ཏུང་ཁྲང་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-05 16:44ལ་འགྲུབ།

ཏུང་ཁྲང་ཆུས།

ཏུང་ཁྲང་ཆུས།
ཏུང་ཁྲང་ཆུས་ནི་ཅི་ལིན་ཞིང་ཆེན་གྱི་ཐུང་ཧྭ་གྲོང་ཁྱེར་ལ་གཏོགས་པ་དང་། ཐུང་ཧྭ་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་གནས་ལ། ཀྲུང་གུང་ཐུང་ཧྭ་གྲོང་ཁྱེར་ཏང་ཨུ་དང་ཐུང་ཧྭ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆགས་ཡུལ་ཡིན། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས་པ་དང་། ས་ཁམས་གནས་ཚད་ཤར་གྱི་གཞུང་ཐིག125°50′~126°07′དང་། བྱང་གི་འཕྲེད་ཐིག41°32′~41°49ཡིན།བྱང་ཤར་ནི་ཨེར་ཏའོ་ཅང་ཆུས་དང་འབྲེལ་ཞིང་། ལྷོ་རུ་ཅི་ཨན་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་དང་། ནུབ་བྱང་། ཤར་ལྷོ་བཅས་ཐུང་ཧྭ་རྫོང་དང་འབྲེལ་ཡོད། སྤྱི་ལོ2014ལོར་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ382.6ཟིན་པ་དང་། མངའ་ཁོངས་སུ་ཡུལ་ཚོ2དང་གྲོང་རྡལ1 ཁྲོམ་གཞུང7ཡོད། མི་གྲངས་བསྡོམས་འབོར315751(སྤྱི་ལོ2011ལོར)ཡོད། སྤྱི་ལོ2014ལོ་བར་ཏུང་ཁྲང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར145ཟིན་པ་དེ་སྤྱི་ལོ2013ལོ་ལས6.6%འཕར་ཡོད། ཏུང་ཁྲང་ཆུས་ཀྱི་འགྲིམ་འགྲུལ་སྟབས་བདེ་ཞིང་། རྒྱལ་ལམ303དང་། རྒྱལ་ལམ201དང་། རྒྱལ་ལམ202བཅས་རྒྱལ་ལམ་གཙོ་བོ་བྱང་ཤར་གྱི་ཞིང་ཆེན་གསུམ་དང་འབྲེལ་ཡོད་ཅིང་། རྒྱ་མཚོར་སྐྱོད་པའི་འགག་སྒོའི་གཞུང་ལམ་དྲ་རྒྱ་དེ་གར་སྦྲེལ་མཐུད་བྱས་ཡོད། ཐུང་ཧྲེན་མྱུར་བགྲོད་ལམ་དང་། ཏན་ཐུང་མྱུར་བགྲོད་གཞུང་ལམ། ཐུང་ཁྲང་མྱུར་བགྲོད་གཞུང་ལམ། ཆུ་འདྲེན་ལྕགས་ལམ་སོགས་རྒྱལ་མཚམས་བརྒལ་ནས་ཤར་གཏོང་བྱས་ཡོད། ཐུང་ཧྭ་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་བྱས་ཡོད། མངའ་ཁོངས་སུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས“སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད”དང“ཁྲང་པའེ་རི་བོའི་སྨན་མཛོད”ཅེས་བརྗོད་ཀྱིན་ཡོད། སྤྱི་ལོ2016ལོའི་ཟླ11པར་ཐུང་ཧྭ་གྲོང་ཁྱེར་ཏུང་ཁྲང་ཆུས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་གཉིས་པའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东昌区
ཕྱི་ཡིག་གི་མིང་།
Dongchang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར།
མངའ་ཁོངས།
ཅིན་ཁྲང་གྲོང་རྡལ་དང་། ཅང་ཏུང་ཡུལ་ཚོ། ཧོན་ཐུང་ཡུལ་ཚོ་སོགས་ཡུལ་ཚོ2དང་། གྲོང་རྡལ1ཁྲོམ་གཞུང7བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0435
སྦྲག་སྲིད་ཨང་རྟགས།
134000
གནས་ཡུལ།
ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ382.6ཡོད།
མི་འབོར།
མི་གྲངས315751ཡོད། (སྤྱི་ལོ2011ལོ)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཐུང་ཧྭ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཐུང་ཧྭ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
吉E
སྲིད་འཛིན་ཚབ་ཨང་།
220502
1 ​ལོ་རྒྱུས་འཕེལ་རིམ།

ཏུང་ཁྲང་ཆུས་ཀྱི་དེ་སྔའི་མིང་ལ་ཐོའུ་ཏའོ་ཅང་ཟེར་བ་དང་། ཆིང་ཐུང་ཀྲི་ཁྲི་ལོར་གྲོང་རྡལ་དུ་གྱུར་ཡོད།

ཆིང་ཀོང་ཞུས་ལོ་གསུམ(སྤྱི་ལོ1877ལོར)པར་ཐུང་ཧྭ་གྲོང་ཁྱེར་བཙུགས་ནས་མིང་ལ་ཐུང་ཧྭ་ཟེར། ཏུང་ཁྲང་ཆུས་ཀྱི་མངའ་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥེང་ཐེན་གྱི་ཤར་ཕྱོགས་ལམ་གྱི་ཁོངས་སུ་བགོས།

མིན་གོའི་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1931ལོ)ཐུང་ཧྭ་ཞིང་ཆེན་གྱི་ལྟེ་གནས་ཡིན།

མིན་གོའི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1937ལོ)ཐུང་ཧྭ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1942ལོ)ཐུང་ཧྭ་རྫོང་གི་ཐུང་ཧྭ་ཁྲོམ་གཞུང་དུ་ཐུང་ཧྭ་གྲོང་ཁྱེར་བཙུགས་པ་དང་། ཏུང་ཁྲང་ཆུས་ནི་ཐུང་ཧྭ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པར་བྱས་ཡོད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པར(སྤྱི་ལོ1945ལོ)མན་ཀྲོའུ་རྒྱལ་ཁབ་རྫུས་མའི་རྒྱལ་ས་ཡིན།

མིན་གོའི་སྲིད་ལོ་སོ་གསུམ་པ(སྤྱི་ལོ1945ལོ)ནས་སྤྱི་ལོ1954ལོའི་བར་ཨན་ཏུང་ཞིང་ཆེན་གྱི་ལྟེ་གནས་ཡིན།

སྤྱི་ལོ1954ལོར་ཐུང་ཧྭ་ཆེད་ཁུལ་བཙུགས་པ་དང་། ཐུང་ཧྭ་གྲོང་ཁྱེར་དུ་ཀྲོན་ཡོན་ཧྲུའུ་བཙུགས་པ་དང་ཏུང་ཁྲང་ཆུས་ཀྱི་མངའ་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པར(སྤྱི་ལོ1948ལོ)གྲོང་ཁྱེར་དང་རྫོང་སོ་སོར་ཕྱེ་ནས་བསྐྱངས་ཤིང་། ཏུང་ཁྲང་ཆུས་ནི་ཨན་ཏུང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1949ལོར་ལིའོ་ཏུང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1956ལོར་དེ་སྔའི་ཞིང་ཆེན་ཐད་གཏོགས་ཀྱི་ཏུང་ཧྥེང་རྫོང་ནས་ཐུང་ཧྭ་ཆེད་ཁུལ་གྱི་མངའ་ཁོངས་སུ་བགོས་ནས་ཏུང་ཁྲང་ཆུས་ཀྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1958ལོར་དེ་སྔའི་ཞིང་ཆེན་ཐད་གཏོགས་ཀྱི་ཐུང་ཧྭ་གྲོང་ཁྱེར་ནས་ཐུང་ཧྭ་ཀྲོན་ཧྲུའུ་ཡི་འགོ་ཁྲིད་ལ་སྤྲད།

སྤྱི་ལོ1960ལོར་ཐུང་ཧྭ་རྫོང་མེད་པར་བཟོས་ནས་ཐུང་ཧྭ་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1962ལོར་ཐུང་ཧྭ་རྫོང(ཐུང་ཧྭ་གྲོང་ཁྱེར་དུ་བཅའ་སྡོད་བྱས)སླར་གསོ་བྱས།

སྤྱི་ལོ1970ལོར་ཐུང་ཧྭ་ཆེད་ཁུལ་དེ་ཐུང་ཧྭ་ས་ཁུལ་དུ་བསྒྱུར་ཞིང་། ས་ཁུལ་དེ་ཐུང་ཧྭ་གྲོང་ཁྱེར་དུ་བཅའ་སྡོད་བྱས།

སྤྱི་ལོ1985ལོར་ཐུང་ཧྭ་ཆུས་མེད་པར་བཟོས་ནས་གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་ཏུ་བསྟར་རྒྱུ་དང་། ཐུང་ཧྭ་གྲོང་ཁྱེར་ནི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས།

སྤྱི་ལོ1986ལོའི་ཟླ9བའི་ཚེས8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུང་ཧྭ་གྲོང་ཁྱེར་ཏུང་ཁྲང་ཆུས་དང་ཨར་ཏའོ་ཅང་ཆུས་འཛུགས་རྒྱུའི་ཆོག་མཆན་གནང་།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོ་བར་ཏུང་ཁྲང་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང7དང་། གྲོང་རྡལ1 ཡུལ་ཚོ2 གསར་སྤེལ་ཁུལ1བཅས་ཡོད། དེ་དག་ལས་ཁྲོམ་གཞུང7ནི། འོད་ཟེར་ཁྲོམ་གཞུང་དང་། དམངས་གཙོའི་ཁྲོམ་གཞུང་། ཏུང་ཁྲང་ཁྲོམ་གཞུང་། ལུང་ཆོན་ཁྲོམ་གཞུང་། ཤིན་ཀྲན་ཁྲོམ་གཞུང་། ཀྲན་ཀྲན་ཁྲོམ་གཞུང་རྙིང་པ། མཐུན་སྒྲིལ་ཁྲོམ་གཞུང་བཅས་ཡིན། གྲོང་རྡལ1ནི་ཅིན་ཁྲང་གྲོང་རྡལ་དང་།ཅང་ཏུང་ཤང་དང་ཧོན་ཐུང་ཤང་སོགས་ཡུལ་ཚོ2དང་། གསར་སྤེལ་ཁུལ1ནི་ཏུང་ཁྲང་དཔལ་འབྱོར་གསར་སྤེལ་ཁུལ་བཅས་ཡིན། སྲིད་གཞུང་ཅང་ཁྲང་བགྲོད་ལམ་ཨང269པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག

ཏུང་ཁྲང་ཁུལ་ནི་ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཐུང་ཧྭ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག125°50′~126°07′ཡིན། བྱང་གི་འཕྲེད་ཐིག41°32′~41°49′ཡིན། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ32ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ23ཡོད་ཅིང་། བྱང་ཤར་ནི་ཨེར་ཏའོ་ཅང་ཆུས་ཀྱི་ས་མཚམས་འབྲེལ་ཡོད་ལ། ལྷོ་རུ་ཅི་ཨན་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་དང་། ནུབ་བྱང་། ཤར་ལྷོ་བཅས་ཐུང་ཧྭ་རྫོང་དང་ས་མཚམས་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ382.6ཡོད།

3_1 ས་བབས།

ཏུང་ཁྲང་ཆུས་ནི་ཁྲང་པའེ་རི་རྒྱུད་ཀྱི་ལྷོ་ནུབ་རྒྱུད་ཀྱི་ལའོ་ལིང་ཡན་ལག་དང་ལུང་ཀང་ཡན་ལག་དབར་གྱི་ཧུན་ཅང་ཀོང་གཞོང་སར་གནས་པ་དང་། གྲོང་ཁུལ་གྱི་མཐའ་བཞིར་མུ་འབྲེལ་རི་བོས་བསྐོར་ཡོད། མངའ་ཁོངས་ཀྱི་ཆེས་མཐོ་བའི་གནས་ནི་ཅིན་ཁྲང་གྲོང་རྡལ་དང་ཐུང་ཧྭ་རྫོང་གི་འབྲེལ་མཚམས་ཀྱི་པེ་ཅིས་ཡོ་རི་རྩེ་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1318.3ཡོད། དམའ་ཤོས་ཀྱི་ས་ཁུལ་ནི་ཅིན་ཁྲང་གྲོང་རྡལ་ཅང་ཆིན་སྡེ་བའི་ཚོ་ཆུང་དྲུག་པའི་ཧུན་ཅང་ལུང་གཞུང་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི332དང་ཏུང་ཁྲང་ཆུས་ཀྱི་ས་བབ་ཆ་སྙོམས་མཐོ་ཚད་སྨི493ཡིན།

3_2 ནམ་ཟླའི་ཁྱད་ཆོས།

ཏུང་ཁྲང་ཁུལ་ནི་བྱང་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་ཞིང་དགུན་དུས་ཅུང་རིང་ཞིང་སྐམ་ཤས་ཆེ་བ། དབྱར་དུས་ཅུང་ཐུང་ཞིང་བརླན་བཤེར་ཆེ་བ། ཆ་སྙོམས་དྲོད་ཚད6.5℃དང་། ཟླ7པར་དྲོད་ཚད་མཐོ་ཤོས22.2℃དང་། ཆ་སྙོམས་ཆུ་ཚོད2200ནས2884བར་ཉི་མ་དྲོ་ཞིང་། སད་མེད་དུས་ཉིན115ནས133ཡིན་ལ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི950དང་། ལོ་རེར་ཆ་སྙོམས་རླངས་པར་འགྱུར་ཚད་ཧའོ་སྨི1167ཡིན།

3_3 མི་གྲངས་དང་མི་རིགས།

ཏུང་ཁྲང་ཆུས་ཀྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་མི་འབོར་བསྡོམས་འབོར315751ཡོད་པ་དེ་སྤྱི་ལོ2010ལོ་ལས་མི1098ཉུང་དུ་ཕྱིན་པ་དང་། སྤྱི་ལོ2011ལོའི་ལོ་མཇུག་ཏུ་དུད་ཚང་བསྡོམས་འབོར110150ཡོད། སྐྱེས་པ155419དང་སྐྱེས་མ160332ཡོད་པའི་ནང་ཞིང་ལས་མི་འབོར34459དང་ཞིང་ལས་མིན་པའི་མི་འབོར281292ཡོད། གསར་སྐྱེས་མི་འབོར2095ཡོད་པ་དང་མི་འབོར་སྐྱེ་ཚད6.62%ཡིན་པ་དེ་སྤྱི་ལོ2010ལོ་ལས0.17%ཉུང་དུ་ཕྱིན། ཤི་བའི་མི་འབོར1603དང་། ཤི་ཚད5.07%ཟིན་པ་དེ་སྤྱི་ལོ2010ལོ་ལས1.13%ཉུང་དུ་ཕྱིན། མི་འབོར་རང་ཤུགས་སུ་འཕར་ཚད1.5%ཡིན།

3_4 དཔལ་འབྱོར།

སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར105.5ཟིན་པ་དེ་སྤྱི་ལོ2010ལོ་ལས17.6%འཕར་བ་དང་། དེའི་ནང་ཐོན་ལས་དང་པོས་སྤྱི་ལོ2011ལོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.1ཟིན་པ་དེ་སྤྱི་ལོ2010ལོ་ལས4.8%མར་ཆག་པ་དང་། ཐོན་ལས་གཉིས་པས་སྤྱི་ལོ2011ལོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.5ཟིན་པ་དེ་སྤྱི་ལོ2010ལོ་ལས14.0%འཕར་ཡོད། ཐོན་ལས་གསུམ་པས་སྤྱི་ལོ2011ལོའི་འཕར་ཐང་སྒོར་དུང་ཕྱུར62.9ཟིན་པ་དེ་སྤྱི་ལོ2010ལོ་ལས20.8%འཕར་ཡོད། དཔལ་འབྱོར་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་བརྒྱུད་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད2:38.4:59.6ཡིན།

སྤྱི་ལོ2014ལོར་ཏུང་ཁྲང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་སྒོར་དུང་ཕྱུར145ཟིན་པ་དེ་སྤྱི་ལོ2013ལོ་ལས6.6%འཕར་བ་དང་། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར15.3ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས3.6%འཕར་བ། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར6.7ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས་3.9%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར96ཟིན་པ་དེ་སྤྱི་ལོ2013ལོ་ལས12%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24000ཟིན་པ་དེ་སྤྱི་ལོ2013ལོ་ལས9.1%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར13280ཟིན་པ་དེ་སྤྱི་ལོ2013ལོ་ལས15%འཕར་ཡོད།

3_5 ཐོན་ལས་དང་པོ།

སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི41800ཟིན་པ་དེ་སྤྱི་ལོ2010ལོ་ལས22.5%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི20616ཟིན་པ་དེ་སྤྱི་ལོ2010ལོ་ལས120%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི652ཟིན་པ་དེ་སྤྱི་ལོ2010ལོ་ལས46.2%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི19796ཟིན་པ་དེ་སྤྱི་ལོ2010ལོ་ལས16.0%མར་ཆག་པ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི247ཟིན་པ་དེ་སྤྱི་ལོ2010ལོ་ལས1.2%འཕར་ཡོད། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི489ཟིན་པ་དེ་སྤྱི་ལོ2010ལོ་ལས0.2%འཕར་ཡོད།

སྤྱི་ལོ2011ལོར་ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང2467ཟིན་པ་དེ་སྤྱི་ལོ2010ལོ་ལས3.3%མར་ཆག་ཡོད། དེའི་ནང་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང1009ཟིན་པ་དེ་སྤྱི་ལོ2010ལོ་ལས9.4%འཕར་བ་དང་། སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང1230ཟིན་པ་དེ་སྤྱི་ལོ2010ལོ་ལས12.5%མར་ཆག་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན6000ཟིན་པ་དེ་སྤྱི་ལོ2010ལོ་ལས་ཏུན1378འཕར་ནས་སྤྱི་ལོ2010ལོ་ལས29.8%འཕར་ཡོད། ནོར་གྱི་ཁ་གྲངས11467ཟིན་པ་དེ་སྤྱི་ལོ2010ལོ་ལས56.6%མར་ཆག ཕག 17131ཡོད་པ་དེ་སྤྱི་ལོ2010ལོའི60.0%མར་ཆག་པ་དང་། ཁྱིམ་བྱ420ཡོད་པ་དེ་སྤྱི་ལོ2010ལོ་ལས69.9%མར་ཆག་པ་ཡིན།

3_6 ཐོན་ལས་གཉིས་པ།

སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དུད་ཚང26ཡོད་པ་དང་། ཏུང་ཁྲང་ཆུས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར28.9ཟིན་པ་དེ་སྤྱི་ལོ2010ལོ་ལས23.8%འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.6ཟིན་པ་དེ་སྤྱི་ལོ2010ལོ་ལས22.4%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.3ཟིན་པ་དེ་སྤྱི་ལོ2010ལོ་ལས30.8%འཕར་ཡོད།

སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་བཟའ་བཅའ་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི7199ཟིན་པ་དེ་སྤྱི་ལོ2010ལོ་ལས25.9%འཕར་བ་དང་། ཁྱིམ་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི9102ཟིན་པ་དེ་སྤྱི་ལོ2010ལོ་ལས38.8%འཕར་བ། སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི200396ཟིན་པ་དེ་སྤྱི་ལོ2010ལོ་ལས18.6%འཕར་བ། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི46553ཟིན་པ་དེ་སྤྱི་ལོ2010ལོ་ལས53%འཕར་ཡོད།

3_7 ཐོན་ལས་གསུམ་པ།

སྤྱི་ལོ2011ལོར་ཏུང་ཁྲང་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར46.4ཟིན་པ་དེ་སྤྱི་ལོ2010ལོ་ལས18.7%འཕར་ཡོད། དེའི་ནང་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར37.8ཟིན་པ་དེ་སྤྱི་ལོ2010ལོ་ལས18.6%འཕར་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར8.6ཟིན་པ་དེ་སྤྱི་ལོ2010ལོ་ལས19.4%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་བསྡོམས་འབོར་ཁྲོད་རླངས་འཁོར་རིགས་ཀྱི་སིལ་ཚོང་བསྡོམས་འབོར་སྤྱི་ལོ2010ལོ་ལས35.6%འཕར་བ་དང་། འབྲུ་སྣུམ་དང་། བཟའ་བཅའ། བཏུང་བྱ། ཐ་མག་དང་ཨ་རག་གི་རིགས་སྤྱི་ལོ2010ལོ་ལས 8.2%འཕར་བ། ཉིན་མཁོའི་དངོས་རྫས་རིགས་སྤྱི་ལོ2010ལོ་ལས11.2%འཕར་བ། མཛེས་འཆོས་བྱུག་རྫས་རིགས་སྤྱི་ལོ2010ལོ་ལས71.4%འཕར་ཡོད། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས་སྤྱི་ལོ2010ལོ་ལས3.0%འཕར་ཡོད།

སྤྱི་ལོ2014ལོའི་བར་ཏུང་ཁྲང་ཆུས་ཀྱི་དམངས་གཉེར་ཁེ་ལས2151ཟིན་པ་དང་། སྒེར་གཉེར་བཟོ་ཚོང་ལས་རིགས་དུད་ཚང20000ལྷག་ཙམ་ཟིན་ནས་བསྡོམས་འབོར་སྤྱི་ལོ2013ལོ་ལས11%འཕར་བ་དང་། ལས་ཞུགས་མི་སྣ83000ཟིན་པ་དེ་སྤྱི་ལོ2013ལོ་ལས7%འཕར་བ། སྔོན་དཔག་བྱས་ན་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར588ཟིན་པ་དང་། དེ་སྤྱི་ལོ2013ལོ་ལས20%འཕར་རྒྱུ་དང་ནོར་སྲིད་ཀྱི་བྱས་རྗེས་འབུལ་ཚད90%ཡན་ཟིན་གྱི་ཡོད།

དཔྱད་གཞིའི་ཡིག་ཆ།