མེད་པར་བཟོས་ནས་ཅང་ཡོན་རྫོང་བཙུགས་པ་དང་། དེ་སྔའི་སན་ཁྲ་ཙི་ཆུས་ཀྱི་སྲིད་འཛིན་ས་ཁོངས་དེ་ཅང་ཡོན་རྫོང་གི་སྲིད་འཛིན་ས་ཁོངས་ཡིན་ལ། རྫོང་སྲིད་གཞུང་གིས་སྔར་བཞིན་སུན་ཅ་པའོ་གྲོང་རྡལ་དུ་བཅའ་སྡོད་བྱ་རྒྱུ་དང་། ཅང་ཡོན་རྫོང་ནི་སྔར་བཞིན་པའེ་ཧྲན་གྲོང་ཁྱེར་གྱིས་བདག་སྐྱོང་བྱེད་པ་ཡིན། ཟླ2པར་ཅང་ཡོན་རྫོང་མངའ་ཁོངས་སུ་གྲོང་རྡལ7དང་། ཡུལ་ཚོ3 སྡེ་ཁུལ147 གྲོང་ཚོ60བཅས་ཡོད།

སྤྱི་ལོ2000ལོར་ཅང་ཡོན་རྫོང་གི་མངའ་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ3ཡོད།

སྤྱི་ལོ2000ལོའི་ཟླ12པའི་ཚེས22ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅི་ལིན་ཞིང་ཆེན་དམངས་སྲིད་ཐིང་གིས་ཡིག་ཆ་བཀྲམ་ནས། ཅང་ཡོན་རྫོང་ཏ་ཧྲི་ཕེང་ཙི་ཡུལ་ཚོ་དང་ཡུས་མུའུ་ཆའོ་ཙི་ཡུལ་ཚོ་མེད་པར་བཟོས་ཏེ། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཧྲི་རེན་གྲོང་རྡལ་གྱི་བདག་སྐྱོང་བྱེད་ཁོངས་སུ་བཅུག ཏ་ཧྲི་ཡུལ་ཚོ་ནས་ཕྱིར་འཐེན་བྱས་ཏེ་ཏ་ཧྲི་རེན་གྲོང་རྡལ་བཙུགས། དེ་སྔའི་ཧྲི་རེན་གྲོང་རྡལ་གྱི་བདག་སྐྱོང་བྱེད་ཁོངས་ཀྱི་འོད་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ་དེ་ཏ་ཧྲི་རེན་གྲོང་རྡལ་གྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་རྒྱུ་དང་། ཡུལ་ཚོ་དང་གྲོང་རྡལ་ཟླ་སྒྲིལ་གཏོང་རྒྱུ་དང་། ཡུལ་ཚོ་གྲོང་རྡལ་དུ་བསྒྱུར་རྗེས་གྲོང་རྡལ་སྲིད་གཞུང་གི་སྡོད་གནས་མི་འགྱུར་བར་བྱས་པ་ཡིན།

སྤྱི་ལོ2003ལོའི་ལོ་མཇུག་ཏུ་ཅང་ཡོན་རྫོང་མངའ་ཁོངས་སུ་གྲོང་རྡལ8ཡོད།

སྤྱི་ལོ2013ལོར་ཅང་ཡོན་ཆུས་ཁོངས་གཏོགས་སུ་གྲོང་རྡལ6ཡོད་པ་སྟེ། སུང་ཧྲུའུ་གྲོང་རྡལ་དང་། དབན་ལུང་གྲོང་རྡལ། ཏ་དབྱང་ཁྲ་གྲོང་རྡལ། ཧུའེ་ཙི་གྲོང་རྡལ། ཧྲི་རེན་གྲོང་རྡལ། ཏ་ཧྲི་རེན་གྲོང་རྡལ་བཅས་དང་ཁྲོམ་གཞུང4སྟེ། སུན་ཅ་པའོ་ཙི་ཁྲོམ་གཞུང་དང་། ཅང་ཡོན་ཁྲོམ་གཞུང་། ཁྲེན་ཆང་ཁྲོམ་གཞུང་། ཀྲེང་ཁྲ་ཁྲོམ་གཞུང་བཅས་ཡིན་ལ། ཁྱོན་བསྡོམས་གྲོང་ཚོ60དང་སྡེ་ཁུལ29ཡོད་པ་ཡིན།

3  ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཅང་ཡོན་ཆུས་ནི་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་གྱི་གྲོང་ཁུལ་གཉིས་ཀྱི་གྲས་ཤིག་ཡིན་ཞིང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། པའེ་ཧྲན་གྲོང་ཁྱེར་གྱི་ནུབ་རྒྱུད། ཤར་ངོས་ཧྥུ་སུང་རྫོང་དང་འབྲེལ་ཡོད་ཅིང་། ནུབ་བྱང་ལིའུ་ཧུ་རྫོང་དང་འབྲེལ་མཚམས་ཡིན་ལ། ལྷོ་ནུབ་དང་ཧུན་ཅང་ཆུས་ཕན་ཚུན་འབྲེལ་ཞིང་། ལྷོ་ཕྱོགས་ལིན་ཅང་གྲོང་ཁྱེར་དང་འབྲེལ་ལ། བྱང་རྒྱུད་ཅིང་ཡུས་རྫོང་གི་ས་མཚམས་དང་འབྲེལ་ཡོད།  ཤར་ནུབ་གཉིས་ཀྱི་བར་ཐག་ལ་སྤྱི་ལེ69དང་ལྷོ་བྱང་གཉིས་ཀྱི་བར་ཐག་ལ་སྤྱི་ལེ44.4  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1348ཟིན་ཡོད།

3_2 ས་བབ།

ཅང་ཡོན་ཆུས་ཀྱི་ས་བབ་རྙོག་འཛིང་ཆེ་བ་དང་། ཆུ་བོ་ཀྱག་ཀྱོག་མང་ཞིང་ལུང་ཤུར་བསྣོལ་བ་ཡིན། ས་ཁོངས་སུ་ལའོ་ལིང་རི་རྒྱུད་དང་ལུང་ཀང་རི་རྒྱུད་ཡོད་ལ། ལའོ་ལིན་རི་རྒྱུད་ནི་བྱང་ཤར་ནས་རྫོང་དང་ཆུས་སུ་ཁྱབ་པ་དང་། དེ་ནི་ཅང་ཡོན་ཆུས་དང་ལིན་ཅང་གྲོང་ཁྱེར་དབྱེ་མཚམས་ཀྱི་རི་རྒྱུད་ཡིན་ལ། ཧུན་ཅང་གཙང་པོའི་ཆུ་རྒྱུད་དང་ཡ་ལུའུ་གཙང་པོའི་ཆུ་རྒྱུད་ཀྱི་དབྱེ་མཚམས་ཡིན། ལུང་ཀང་རི་རྒྱུད་ནི་ཤར་ནས་ནུབ་ཏུ་རྫོང་དང་ཆུས་སུ་ཁྱབ་པ་དང་། དེ་ནི་ཅང་ཡོན་ཆུས་དང་ཅིང་ཡུས་རྫོང་གི་དབྱེ་མཚམས་ཡིན། ལུང་སྒང་རི་རྒྱུད་དང་ལའོ་ལིང་རི་རྒྱུད་ནི་རི་ཁུལ་དམའ་འབྲིང་གི་ཁོངས་སུ་གཏོགས་པ་དང་། ཐོའུ་ཏའོ་སུང་ཧྭ་གཙང་པོ་དང་ཧུན་ཅང་གཙང་པོའི་འབབ་རྒྱུད་གཉིས་ནི་གུ་དོག་པའི་ལུང་ཁུག་ཡིན།

3_3 ནམ་ཟླ།

ཅང་ཡོན་ཆུས་ནི་འཕྲེད་ཐིག་བར་མའི་སྐམ་སའི་དབུས་ཁུལ་གྱི་རི་ཁུལ་དུ་གནས་པ་དང་། དྲོད་རྒྱུད་བྱང་མའི་སྐམ་སའི་རང་བཞིན་གྱི་ཨེ་ཤ་ཡ་ཤར་མའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དགུན་དུས་རིང་ཞིང་གྲང་ངར་ཆེ་ལ་བྱང་རླུང་མང་། དཔྱིད་དུས་ཚོད་ཐུང་བ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ལ་ནུབ་ལྷོའི་རླུང་མང་། དབྱར་དུས་བརླན་གཤེར་ཆེ་ལ་ཆར་ཆུ་མང་། སྟོན་དུས་བསིལ་ལ་གནམ་གཤིས་ཧ་ཅང་དྭངས། གྲང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བ་མོ་ཐོན་སྔ་བ་དང་སད་མེད་ཀྱི་དུས་ཉིན140ཡས་མས་ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད4℃ཡས་མས་ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི910ཡས་མས་ཡིན། ལོ་ཧྲིལ་པོའི་ཉི་འོད་ཕོག་པའི་དུས་ཚོད2002 ཡས་མས་སུ་སླེབས་ཡོད།

4 མི་གྲངས་དང་མི་རིགས།

སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དཔྱད་གཞི་ལས་མངོན་པར། ཆུས་དེར་བསྡོམས་པས་མི་རིགས34ཡོད་པ་དང་། མི་རིགས་ཁག་གི་མི་འབོར་ཁྱབ་ཚུལ་ནི། རྒྱ་རིགས་མི་གྲངས253892 སོག་རིགས་མི་གྲངས320 ཧུའེ་རིགས་མི་གྲངས1152 བོད་རིགས་མི་གྲངས42 ཡུ་གུར་རིགས་མི་གྲངས133 མིའོ་རིགས་མི་གྲངས46 དབྱིས་རིགས་མི་གྲངས86 ཀྲོང་རིགས་མི་གྲངས36 པུའུ་དབྱི་རིགས་མི་གྲངས99 ཁྲའོ་ཞན་རིགས་མི་གྲངས1009 མན་ཇུ་རིགས་མི་གྲངས2640 ཏུང་རིགས་མི་གྲངས10 ཡའོ་རིགས་མི་གྲངས2 པའེ་རིགས་མི་གྲངས3  ཐུའུ་ཅ་རིགས་མི་གྲངས5 ཧ་ཉི་རིགས་མི་གྲངས2  ཀའོ་ཧྲན་རིགས་མི་གྲངས11བཅས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།

སྤྱི་ལོ2003ལོར་ཅང་ཡོན་ཆུས་ཀྱི་མི་འབོར་བསྡོམས་འབོར268446ཡོད་པ་དང་དུད་ཚང་བསྡོམས་འབོར93902ཡོད། མི་གྲངས་བསྡོམས་འབོར་ནང་སྐྱེས་པ་མི137537དང་སྐྱེས་མ་མི130929ཡོད། ཕོ་མོའི་བསྡུར་ཚད་ནི105:100ཡིན། ཞིང་ལས་མིན་པའི་མི་འབོར203688ཡོད་པ་དང་། དུས་ཡུན་རིང་པོར་གནས་སྐབས་སུ་སྡོད་པའི་ཐེམ་ཐོ་ཡོད་པའི་མི6088ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་ཅང་ཡོན་ཆུས་ལ་སྒོར་དུང་ཕྱུརGDP143ཟིན་པ་དེ་སྤྱི་ལོ2012ལོ་ལས4%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར6.5དང་། སྒོར་དུང་ཕྱུར91.5  སྒོར་དུང་ཕྱུར45བཅས་ལེགས་གྲུབ་བྱུང་ནས་སོ་སོར14.7%དང་། 21.8% 35.4%བཅས་འཕར་བ་དང་ཐོན་ལས་གསུམ་པའི་བསྡུར་ཚད4.5:64:31.5བར་ལེགས་སྒྲིག་བྱས་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར152.5བཏང་བ་དེ་སྤྱི་ལོ2012ལོ་ལས25%འཕར། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་དང་ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སོ་སོར་སྒོར་དུང་ཕྱུར8.15དང་སྒོར་དུང་ཕྱུར6.59ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས21.8%དང6.85%མར་ཆག་ཡོད། སྔོན་རྩིས་བྱས་ན་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར20.6ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས8.8%མར་ཆག གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སོ་སོར་སྒོར19211དང་སྒོར10729ཟིན་པ་དང་སྤྱི་ལོ2012ལོ་ལས15%དང17%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ཅང་ཡོན་ཆུས་ཀྱི་དཔལ་འབྱོར་སྐྱེ་དངོས་རྒྱ་ཁྱོན་མུའུ་ཁྲི2.36ཟིན་པ་དང་གསར་ཐོན་སྔོ་ཚོད་མུའུ1075མང་དུ་ཕྱིན་ཡོད། མོག་རོ་ནག་པོ་དང་། ཤ་མོ། ཡུས་ཧོང་ཤ་མོ་སོགས་ལོ་རེར་ཤ་མོའི་ཐོན་ནུས་ཁུག་མ་ཁྲི5200ལས་བརྒལ་བ་དང་། བྲོ་སྣ་ལྔ་དང་སྡོང་ཕུང་སོགས་ལམ་རྒྱུད་ཀྱི་རྩྭ་སྨན་ཉར་འཇོག་རྒྱ་ཁྱོན་ལ་མུའུ་ཁྲི2ཟིན། ཁྲང་པའེ་རི་བོའི་ནོར་ནག་དང་། ཤྭ་བ། ཕག་རྒོད། རི་སྦྲང་། ཉ་སོགས་དཔལ་འབྱོར་སྲོག་ཆགས་གསོ་ཚགས་ལས་རིགས་འཕེལ་རྒྱས་ཅུང་ཇེ་མགྱོགས་སུ་ཕྱིན། ཅང་ཡོན་ཆུས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5མངོན་འགྱུར་བྱུང་བ་དེས་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར40.3%བཟུང་ཡོད། སྤྱི་ལོ2013ལོར་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས1དང་། གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས3 ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི3 མོག་རོ་ནག་པོའི་རྟེན་གཞི3བཅས་གསར་སྣོན་བྱས་པ་ཡིན། ཐེན་ཧྲེང་ཞིང་ལས་དང་ཡུས་ཁྲེང་གསོ་ཚགས་ནི་ཅང་ཡོན་ཆུས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ཅང་ཡོན་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་སྤྱིའི་རིན་ཐང་སྒོར་དུང་ཕྱུར268.2ཟིན་པ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར84.8བྱུང་ནས་ཁེ་སྤོགས་སྒོར་དུང་ཕྱུར4.3བྱུང་ཡོད། སྤྱིའི2013ལོར་ཧྥུའུ་ཞང་འཛུགས་སྐྲུན་རྒྱུ་ཆ་སོགས་ཁེ་ལས16ལ་དངུལ་བུན་སྒོར་དུང་ཕྱུར1.47གཏོང་རྒྱུའི་མཐུན་སྦྱོར་བྱས་པ་ཡིན། ཏུན་ཡུན་རྡོ་སོལ་རྫས་འགྱུར་བཟོ་ལས་ཏུན་ཁྲི20ཡི་རྡོ་སོལ་སྲེག་སྣུམ་ལས་སྣོན་དང་། སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1LNGདང་། ལིན་ཡོན་ཁྲུན་བཅས་ཁྲང་པའེ་རི་བོའི་ཁྱད་ལྡན་ཁུ་ལྡན་ཤིང་འབྲས་ཏུན་ཁྲི1.5སོགས་གཙོ་གནད་རྣམ་གྲངས9ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་མཛོད་ཁང་ནང་བཅུག་ནས་ཞིང་ཆེན་རིམ་པའི་ལག་རྩལ་སྒྱུར་བཅོས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི450བརྩོན་ལེན་བྱས་པ་ཡིན། རུའེ་ཞིན་ལུགས་རྒྱག་དང་ཧུའེ་ཡོན་བཟོ་ལས་སོགས་ཁེ་ལས141ལ་མ་དངུལ་སྒོར་དུང་ཕྱུར70.2བཏང་ནས་ཐོན་སྐྱེད་བརྒྱུད་རིམ་དང་ཐོན་རྫས་བཟོ་རྩལ་ལ་ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་བྱས་པ་ཡིན།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར། ཅང་ཡོན་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར26ཟིན་ནས་སྤྱི་ལོ2012ལོ་ལས12.6%འཕར་ཡོད། སྤྱི་ལོ2013ལོར་ཐོན་ལས་གསུམ་པའི་རྣམ་གྲངས16གསར་དུ་ལས་འགོ་བཙུགས་པའི་ནང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.2བཏང་བའི་དབྱི་ཝུའུ་ཚོང་ཟོག་ཆུང་གྲས་ཉོ་ཚོང་གྲོང་དུ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི7500བཏང་བས། ཁྲང་པའེ་རི་བོའི་ཆི་ཧྲི་རིག་གནས་གྲོང་གི་ཐེངས་གཉིས་པ་དང་དུས་གསུམ་པ་སོགས་རྣམ་གྲངས5ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན་ཆུས་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར45.5ཟིན་པ་དེ་སྤྱི་ལོ2012ལོ་ལས21%འཕར་རྒྱུ་དང་། ལས་ཞུགས་མི་སྣ་ཁྲི3.5ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི83.3%བཟུང་བ་དང་སྤྱི་ལོ2012ལོ་ལས10.5%འཕར་ཡོད།  

དཔྱད་གཞིའི་ཡིག་ཆ།