དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-06 10:28ལ་འགྲུབ།

དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་།

དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་།
དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ནི་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་མན་ཇུ་རིགས་རང་སྐྱོང་རྫོང་གཅིག་པུ་དེ་ཡིན། “དབྱི་ཐུང”ཞེས་པ་ནི་མན་ཇུའི་སྐད་ཀྱི་སྒྲ་སྒྱུར་ཡིན་ཞིང་། དབྱི་ཐུང་གཙང་པོའི་མིང་ལས་བྱུང་བ་དང་། “ཟིལ་ཆེ་ལ་ལང་ལོང་དུ་འཕྱུར་བའི་ཆུ་བོ”ཞེས་པའི་དོན་ཡིན། དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་དབུས་རྒྱུད་དང་། དབྱི་ཐུང་གཙང་པོའི་སྟོད་རྒྱུད། ཞིང་ཆེན་གྱི་ལྟེ་གནས་ཏེ་ཁྲང་ཁྲུན་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཆགས་ཡོད། ཤར་ངོས་ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་དང་། ཤར་ལྷོ་ཕན་ཧྲི་གྲོང་ཁྱེར་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ཏུང་ཧྥེང་དང་ཏུང་ལེའོ་རྫོང་གཉིས་དང་འབྲེལ་ལ། ལྷོ་ནུབ་ལི་ཧྲུའུ་རྫོང་དང་འབྲེལ་ཡོད། ལྷོ་ནུབ་དང་ནུབ་བྱང་ནི་ཀུང་ཀྲུའུ་ལིང་གྲོང་ཁྱེར་དང་འབྲེལ། བྱང་ངོས་ཁྲང་ཁྲུན་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ76ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ66ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2523བཅས་ཡོད། ཆེས་ཐོག་མར་ཀོང་ཞུས་ལོ་བརྒྱད་པར(སྤྱི་ལོ1882ལོར)དབྱི་ཐུང་ཀྲོའུ་རུ་རིམ་འཕར་བྱས་པ་དང་། ཞོན་ཐུང་ཁྲི་ལོ་དང་པོར(སྤྱི་ལོ1909ལོར)དབྱི་ཐུང་ཀྲི་ལི་ཀྲོའུ་རུ་རིམ་འཕར་བྱས། སྤྱི་ལོ1913ལོར་ཀྲོའུ་རུ་འཐེན་ནས་རྫོང་བཙུགས་ཤིང་། སྤྱི་ལོ1988ལོའི་ཟླ8པའི་ཚེས30ཉིན་དབྱི་ཐུང་རྫོང་མེད་པར་བཟོས་ནས་དབྱི་ཐུང་མན་ཙུའུ་རང་སྐྱོང་རྫོང་བཙུགས། སྤྱི་ལོ2016ལོའི་ཟླ11པར་སི་ཕིང་གྲོང་ཁྱེར་གྱི་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ནི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་གཉིས་པའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་པ་ཡིན། སྤྱི་ལོ2018ལོའི་ཟླ12པའི་ཚེས29ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྐོར་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་ཁུལ(ཚན་པ)ཞེས་པའི་མཚན་སྙན་གནང་། སྤྱི་ལོ2019ལོར་སྐོར་ཐེངས་གཉིས་པའི་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྫོང་ཁག་གི་གྲས་སུ་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊通满族自治县
ཕྱི་ཡིག་གི་མིང་།
Yitong Manchu Autonomous County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
མི་གྲངས།
མི481998(སྤྱི་ལོ2010年ལོར)ཡོད།
ནམ་ཟླ།
དྲོད་འབྲིང་ཁུལ་གྱི་བརླན་གཤེར་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2523ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0434
རླངས་འཁོར་ཚབ་ཨང་།
吉C
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
220323
སྲིད་གཞུང་གནས་ཡུལ།
དབྱི་ཐུང་གྲོང་རྡལ།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར།
མངའ་ཁོངས།
དབྱི་ཐུང་གྲོང་རྡལ་དང་། ཨར་ཏའོ་གྲོང་རྡལ། དབྱི་ཏན་གྲོང་རྡལ་སོགས།
མེ་འཁོར་འབབ་ཚུགས།
དབྱི་ཐུང་འབབ་ཚིགས།
སྦྲག་སྲིད་ཨང་རྟགས།
130700
1 ལོ་རྒྱུས་འཕེལ་རིམ།

ཅིན་རྒྱལ་རབས་ཀྱི་སྐབས་སུ་དབྱི་ཐུང་ནི་དབྱི་ལོའུ་ཡི་མངའ་ཁོངས་སུ་གཏོགས།

རྒྱལ་རབས་ལྷོ་མའི་སྐབས་སུ་ཝུའུ་ཅི་པའེ་ཧྲན་གྱི་མངའ་ཁོངས་སུ་གཏོགས།

སུའེ་རྒྱལ་རབས་ཀྱི་སྐབས་སུ་ཀའོ་ཅིའུ་ལིའི་མངའ་ཁོངས་སུ་གཏོགས།

ཐང་རྒྱལ་རབས་ཀྱི་སྐབས་སུ་པོ་ཧའེ་རྒྱལ་ཁབ་བཙུགས་ཤིང་། དབྱི་ཐུང་ནི་ཀྲུང་ཅིན་ཞན་ཏེ་ཧྥུ་རུང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས།

རྒྱལ་རབས་ལྔའི་སྐབས་སུ་ལིའོ་ཡིས་པོ་ཧའེ་རྒྱལ་ཁབ་བསྣུབས་ཏེ་ཏུང་ཏན་རྒྱལ་ཁབ་བཙུགས་ཤིང་། དབྱི་ཐུང་ཧོང་ཝང་ཧུའེ་ཧྥ་པུའུ་ཡི་མངའ་ཁོངས་སུ་གཏོགས།

ཀོང་ཞུས་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ1887ལོར)མོ་ཕན་ཧྲན་ལ་བགོས་ནས་སྐོར་སྲུང་བྱས་ཏེ། དབྱེ་ཁུལ་དུ་བསྒྱུར་ཞིང་། དབྱི་ཐུང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས།

ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པར(སྤྱི་ལོ1902ལོར)མོ་ཕན་ཧྲན་ཧྥུན་ཀྲོའུ་དབྱི་ཐུང་ཀྲོའུ་ནས་ལོགས་སུ་བགར་ཞིང་། ཕེན་ཧྲི་རྫོང་བཙུགས་ནས་དབྱི་ཐུང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས་པར་བྱས།

ཀོང་ཞུས་ཁྲི་ལོ་ཉེར་དགུ་པར(སྤྱི་ལོ1903ལོར)ཧོར་སུའུ་ཡན་ལག་ཀྲོའུ་བཙུགས་ནས་དབྱི་ཐུང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས་པར་བྱས།

གོང་མ་ཞོན་ཐུང་ཁྲི་ལོ་དང་པོར(སྤྱི་ལོ1909ལོར)དབྱི་ཐུང་ཀྲོའུ་ཀྲི་ལི་ཀྲོའུ་རུ་རིམ་པ་འཕར།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོའི་ཟླ3པར)ཀྲོའུ་ཕྱིར་འཐེན་བྱས་ནས་རྫོང་བཙུགས་པ་དེར་དབྱི་ཐུང་རྫོང་ཟེར་ཞིང་། དེ་ཁྲང་ཁྲུན་ཏའོ་ཡི་མངའ་ཁོངས་སུ་གཏོགས་པ་དང་། རྫོང་ཀུང་ཧྲུའུ་བཙུགས་ལ། རྫོང་གི་རྫོང་དཔོན་བཅས་བཙུགས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོའི་ཟླ2པར)རྫོང་ཀུང་ཧྲུའུ་རྫོང་སྲིད་གཞུང་ཞེས་པར་བསྒྱུར་རྒྱུ་དང་། རྫོང་གི་རྫོང་དཔོན་ལ་བསྒྱུར་རྒྱུ་བྱས།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)དབྱི་ཐུང་རྫོང་ཀུང་ཧྲུའུ་རྫུས་མ་བཙུགས་ཤིང་ཅི་ལིན་ཞིང་ཆེན་རྫུན་མའི་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་བར(སྤྱི་ལོ1941ལོའི་ཟླ1པོའི་ཚེས1ཉིན།)དབྱི་ཐུང་རྫོང་དང་ཧྲོང་དབྱང་རྫོང་གཉིས་ཟླ་སྒྲིལ་བཏང་བ་དེར་ཐུང་དབྱང་རྫོང་ཟེར་ཞིང་། རྫོང་རྫུས་མའི་ཀུང་ཧྲུའུ་དབྱི་ཐུང་ཁྲོམ་གཞུང་དུ་བཙུགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པར(སྤྱི་ལོ1946ལོའི་ཟླ3པའི་ཚེས15ཉིན།)ཐུང་དབྱང་རྫོང་མེད་པར་བཟོས་པ་དང་། དབྱི་ཐུང་རྫོང་དང་ཧྲོང་དབྱང་རྫོང་སླར་གསོ་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པར(སྤྱི་ལོ1946ལོའི་ཟླ5བའི་ཚེས20ཉིན།)གོ་མིན་ཏང་གིས་དབྱི་ཐུང་བཅད་བཟུང་བྱས་ནས། དབྱི་ཐུང་རྫོང་སྲིད་གཞུང་ཧུའེ་ནན་རྫོང་གི་མངའ་ཁོངས་སུ་གནས་སྤོས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1947ལོའི་ཟླ10བའི་ཚེས1ཉིན། )དབྱི་ཐུང་རྫོང་བཅིངས་འགྲོལ་བཏང་བ་དང་། དབྱི་ཐུང་རྫོང་སྲིད་གཞུང་དབྱི་ཐུང་རྫོང་མཁར་དུ་ཕྱིར་གནས་སྤོ་བྱས་ཤིང་། ཅི་ལིན་ཞིང་ཆེན་གྱི་མངའ་ཁོངས་ཆུ་གཏོགས་པར་བྱས།

སྤྱི་ལོ1956ལོའི་ཟླ11པར། དབྱི་ཐུང་རྫོང་ནི་ཀུང་ཀྲུའུ་ལིང་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་གཏོགས།

1958ལོར་དབྱི་ཐུང་རྫོང་དེ་སི་ཕིང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ8པར། དབྱི་ཐུང་རྫོང་ནི་སི་ཕིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1985ལོའི་ཟླ2པར། དབྱི་ཐུང་རྫོང་ནི་ཀུང་ཀྲུའུ་ལིང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་པ་དང་། ལོ་དེའི་ཟླ12པར་སླར་ཡང་སི་ཕིང་གྲོང་ཁྱེར་གྱི་མངའ་འོག་ཏུ་བསྡུས།

སྤྱི་ལོ1988ལོའི་ཟླ8པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དབྱི་ཐུང་རྫོང་མེད་པར་བཟོས་ཏེ། དབྱི་ཐུང་མན་ཙུའུ་རང་སྐྱོང་རྫོང་བཙུགས་ཏེ། སི་ཕིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1946ལོའི་ཟླ2པར་དབྱི་ཐུང་རྫོང་མངའ་ཁོངས་གཏོགས་ལ་ཆུས14དང་གྲོང་ཚོ172ཡོད་པ་དང་རྫོང་སྲིད་གཞུང་དབྱི་ཐུང་གྲོང་རྡལ་དུ་བཅའ་སྡོད་བྱས། སྤྱི་ལོ1948ལོའི་ཟླ6པར་ཆུས14དང་གྲོང་ཚོ161ཡོད། སྤྱི་ལོ1955ལོར་ཆུས་སོ་སོའི་མིང་མེད་པར་བཟོས་པ་དང་། དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ཁོངས་ལ་ཆུས14དང་གྲོང་ཚོ173ཡོད། སྤྱི་ལོ1956ལོའི་ལོ་འགོར། དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་གི་མངའ་ཁོངས་སུ་ཆུས4ཡོད་པ་དང་། གྲོང་རྡལ1དང་ཡུལ་ཚོ61ཡོད། སྤྱི་ལོ1956ལོར་མངའ་ཁོངས་སུ་ཆུས4དང་། གྲོང་རྡལ1 ཡུལ་ཚོ25 ཀུང་ཧྲེ9བཅས་ཡོད།

སྤྱི་ལོ1958ལོར་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་གི་ཁོངས་གཏོགས་ལ་ཀུང་ཧྲེ8དང་དོ་དམ་ཁུལ134ཡོད།

སྤྱི་ལོ1960ལོར་གྲོང་རྡལ1དང་ཀུང་ཧྲེ8ཡོད། ཐོན་སྐྱེད་རུ་ཆེན134ཡོད།

སྤྱི་ལོ1966ལོའི་ཟླ1པོར་གྲོང་རྡལ1དང་ཀུང་ཧྲེ21ཡོད་པ་དང་། ཐོན་སྐྱེད་རུ་ཆེན221ཡོད།

སྤྱི་ལོ 1968ལོའི་ཟླ2པར། ཀུང་ཧྲ1གསར་འཛུགས་བྱས་ཏེ། སྔར་བཞིན་ཐོན་སྐྱེད་རུ་ཆེན211ཡོད།

སྤྱི་ལོ1979ལོའི་ཟླ6པར་དབྱི་ཐུང་གྲོང་རྡལ་དུ་ཁྲོམ་གཞུང་དོན་གཅོད་ཁྲུའུ2བཙུགས།

སྤྱི་ལོ1980ལོའི་ལོ་འགོར། གྲོང་རྡལ1དང་ཀུང་ཧྲེ21 ཐོན་སྐྱེད་རུ་ཆེན260  ཐོན་སྐྱེད་རུ་ཆུང1479བཅས་ཡོད།

སྤྱི་ལོ1983ལོར་ཀུང་ཧྲེ་དེ་ཡུལ་ཚོ་རུ་བསྒྱུར་བ་དང་། ཐོན་སྐྱེད་རུ་ཆེན་དང་ཐོན་སྐྱེད་རུ་ཆུང་དེ་གཉིས་གྲོང་ཚོར་བསྒྱུར། སྤྱི་ལོ1988ལོའི་ཟླ7པར། དབྱི་ཐུང་རྫོང་ཁོངས་ལ་གྲོང་རྡལ8དང་ཡུལ་ཚོ14ཡོད། གྲོང་མི་ཨུ་ཡོན་ལྷན་ཁང234དང་སྡོད་དམངས་ཨུ་ཡོན་ལྷན་ཁང31བཅས་ཡོད།

སྤྱི་ལོ1989ལོའི་ཟླ8པའི་ཚེས4ཉིན་ཅི་ལིན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་མན་ཇུ་རིགས་ཡུལ་ཚོ་གསར་པ་མེད་པར་བཟོས་ནས་ཕ་ཡུལ་གསར་པ་བཙུགས་པ་དང་། ཟླ12པའི་ཚེས9ཉིན་ཏུང་ཅན་ཧྲན་ཡུལ་ཚོའི་ཧུ་པེ་གྲོང་ཚོ་དང་། ཐོའུ་ཏའོ་ཡུལ་ཚོའི་སན་ཤིང་གྲོང་ཚོ། ཕ་ཡུལ་གསར་པའི་ཏུང་ཤིན་གྲོང་ཚོ་བཅས་དབྱི་ཐུང་གྲོང་རྡལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད།

སྤྱི་ལོ1995ལོའི་ཟླ12པར། དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ཁོངས་གཏོགས་ལ་གྲོང་རྡལ9དང་། ཡུལ་ཚོ13སྟེ། དབྱི་ཐུང་གྲོང་རྡལ་དང་། ཡིང་ཁྲེང་ཙི་གྲོང་རྡལ། ཕེ་ཧྲན་གྲོང་རྡལ། མ་ཨན་ཧྲན་གྲོང་རྡལ། ཏ་ཀུའུ་ཧྲན་གྲོང་རྡལ། ཞའོ་ཀུའུ་ཧྲན་གྲོང་རྡལ། དབྱི་ཏན་གྲོང་རྡལ། ཅིན་ཐའེ་གྲོང་རྡལ། ཞི་ཝེ་གྲོང་རྡལ། ལྔ་གཅིག་ཡུལ་ཚོ། ཞིན་མིང་ཡུལ་ཚོ། ཨའེ་མིང་ཡུལ་ཚོ། ཏུང་ཅན་ཧྲན་ཡུལ་ཚོ། སན་ཏའོ་ཤང་ཡུལ་ཚོ། ཧོང་ལིང་ཙི་ཤང་ཡུལ་ཚོ། པན་ཧྲི་མིའོ་ཤང་།ཡུལ་ཚོ། ཐུའུ་ཅུས་ཙི་ཡུལ་ཚོ། ཐོའུ་ཏའོ་ཡུལ་ཚོ། ཨར་ཏའོ་ཡུལ་ཚོ། ཤིན་ཧྭ་ཡུལ་ཚོ། འཕེལ་རྒྱས་ཡུལ་ཚོ། མོ་ལི་ཆིང་ཡུལ་ཚོ་བཅས་ཡིན། ཁྱོན་བསྡོམས་གྲོང་མི་ཨུ་ཡོན་ལྷན་ཁང27དང་གྲོང་ཚོ་ཨུ་ཡོན་ལྷན་ཁང241ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་དབུས་རྒྱུད་དང་། དབྱི་ཐུང་གཙང་པོའི་སྟོད་རྒྱུད། ཞིང་ཆེན་གྱི་ལྟེ་གནས་ཏེ་ཁྲང་ཁྲུན་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཆགས་ཡོད། ཤར་ངོས་ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་དང་། ཤར་ལྷོ་ཕན་ཧྲི་གྲོང་ཁྱེར་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ཏུང་ཧྥེང་དང་ཏུང་ལེའོ་རྫོང་གཉིས་དང་འབྲེལ་ལ། ལྷོ་ནུབ་ལི་ཧྲུའུ་རྫོང་དང་འབྲེལ་ཡོད། ལྷོ་ནུབ་དང་ནུབ་བྱང་ནི་ཀུང་ཀྲུའུ་ལིང་གྲོང་ཁྱེར་དང་འབྲེལ། བྱང་ངོས་ཁྲང་ཁྲུན་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཡོད།

3_2 ས་དབྱིབས།

དབྱི་ཐུང་ནི་ཁྲང་པའེ་རི་རྒྱུད་ནས་སུང་ལིའོ་བདེ་ཐང་གི་བར་བརྒལ་གྱི་རི་མ་ཐང་དུ་གནས་ཡོད། ཤར་ལྷོའི་རྒྱུད་དང་ནུབ་བྱང་རྒྱུད་དུ་དབྱེ་ན་ཅི་ལིན་ཧ་མ་ལིང་དང་ཏ་ཧེ་རི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་དང་། མང་ཆེ་བ་ནི་མུ་འབྲེལ་ཞིང་དམའ་བའི་རི་མ་ཐང་ཡིན་ཞིང་། དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི60.8%བཟུང་ཡོད།

3_3 ནམ་ཟླ།

ཉི་འོད་འཕྲོ་ཚད་ནི་ལོ་ཧྲིལ་པོར་ཉི་འོད་འགྱེད་འཕྲོ་བྱེད་ཚད་ནི་ལི་སྨི་སྟོང18900ཡིན། དེའི་ནང་ཟླ5པར་ཉི་འོད་འཕྲོ་ཚད་མང་ཤོས་ཡིན་པ་དང་། ལི་སྨི་གྲུ་བཞི་མ་རེར་སྟོང་ཁ14646ཟིན་ཡོད། ཟླ5པ་ནས9པའི་བར་གྱི་ཞིང་ལས་སྐྱེ་དངོས་སྐྱེ་ཡུན་ཧྲིལ་པོའི་ནང་། ཉི་འོད་རྩིབས་འཕྲོ་བྱེད་ཚད་བསྡོམས་འབོར་ལི་སྨི་སྟོང་ཁ64911ཡིན།

4 མི་འབོར་དང་མི་རིགས།

མི་འབོར། 

རྫོང་ཡོངས་ཀྱི་དུད་ཚང་བསྡོམས་པས161202ཡོད་པ་དང་མི་འབོར་བསྡོམས་འབོར472210ཟིན་ཡོད། དེའི་ནང་སྐྱེས་པ241523དང་སྐྱེས་མ230687ཡོད་ལ། ཞིང་ལས་བའི་མི་འབོར388440ཡོད་པ་དེས་སྤྱིའི་མི་འབོར་གྱི82.3%བཟུང་བ་དང་།ཞིང་ལས་བ་མིན་པའི་མི་འབོར83770ཡོད་པ་དེས་སྤྱིའི་མི་འབོར་གྱི17.7%བཟུང་ཡོད། རྫོང་ཡོངས་ཀྱི་མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར/མི187 ཡོད།

4_1 མི་རིགས། 

རྫོང་ཡོངས་སུ་བསྡོམས་པས་མི་རིགས14ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི19.2ཡོད་པ་དེས་མི་འབོར་བསྡོམས་གྲངས་ཀྱི40%ཟིན་ཡོད། དེའི་ནང་མན་ཇུ་རིགས་ཀྱི་མི་གྲངས་ཁྲི18.4ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི38.3%བཟུང་བ་དང་། ཧུའེ་རིགས་མི་གྲངས6026ཡོད་པ་དེས་མི་འབོར་བསྡོམས་གྲངས་ཀྱི1.3%ཟིན། ཁྲའོ་ཞན་རིགས་ཀྱི་མི1784ཡོད་པ་དེས་མི་འབོར་བསྡོམས་གྲངས་ཀྱི0.4%ཟིན་ཡོད། ད་དུང་སོག་རིགས། ཞི་པོ་རིགས། ཡའོ་རིགས། མིའོ་རིགས། མོན་པ། པའེ་རིགས། ཀྲོང་རིགས། ཐུའུ་ཅ་རིགས། ཀའོ་ཧྲན་རིགས། དབྱིས་རིགས་སོགས་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར169.4ཟིན་ནས་ལོ་རེར་ཆ་སྙོམས4.5%འཕར་བའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར57.1དང་། སྒོར་དུང་ཕྱུར54.5 སྒོར་དུང་ཕྱུར57.8བཅས་མངོན་འགྱུར་བྱུང་ཐུབ་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར100བཏང་ནས་ལོ་རེར་ཆ་སྙོམས21.1%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར57ཟིན་ལ་ལོ་རེར་ཆ་སྙོམས11.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.1དང་སྒོར་ཁྲི1.1ཟིན་ཞིང་ལོ་རེར་ཆ་སྙོམས་སོ་སོར6.6%དང8%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཀྱི་ཁྱབ་ཆེའི་ནོར་སྲིད་ཡོང་འབབ་དང་ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར9དང་སྒོར་དུང་ཕྱུར6མངོན་འགྱུར་ཐུབ་ལ་ལོ་རེར་ཆ་སྙོམས་ཀྱིས་སོ་སོར11%དང12.5%འཕར་ཡོད།

5_1 ཐོན་ལས་དང་པོ།
5_1_1 ཞིང་ལས།

སྤྱི་ལོ1994ལོར་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་གི་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན649000ལ་བསླེབས་ཤིང་།རྒྱལ་ཡོངས་ཀྱི་ཚོང་འབྲུ་ཐོན་སྐྱེད་རྫོང་ཆེན་བརྒྱའི་ཨང61པར་ཐོན།

སྤྱི་ལོ2005ལོར་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་དུ་ཁྱོན་བསྡོམས་གྲོང་རྡལ་དང་ཡུལ་ཚོ7དང་གྲོང་ཚོ16ཏུ་མ་རྨོས་ལོ་ཏོག་སོན་བཟང་འདེབས་གསོ་བྱས་པར་སྣ་ཁ24ཟིན་པ་དང་། སྤྱིའི་རྒྱ་ཁྱོན་མུའུ184000ཟིན་ལ། ཐོན་ཚད་རྒྱ་མ་དུང་ཕྱུར1.1ཟིན།  སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.9མངོན་འགྱུར་བྱུང་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2010ལོའི་ལོ་མཇུག་ཏུ་སླེབས་སྐབས་དབྱི་ཐུང་མན་ཇུ་རིགས་རང་སྐྱོང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས35བར་འཕེལ་རྒྱས་ཕྱིན་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར67.4ཟིན་པ་དེ་སྤྱི་ལོ2009ལོ་ལས53.1%འཕར།  བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16ཟིན་པ་དེ་སྤྱི་ལོ2009ལོ་ལས40%འཕར།  ཁེ་སྤོགས་དང་ཁྲལ་དངུལ་སྒོར་དུང་ཕྱུར4དང་དུང་ཕྱུར1.8ཟིན་པ་དེ་སྤྱི་ལོ2009ལོ་ལས་སོ་སོར91.1%དང33%འཕར།    ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར20བཏང་བ་དེ་སྤྱི་ལོ2009ལོ་ལས25%འཕར། ཐོན་རྫས་གསར་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2009ལོ་ལས35%འཕར་ཡོད། ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད97.43%ཟིན།  སྤྱི་ལོ2009ལོ་ལས0.49%མང་དུ་ཕྱིན་ཡོད།  

5_3 ཐོན་ལས་གསུམ་པ།
5_3_1 ཚོང་དོན།

སྤྱི་ལོ2010ལོར་དབྱི་ཐུང་མན་ཇུརིགས་རང་སྐྱོང་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར26.9ཟིན་པ་དེ་ལོ་སྔོན་མ་ལས19.2%འཕར་ཡོད། དབྱི་ཐུང་མན་ཙུའུ་རང་སྐྱོང་རྫོང་ལ་ཚོང་ར་ཆེ་གྲས6དང་ཕྱོགས་བསྡུས་རང་བཞིན་གྱི་ཚོང་ར་ཆེན་པོ་ཞིག་ཡོད།

དཔྱད་གཞིའི་ཡིག་ཆ།