ཅའོ་ཧུ་གྲོང་ཁྱེར།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-06 10:12ལ་འགྲུབ།

ཅའོ་ཧུ་གྲོང་ཁྱེར།

ཅའོ་ཧུ་གྲོང་ཁྱེར།
ཅའོ་ཧུ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་ཤར་རྒྱུད་དང་ཁྲང་པའེ་རི་བོའི་ནུབ་འདབས་སུ་ཆགས་ཡོད། ཤར་དུ་ཏེན་ཧྭ་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་རུ་ཧྭ་ཏེན་གྲོང་ཁྱེར་གྱི་ས་མཚམས་འབྲེལ་ཡོད། ནུབ་ཏུ་སུང་ཧྭ་མཚེའུ་དང་ཅི་ལིན་གྲོང་ཁྱེར། ཧྥེང་མན་ས་ཁུལ་དང་ལུང་ཐན་ས་ཁུལ་བཅས་དང་ཁ་གཏད་དུ་ཡོད། བྱང་དུ་ཧྲུའུ་ལན་གྲོང་ཁྱེར་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཝུའུ་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6364.15ཡོད། ཅའོ་ཧུའི་མངའ་ཁོངས་སུ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། སུང་ཧྭ་མཚེའུ་ཡི་གསུམ་ཆའི་གཉིས་གྲོང་ཁྱེར་གྱི་མངའ་ཁོངས་སུ་གནས་ཡོད། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར19.5ཟིན་པ་དང་། ནགས་ཚལ་ཁྱབ་ཚད་ཀྱིས63.9%ཟིན་པ། གཏེར་ཁའི་ཐོན་ཁུངས43རྩད་ཆོད་པ་དང་། འཛེང་རྡོའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ལས་བརྒལ་བ་དང་། ཤ་མོ་དང་། རི་སྐྱེས་སྔོ་ཚལ། རྩྭ་སྨན། ནགས་སྦལ་སོགས་ཁྲང་པའེ་རི་བོའི་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས་ཀྲུང་གོའི་མོག་རོ་ནག་པོའི་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་ཡོད། རྒྱལ་ཁབAAAAརིམ་པའི་མཛེས་ལྗོངས་ཁུལ་ལཱ་ཧྥ་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གིས་ཡོངས་སུ་ཁེབས་ཡོད། སྤྱི་ལོ2018ལོའི་བར་ཅའོ་ཧུ་གྲོང་ཁྱེར་དུ་ཁྲོམ་གཞུང7དང་། གྲོང་རྡལ8དང་། ཡུལ་ཚོ2བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཅའོ་ཧུ་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི42.5353ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར184.3མངོན་འགྱུར་བྱུང་བ་དང། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མས་སྒོར་དུང་ཕྱུར33.5ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མས་སྒོར་དུང་ཕྱུར72.8ཟིན་པ། ཐོན་ལས་གསུམ་པའི་རིན་ཐང་འཕར་མས་སྒོར་དུང་ཕྱུར78བཅས་ཟིན་པ་ཡིན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་སྒོར42887ཟིན་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་ཐེངས་གསུམ་པོའི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི18.2:39.5:42.3ཡིན། སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་དཔེ་མཚོན་རྫོང་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蛟河
ཕྱི་ཡིག་གི་མིང་།
Jiaohe
རྒྱ་ཁྱོན།
སྤྱ་ལེ་གྲུ་བཞི་མ6364.15ཡོད།
སྲིད་འཛིན་ཁོངས་བགོས།
རྫོང་རིམ་པའི་གྲོང་ཁྱེར།
མི་གྲངས།
ཁྲི42.5353(སྤྱི་ལོ2017ལོའི་སྤྱིའི་མི་གྲངས)ཡོད།
སྦྲག་སྲིད་ཨང་རྟགས།
132500
ས་ཁོངས་ཁ་པར་ཨང་རྟགས།
0432
རླངས་འཁོར་ཚབ་ཨང་།
吉B
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
220281
ནམ་ཟླ།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཅའོ་ཧུ་འབབ་ཚུགས།  ཅའོ་ཧུ་འབབ་ཚིགས་ནུབ་མ།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང7དང་གྲོང་རྡལ8  ཡུལ་ཚོ2བབཅས་ཡོད།
1 ལོ་རྒྱུས་འཕེལ་རིམ།

ཅའོ་ཧུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་སྔོག་འདོན་བྱས་པའི་གནའ་བོའི་གནའ་ཤུལ་ལ་གཞིགས་ན་ལོ་ངོ3000ལྷག་ཙམ་གྱི་གོང་ནས་ས་ཆ་དེའི་ཐོག་མི་ཚོགས་འདུ་འཛོམས་བྱས་ནས་འཚོ་སྡོད་སྐྱེ་འཕེལ་བྱེད་ཀྱི་ཡོད་པ་ཤེས་ཐུབ།

སུའེ་ཐང་རྒྱལ་རབས་ཀྱི་དུས་འགོར། རྫོང་གི་མངའ་ཁོངས་དེ་མོ་ཧུ་ཚོ་ཤོག་གི་ཁོངས་སུ་གཏོགས་པ་དང་། དུས་མཇུག་ཏུ་པོ་ཧའེ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པ་ཡིན།

ལིའོ་རྒྱལ་རབས་ཀྱི་དུས་སུ། ཐོག་མར་ཏུང་ཏན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཁྲང་པའེ་རི་བོའི་ཚོ་ཤོག་གྱི་མངའ་ཁོངས་སུ་གཏོགས་པ་ཡིན།

ཅིན་ཏའེ་རྒྱལ་རབས་ཀྱི་དུས་སུ། ཧྲང་ཅིན་ལམ་དང་ཧའེ་ལན་ལམ་གྱི་ཁོངས་སུ་གཏོགས་ཤིང་། མིང་རྒྱལ་རབས་ཀྱི་སྐབས་སུ་ནུའུ་ཨར་ཀན་སི་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཀོང་ཞུས་སྲིད་ལོ་བརྒྱད་པར(སྤྱི་ལོ1882ལོར)ཏུན་ཧྭ་རྫོང་དུ་བསྐོས་རྗེས། ཀྲང་ཀོང་ཚའེ་ལིན་གྱི་ཤར་ཏུན་ཧྭ་རྫོང་གི་ཁོངས་སུ་གཏོགས་པ་དང་།  ཀྲང་ཀོང་ཚའེ་ལིན་གྱི་ནུབ་ཕྱོགས་ཅི་ལིན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་ཡིན།

གོང་མ་ཞོན་ཐུང་གི་སྲིད་ལོ་དང་པོའི(སྤྱི་ལོ1909ལོར)ཟླ6པའི་ཚེས2ཉིན། ཤར་གྱི་ཞིང་ཆེན་གསུམ་གྱི་ཙུང་ཏུའུ་ཞི་ལིའང་གི་ཞུ་ཡིག་ལྟར་ཨེ་མུའུ་རྫོང་འཛུགས་རྒྱུར་ཆོག་མཆན་བཀོད་པ་དང་། རྫོང་སྐྱོང་གནས་ཡུལ་ནི་ཨེ་མུའུ་སུའོ་ལུའོ་འབབ་ཚུགས་སུ་བཙུགས།

གོང་མ་ཞོན་ཐུང་གི་སྲིད་ལོ་གཉིས་པའི(སྤྱི་ལོ1910ལོ)ཟླ2པར་ཀྲི་རྫོང་ཝང་ཆོན་ཧྲེ་ཡི་ལས་ཐོག་དང་པོ་ཡིན་ཞིང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་ལམ་བུའི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཅི་ལིན་ཞིང་ཆེན་གྱི་ཡན་ཅི་ཏའོ(ཤར་ལྷོའི་ལམ)ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ལམ་ལུགས་མེད་པར་བཟོས་ནས་ཅི་ལིན་ཞིང་ཆེན་ལ་དབང་།

མིན་གོའི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས་ཅའོ་ཧུ་ཆུ་བོ་འཇར་ཕན་དང་རྫུས་དམག་གི་དབང་སྒྱུར་ས་ཁུལ་དུ་གྱུར་པ་ཡིན།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)ཟླ་དང་པོར་ཨེར་མུའུ་རྫོང་སྲིད་གཞུང་གི་མིང་དེ་ཨེར་མུའུ་རྫོང་ཀུང་ཧྲུའུ་ཞེས་པར་བསྒྱུར་ཅིང་། ཅི་ལིན་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་ཡིན།

མིན་གོའི་སྲིད་ལོ་ཉེར་གཉིས་པའི(སྤྱི་ལོ1933ལོ)ཟླ11པར་རྫོང་གི་ཀུང་ཧྲུའུ་རྫུས་མ་དེ་སྔོན་གྱི་སྡོད་ཡུལ་ཨེ་མུའུ་སོ་ནས་ཅའོ་ཧུ་ཁྲོམ་ལམ་དུ་སྤོས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བརྒྱད་པའི(སྤྱི་ལོ 1939ལོའི)ཟླ10པར་ཨེར་མུའུ་རྫོང་དེ་ཅའོ་ཧུརྫོང་ཞེས་པར་བསྒྱུར།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོའི)ཟླ2པར་ཅི་ལིན་ཞིང་ཆེན་ཅི་ཏུང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ5པར་ཅི་ལིན་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ9པར་ཅི་ལིན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1966ལོའི་ཟླ2པར་ཡུང་ཅི་ཀྲོན་ཆུས་ཀྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1969ལོའི་ཟླ6པར་གྲོང་ཁྱེར་དང་ས་གནས་ཟླ་སྒྲིལ་བཏང་ནས་ཅི་ལིན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1989ལོའི་ཟླ8པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གི་སྒྲིག་གཞི་མེད་པར་བཟོས་ཏེ། ཅའོ་ཧུ་གྲོང་ཁྱེར(ཞིང་ཆེན་ཐད་གཏོགས་དང་ཅི་ལིན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པ)བཙུགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1950ལོར། ཅའོ་ཧུ་ཆུ་བོ་ཡིས་ཆུས་སོ་སོའི་མིང་བསྐྱར་དུ་རིམ་གྲངས་ལྟར་མིང་བཏགས་པ་དང་། ཁྱོན་བསྡོམས་ཆུས16ཏུ་བགོས། སྤྱི་ལོ1954ལོའི་ཟླ9པའི་ཚེས12ཉིན། ཆུས14(ཆུས་དང་པོ་དང་གསུམ་པ)མེད་པར་བཟོས་ཤིང་། སྲིད་འཛིན་སྡེ་ཁུལ42སུ་བགོས།

སྤྱི་ལོ1954ལོའི་ཟླ10པར་འབབ་ཚུགས་གསར་པའི་གྲོང་ཚོ་དེ་འབབ་ཚུགས་གསར་པའི་གྲོང་རྡལ་དུ་བསྒྱུར་ཞིང་། ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས2དང་། གྲོང་རྡལ1 གྲོང་ཚོ41བཅས་སུ་བགོས་ཡོད།

སྤྱི་ལོ1955ལོའི་ཟླ4པར་ཅའོ་ཧུ་རྫོང་མི་དམངས་སྲིད་གཞུང་དེ་ཅའོ་ཧུ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་མིང་བསྒྱུར། ཆུས་དང་གྲོང་རྡལ་གཉིས་ཀར་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར།

སྤྱི་ལོ1955ལོའི་ཟླ6པར་ཆུས་དང་པོ་དེ་ཅའོ་ཧུ་གྲོང་རྡལ་དུ་བསྒྱུར། ཟླ7པར་སུང་ཧྭ་གྲོང་ཚོ་ཕྱིར་འཐེན་བྱས། རྫོང་ཡོངས་ཀྱི་གྲོང་ཚོ40ཡུལ་ཚོར་བསྒྱུར་ཡོད། ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་ཀྱི་གཏེར་ཁུལ1(འོ་མ་རི་བོ)དང་། གྲོང་རྡལ2 ཡུལ་ཚོ40བཅས་སུ་བགོས་ཡོད།

སྤྱི་ལོ1956ལོར་གཏེར་ཁུལ་དེ་འོ་རི་གྲོང་རྡལ་དུ་བསྒྱུར། སྤྱི་ལོ1958ལོའི་ཟླ8པར་ཡུལ་ཚོ40ཡུལ་ཚོ15ལ་ཟླ་སྒྲིལ་བྱས་པ་ཡིན།

སྤྱི་ལོ1959ལོའི་ཟླ4པར་ལས་སྒྲུབ་ཁུལ18དེ་ཀུང་ཧྲེ18དུ་བསྒྱུར།

སྤྱི་ལོ1966ལོའི་ཟླ1པོའི་ཚེས10ཉིན། ཡུང་ཅི་ཆེད་ཁུལ་བཙུགས་ཏེ། ཅི་ལིན་གྲོང་ཁྱེར་གྱི་ཅའོ་ཧུ་རྫོང་དེ་ཡུང་ཅི་ཆེད་ཁུལ་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1967ལོའི་ཟླ3པའི་ཚེས5ཉིན། ཅའོ་ཧུ་རྫོང་ཨུ་དང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གིས་བྱ་བ་ལས་མཚམས་བཞག་སྟེ། རྫོང་དྲག་ཆས་པུའུ་ཡིས་རྫོང་ཐོན་སྐྱེད་བཀོད་འདོམས་པུའུ་བཙུགས་ནས་སྲིད་གཞུང་གི་འགན་དབང་ལག་བསྟར་བྱས།

སྤྱི་ལོ1969ལོའི་ཟླ2པའི་ཚེས23ཉིན། ཡུང་ཅི་ཆེད་ཁུལ་ཕྱིར་འཐེན་བྱས་ནས་ཅའོ་ཧུ་རྫོང་ཅི་ལིན་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་དུ་བསྒྱུར།

སྤྱི་ལོ1979ལོའི་ཟླ3པར། ཅའོ་ཧུའི་ཆུ་བོ་དང་འོ་ཙི་ཧྲན་གྲོང་རྡལ་ཀུང་ཧྲེ་དེ་ཅའོ་ཧུ་གྲོང་རྡལ་དང་འོ་ཙི་ཧྲན་གྲོང་རྡལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།

སྤྱི་ལོ1983ལོའི་ཟླ7པར། སྲིད་དང་སྤྱི་ཚོགས་སོ་སོར་བཀར་ནས་རྫོང་ཡོངས་ཀྱི་ཁོངས་སུ་གྲོང་རྡལ3དང་། ཡུལ་ཚོ16 གྲོང་རྡལ་གྱི་ཀུང་ཧྲེ1བཅས་ཡོད། ལོ་དེར་ཧེང་ཏའོ་ཙི་ཀུང་ཧྲེ་དེ་ཧུའུ་ཧུ་ཡུལ་ཚོར་བསྒྱུར།

སྤྱི་ལོ1984ལོའི་ཟླ2པར་གྲོང་རྡལ་ཉེ་འདབས་ཀྱི་ཀུང་ཧྲེ་དེ་ཅའོ་ཧུ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་ཡིན། ལོ་དེའི་ཟླ12པར། ཐེན་ཀང་དང་པའེ་ཧྲི་ཧྲན་བཅས་ཡུལ་ཚོ3ཐེན་ཀང་དང་པའེ་ཧྲི་ཧྲན་བཅས་གྲོང་རྡལ3ལ་བསྒྱུར།

སྤྱི་ལོ1985ལོའི་ཟླ3པར་འབབ་ཚུགས་གསར་པའི་ཡུལ་ཚོ་དེ་འབབ་ཚུགས་གསར་པའི་གྲོང་རྡལ་དུ་སྤོས་ཤིང་། ད་བར་དུ་རྫོང་ཡོངས་ལ་ཁོངས་གཏོགས་ཀྱི་གྲོང་རྡལ6དང་ཡུལ་ཚོ12ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཅའོ་ཧུ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་ཤར་རྒྱུད་དང་ཁྲང་པའེ་རི་བོའི་ནུབ་འདབས་སུ་ཆགས་ཡོད། ཤར་དུ་ཏེན་ཧྭ་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་རུ་ཧྭ་ཏེན་གྲོང་ཁྱེར་གྱི་ས་མཚམས་འབྲེལ་ཡོད། ནུབ་ཏུ་སུང་ཧྭ་མཚེའུ་དང་ཅི་ལིན་གྲོང་ཁྱེར། ཧྥེང་མན་ས་ཁུལ་དང་ལུང་ཐན་ས་ཁུལ་བཅས་དང་ཁ་གཏད་དུ་ཡོད།  བྱང་དུ་ཧྲུའུ་ལན་གྲོང་ཁྱེར་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཝུའུ་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6364.15ཡོད།  

3_2 ནམ་ཟླ།

ཅའོ་ཧུ་གྲོང་ཁྱེར་ནི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད3.4℃དང་། ཆར་ཆུ་འབབ་ཚད་ཧའོ་སྨི708.8ཡིན། སད་མེད་དུས་ཉིན120ནས130བར་ཡིན།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅའོ་ཧུ་གྲོང་ཁྱེར་གྱི་མི་འབོར་ཁྲི42.5353ཟིན་པ་དེ་ལོ་སྔོན་མ་ལས་མི་གྲངས8673ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར2867ཡོད་པ་དང་སྐྱེ་ཚད་ཀྱིས6.67%ཟིན། ལོ་སྔོན་མ་ལས0.12%མར་ཆག་པ་དང་། ཤི་བའི་མི་འབོར8441ཡོད་པ་དང་། ཤི་ཚད19.64%ཟིན་ནས་ལོ་སྔོན་མ་ལས13.12%འཕར་བ། མི་འབོར་རང་ཤུགས་སུ་འཕར་ཚད 12.97%ཡིན་ཞིང་། ལོ་སྔོན་མ་ལས13.24%མར་ཆག་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར178144དང་གྲོང་གསེབ་ཀྱི་མི་འབོར247209ཟིན་ཡོད། 

5 དཔལ་འབྱོར། 

སྤྱི་ལོ2017ལོར་ཅའོ་ཧུགྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར184.3མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས1.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར33.5ཟིན་ནས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར72.8ཟིན་ནས0.5%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར78ཟིན་ནས3.2%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར42887ཟིན་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་གྲུབ་ཆ་ཐེངས་གསུམ་པོའི་བསྡུར་ཚད་ནི་18.2:39.5:42.3ཡིན།

སྤྱི་ལོ2017ལོར་ཅའོ་ཧུ་གྲོང་ཁྱེར་གྱིས་རིགས་ཁག་གི་མ་འཇོག་རྣམ་གྲངས353གསར་སྐྲུན་དང་མཐུད་སྐྲུན་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར172.4ཟིན་པ་དེ་ལོ་སྔོན་མ་ལས2.9%མར་ཆག་ཡོད། དེའི་ནང་ཨར་སྐྲུན་རྣམ་གྲངས་ཁྲི5000(ས་ཁང་བདག་ཁོངས་ཚུད་མེད)28ཡོད་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར31.7ཟིན་པ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་ཧྲིལ་པོའི་བསྡུར་ཚད་ཀྱི18.3%བཟུང་ཡོད།

5_1 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་ཅའོ་ཧུ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང1.3%མཐོ་རུ་ཕྱིན་ནས་འཕར་ཚད་ན་ནིང་གི་དུས་མཚུངས་ལས0.3%མར་ཆག་ཡོད་པ་རེད།

5_2 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཅའོ་ཧུ་གྲོང་ཁྱེར་གྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར66.87ཟིན་པ་དེ་ལོ་སྔོན་མ་ལས3.8%མར་ཆག་པའི་ནང་། ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར36.07ཟིན་ནས10.3%མར་ཆག་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.95ཟིན་ནས8.6%འཕར་ཡོད།

5_3 ཐོན་ལས་གཉིས་པ། 

སྤྱི་ལོ2017ལོར་ཅའོ་ཧུ་གྲོང་ཁྱེར་གྱི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར60.3ཟིན་པ་དེ་ལོ་སྔོན་མ་ལས1.0%འཕར་བ་དེས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི32.7%བཟུང་ནས་ལོ་སྔོན་མ་ལས8.5%མར་ཆག་ཡོད།

5_4 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཅའོ་ཧུ་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར95ཟིན་པ་དེ་ལོ་གོང་མ་ལས7.6%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།