ཧུའེ་ནན་རྫོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-05 09:37ལ་འགྲུབ།

ཧུའེ་ནན་རྫོང་།

ཧུའེ་ནན་རྫོང་།
ཧུའེ་ནན་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཐུང་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད། ཁྲང་པའེ་རི་བོའི་ནུབ་འདབས་བཅས་སུ་གནས་ཤིང་། དེ་ནི་ཁྲང་པའེ་རི་རྒྱུད་དང་སུང་ལིའོ་བདེ་ཐང་གི་བར་བརྒལ་གྱི་ས་ཁུལ་ཡིན་པ་དང་། ཁྲང་པའེ་རི་བོ་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་དང་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2275དང་། མི་འབོར་ཁྲི36ཡོད། མི་རིགས19(གྲངས་ཉུང་མི་རིགས་ལ་གཙོ་བོ་ཁྲའོ་ཞན་རིགས་དང་། མན་ཇུ་རིགས། ཧུའེ་རིགས། སོག་རིགས་སོགས)ཡོད་པ་དང་། དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ11དང་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1 སྲིད་འཛིན་གྲོང་ཚོ143དང་། རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི121བཅས་ཡོད་ཅིང་། འབྲུ་རིགས་ཐོན་ཚད་ལོ་ལྟར་རྒྱ་མ་དུང་ཕྱུར11ཡས་མས་སུ་རྒྱུན་གཏན་དུ་ཐོན་བཞིན་ཡོད། ཧུའེ་ནན་རྫོང་ཁྲའོ་དབྱང་གྲོང་རྡལ་ཁྲང་པའེ་ཧྲན་གནམ་ཐང་དང་བར་ཐག་སྤྱི་ལེ187ཡོད་པ་དང་། ཁྲང་ཁྲུན་ལུང་ཅ་གནམ་ཐང་དང་བར་ཐག་སྤྱི་ལེ200ཡོད། ཐུང་ཧྭ་གནམ་ཐང་དང་སྤྱི་ལེ94ཡོད། ཧྲེན་ཅི་ལྕགས་ལམ་དང་། ཕུའུ་ཁྲང་མྱུར་བགྲོད་གཞུང་ལམ། རྒྱལ་ལམG504(དེ་སྔའི་ཧུའེ་ཡོན་ལམ་ཐིག)དང་ཧུའེ་སན(དེ་སྔའི་ཡིང་ཡིང་པའེ་ལམ་ཐིག ཧུའེ་ནན་ནས་པའེ་ཧྲན་བར་གྱི་སན་ཏའོ་ཀོའུ་བར) ཡུང་ཞིན(ཡོན་ཧྭ་ཧུའེ་ཐིག་དང་ཡུང་ཅི་ནས་ཞིན་པིན་བར)ཞིང་ཆེན་རིམ་པའི་གཞུང་ལམ་གཉིས་བརྒྱུད་པའི་ཧྲེན་ཅི་མྱུར་བགྲོད་གཞུང་ལམ་རྫོང་གི་ཉེ་འདབས་སུ་ཡོད། དེ་ནི་ཁྲང་པའེ་རི་བོ་དང་སུང་ལིའོ་བདེ་ཐང་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辉南县
དབྱིན་ཡིག་གི་མིང་།
Huinan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
སྦྲག་སྲིད་ཨང་རྟགས།
135100
ནམ་ཟླ།
བྱང་དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མི་གྲངས།
ཁྲི37(སྤྱི་ལོ2017ལོར)ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0435
རླངས་འཁོར་ཚབ་ཨང་།
吉E
སྦྲག་སྲིད་ཚབ་ཨང་།
220523
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2275ཡོད།
མངའ་ཁོངས།
གྲོང་རྡལ10དང་ཡུལ་ཚོ1ཡོད།
མེ་འཁོར་འབབ་ཚུགས།
ཁྲའོ་དབྱང་གྲོང་རྡལ་འབབ་ཚུགས།
ཡུལ་སྐད།
བྱང་ཤར་སྐད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པའི་གྲས་སུ་ཚུད།

སྤྱི་ལོ1909ལོར་ཆིང་སྲིད་གཞུང་གིས་ཧུའེ་ནན་ཀྲི་ལི་ཐིང་གི(ཀྲི་སུའོ་ནི་ཞེ་ཅ་ཏེན་དུ་བཙུགས་ཡོད། ད་ལྟའི་ཧུའེ་ནན་གྲོང་རྡལ་ཡིན)རྫོང་ཁོངས་མང་ཆེ་བ་ཧུའེ་ཧྥ་ཆུ་བོའི་ལྷོ་ཕྱོགས་སུ་ཡོད་པས་མིང་ལ་ཧུའེ་ནན་ཟེར། སྤྱི་ལོ1913ལོར་ཧུའེ་ནན་རྫོང་དུ་བསྒྱུར།   

སྤྱི་ལོ1945ལོར་ཧུའེ་ནན་རྫོང་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། སྤྱི་ལོ1949ལོའི་ཟླ5པར་ཧུའེ་ནན་རྫོང་མི་དམངས་སྲིད་གཞུང་ཞེས་པར་མིང་བསྒྱུར། ལོ་དེའི་ཟླ11པར་རྫོང་སྲིད་གཞུང་ཧུའེ་ནན་སྲང་ལམ་ནས་ཁྲའོ་དབྱང་གྲོང་རྡལ་དུ་སྤོས།

སྤྱི་ལོ1954ལོའི་ཟླ6པར། ལིའོ་ཏུང་ཞིང་ཆེན་མེད་པར་བཟོས་ཤིང་། ཧུའེ་ནན་རྫོང་ཅི་ལིན་ཞིང་ཆེན་ཐུང་ཧྭ་ས་ཁུལ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་བཅུག

སྤྱི་ལོ1985ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུང་ཧྭ་ས་ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་ཏེ། གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱེད་རྒྱུ་དང་། མེ་ཧུ་ཁོའུ་གྲོང་ཁྱེར་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤར་བྱེད་རྒྱུ་དང་། ཧུའེ་ནན་རྫོང་གི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1986ལོའི་ཟླ1པོར། མེ་ཧུ་ཁོའུ་གྲོང་ཁྱེར་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་ཞིང་། ཧུའེ་ནན་རྫོང་ཐུང་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པར་བྱས།

2 སྲིད་འཛིན་ཁོངས་བགོས།

ཧུའེ་ནན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ10དང་མི་རིགས་ཤང1ཡོད་པ་སྟེ། ཁྲའོ་དབྱང་གྲོང་རྡལ་དང་། ཧུའེ་ནན་གྲོང་རྡལ། སུང་སུང་ཀང་གྲོང་རྡལ། ཅིན་ཁྲོན་གྲོང་རྡལ། ཧྲེ་ཏའོ་ཧོ་གྲོང་རྡལ། ཧུའེ་ཧྥ་གྲོང་རྡལ། ཕུའུ་དབྱང་གྲོང་རྡལ། ཐོན་ལིན་གྲོང་རྡལ། ལོའུ་ཅེ་ཁྲའོ་ཞན་རིགས་ཤང་བཅས་སོ།། རྫོང་སྲིད་གཞུང་གི་ཁྲའོ་དབྱང་གྲོང་རྡལ་དུ་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧུའེ་ནན་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་དང་། ཐུང་ཧྭ་གྲོང་ཁྱེར་ས་ཁོངས་ཀྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ཅིང་ཡུའུ་རྫོང་དང་འབྲེལ་ཞིང་། ནུབ་ཏུ་མའེ་ཧུ་ཁོའུ་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ནུབ་ལིའུ་ཧུའི་འབྲེལ་མཚམས་སུ་ཡོད་ཅིང་། བྱང་ཤར་དུ་ཧྭ་ཏན་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་དུ་ཕན་ཧྲི་གྲོང་ཁྱེར་དང་གཙང་པོའི་གཡས་གཡོན་དུ་ཁ་གཏད་དུ་ཡོད།

ཧུའེ་ནན་རྫོང་གི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི66དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི60ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2278.7ཡོད།

3_2 ནམ་ཟླ།

ཧུའེ་ནན་རྫོང་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད5℃ཡིན་ལ། ཆེས་དམའ་བའི་དྲོད་ཚད་ནི་ཀླད་ཀོར་མན་གྱི17℃ཡིན་དང་། ཆེས་མཐོ་བའི་ཟླ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཟླ7པ་ཡི་ཞིང22.4℃ཡིན། ≥10℃ཡི་ནུས་ལྡན་དྲོད་ཚད་ཏུའུ2200ནས2800བར་ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི737.4ཟིན་པ་དང་ཆར་ཆུ་འབབ་ཚད་མང་ཆེ་བ་ཧའོ་སྨི987.2ཟིན། ཆར་ཆུ་འབབ་ཚད་ཉུང་ཤོས་ལ་ཧའོ་སྨི436.5ཟིན། ཉིན་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི124.2ཟིན། ཆར་ཆུ་འབབ་ཚད་ཟླ6པ་ནས8པའི་བར་ཡིན།

3_3 ས་དབྱིབས་ས་བབ།

ཧུའེ་ནན་རྫོང་ནི་རི་ཁུལ་ཕྱེད་ཙམ་ལ་གཏོགས་པ་དང་། དེ་ལ་རི་བོ་དང་རི་མ་ཐང་། ལུང་གཞུང་གི་བདེ་ཐང་བཅས་ས་བབ་རིགས་གསུམ་དུ་དབྱེ་ཡོད། ཁྲང་པའེ་ཧྲན་གྱི་ཡན་ལག་ལུང་སྒང་རི་རྒྱུད་གསེག་ཉལ་རྫོང་ཁོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དེས་ཤར་ལྷོའི་མཐོ་ས་ནས་ནུབ་བྱང་ཕྱོགས་སུ་རིམ་བཞིན་དམའ་བའི་ས་བབ་ཆགས་ཡོད། ཤར་ལྷོའི་རྒྱུད་ཀྱི་རི་ཁུལ་དམའ་བའི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི500ནས700བར་ཡིན་ཞིང་། དབུས་རྒྱུད་རི་མ་ཐང་དང་ཕྱེད་རི་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི400ནས500ཡི་བར་ཡིན་པ་དང་། ནུབ་རྒྱུད་དང་ནུབ་བྱང་རྒྱུད་ཀྱི་ཆུ་བོའི་འགྲམ་རྒྱུད་ནི་ལུང་གཞུང་གི་བདེ་ཐང་ཡིན་པ་དང་། ས་བབ་ལས་མཐོ་ཚད་སྨི300ནས400ཡི་བར་ཡིན།

4 མི་འབོར་དང་མི་རིགས།
4_1 མི་འབོར།

ཧུའེ་ནན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི37ཟིན་པའི་ནང་ཞིང་ལས་བ་མིན་པའི་མི་འབོར་ཁྲི13(མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞི)ཡོད།

4_2 མི་རིགས།

སྤྱི་ལོ2011ལོར་ཧུའེ་ནན་རྫོང་དུ་མི་རིགས20ཡོད་པའི་ནང་གྲངས་ཉུང་མི་རིགས19ཡི་མི་འབོར40378ཡོད་པ་དེས་ཧུའེ་ནན་རྫོང་གི་མི་འབོར་བསྡོམས་འབོར་གྱི10.8%ཟིན་ཡོད།  དེར་རྒྱ་རིགས་དང་། མན་ཇུ་རིགས། ཁྲའོ་ཞན་རིགས། ཧུའེ་རིགས་སོགས་ཀྱི་མི་རིགས་འདུས་སྡོད་བྱས་ཡོད་ཅིང་། རྒྱ་རིགས་ཕུད་པའི་གྲངས་ཉུང་མི་རིགས19ཡི་ནང་དུ་མན་ཇུ་རིགས་དང་ཧུའེ་རིགས་ནི་མི་རབས་ནས་མི་རབས་བར་སྡོད་པའི་མི་རིགས་ཡིན་པ་དང་། ཁྲའོ་ཞན་ནི་བྱང་ཤར་འཇིགས་ཉེན་ལ་འཕྲད་པའི་དུས་སྐབས་སུ་འཇར་ཕན་གྱིས་ཁྲའོ་ཞན་ཕྱེད་གླིང་ནས་གནས་སྤོས་ཡོང་བའི་གནས་སྤོས་ཡུལ་མི་ཡིན།

5 དཔལ་འབྱོར།

སྤྱི་ལོ2018ལོར་སྔོན་དཔག་བྱས་པ་ལྟར་ན། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར80ཟིན་པ་དེ་སྤྱི་ལོ2017ལོ་དང་གཅིག་མཚུངས་ཡིན་པ་དང་། ཆ་ཚང་བའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.59ཟིན་ཞིང་4.1%འཕར། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.44ཟིན་ལ3.7%འཕར།  སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར54.5ཟིན་པ་དང2.1%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར22.4བཏང་ནས12%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཡུལ་མི་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24012དང་སྒོར14250 ཟིན་ཞིང8.2%དང7.8%འཕར།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཧུའེ་ནན་རྫོང་གིས་གྲོང་གསེབ་གསར་པའི་འཛུགས་སྐྲུན་རྣམ་གྲངས287ལག་ཏུ་བསྟར་ནས་གྲོང་ཚོ་ཧྲིལ་པོར་རྣམ་གྲངས30བསྐྲུན་ཡོད་ལ། ཉེན་ཡོད་ཁང་པ་གསར་སྐྲུན41དང་གསང་སྤྱོད1100བསྒྱུར་བཀོད་བྱ་དགོས། ཁྱོན་ཡོངས་ནས“དྲོད་ཁང”གཙང་བཤེར་དག་ཐེར་བྱས་ཏེ་སྨི་གྲུ་བཞི་མ1077བཤིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཞི་གཅིག་ཅན་གྱི་ལས་གྲྭ་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་གད་སྙིགས་གསོག་ཚད་ཏུན5500ལྷག་ཙམ་ཐག་གཅོད་བྱས། དམིགས་ཚད་གྲོང་ཚོ28དང་། སྔོན་ཐོན་གྲོང་ཚོ57 དཔེ་སྟོན་གྲོང་ཚོ58 མཛེས་ལྡན་སྤྲོ་གླིང2000 དྭངས་གཙང་དུད་ཚང2500བཅས་བསྐྲུན་ནས་ཐོན་ལས་མཉམ་འདྲེས་ཀྱི་དཔེ་སྟོན་གྲོང་ཚ་4དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤུས་རྟགས་ཁུལ3བཏོད་དེ་ཞིང་ཆེན་རིམ་པའི་གྲོང་གསེབ་གསར་པའི་གཙོ་གནད་གྲོང་ཚོ6དང་། གྲོང་ཁྱེར་རིམ་པ་ཡན་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོ8བཏོད་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧུའེ་ནན་རྫོང་གིས་དངུལ་རྩའི་སྒྲིག་གཞིར་མཐུན་སྦྱོར་བྱས་ནས་ཁེ་ལས་ལ་མ་དངུལ་སྒོར་དུང་ཕྱུར31.6བཏང་བ་དང་། གསོ་རིགས་བདེ་ཐང་ཐོན་ལས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི5165སྤྲད་ལ། ལག་རྩལ་བསྒྱུར་བཀོད་རྣམ་གྲངས11ལག་ཏུ་བསྟར་ཡོད་པས་འཇར་མན་གྱི་ཚོང་པའི་སྨན་རྫས་ལས་རིགས་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གྲལ་དུ་ཚུད། ཞིང་ཆེན་རིམ་པའི་ཚོང་རྟགས་གྲགས་ཅན་ཀྱི་ཐོན་རྫས2རེ་ཞུ་ལེགས་གྲུབ་བྱུང་ལ། གསར་སྤེལ་ཁུལ་དུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16.1དང་ཁྲལ་འབབ་སྒོར་དུང་ཕྱུར1.1བྱུང་ནས་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ76གི་ཕྱོགས་བསྡུས་དཔྱད་བསྡུར་ཁྲོད་ཨང11པར་སླེབས་ཡོད། སྒྲིག་སྲོལ་ཐོག་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར35ཟིན་ཞིང2.93%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧུའེ་ནན་རྫོང་གིས“མིག་མངས་དཔའ་བོ་ཚོགས་པ”སོགས་བྱེད་སྒོ་ཆེ་གྲས་གྲུབ་འབྲས་ཐོབ་པའི་ངང་སྤེལ་བར“རྒྱལ་ཡོངས་ཀྱི་མིག་མངས་ཕ་ཡུལ”གྱི་མཚན་སྙན་ཐོབ་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང”ཞེས་པའི་འགྲན་རྩོད་ནང་ཞུགས་རྒྱུའི་གདན་ཞུ་བྱས་པ་དང“ལོ་འཁོར་གྱི་ཡིད་དབང་འཕྲོག་ཤུགས་དང་དམིགས་བསལ་ལེགས་སྐྱེས་ཕུལ་མཁན་གྱི་གྲོང་ཁྱེར”གྱི་མཚན་སྙན་ཐོབ། “ཕུལ་བྱུང་གི་ཡིད་དབང་འཕྲོག་པའི་གྲོང་ཁྱེར”གྱི་མཚན་སྙན་དང་མེ་རིའི་གསང་བའི་ཡུལ་སྐོར་དེ“ལོ་འཁོར་གྱི་ཡིད་དབང་འཕྲོག་པའི་བརྗོད་དོན་གཙོ་བོའི་ལམ་ཐིག”ལ་བདམས་ཤིང་། རྫོང་དེའི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ནང་ཁུལ་གྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན། ལོ་ཧྲིལ་པོར་ཡུལ་སྐོར་ས་ཁོངས་ནང་ཡོང་མཁན་ཐེངས་ཁྲི32དང་ཐོན་ལས་ཡོང་འབབ་སྒོར་དུང་ཕྱུར30ཟིན་ལ་སོ་སོར13%དང18%འཕར་ཡོད། “ཅི་ཆིང་ཁྱིམ་གཞིས·མཉམ་སྤྱོདeས་ཚིགས”རྫོང་ཧྲིལ་པོར་ཁྱབ་པ་དང་ཁྱབ་ཚད་ཞིང་ཆེན་རིམ་པའི་དྲ་ཐོག་ཚོང་དོན་གྲོང་ཚོ11ཟིན་ཡོད། ཧུང་ཧྥེང་ཟོག་འགྲེམས་གླིང་གི་འཁོར་སྐྱོད་རྣམ་པ་ཡག་ཅིང་ལོ་རེའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི30ཟིན་ཡོད། ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.9ཟིན་ཞིང1.8%འཕར་ཡོད།  

6 སྤྱི་ཚོགས་ལས་དོན།
6_1 སྨན་བཅོས་ལས་དོན།

སྤྱི་ལོ2018ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་ཁྲི6.8དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་ཁྲི8.4ཡོད་ལ། ལས་ཁུངས་སྡེ་ཚན་གྱི་མི་སྣའི་རྒན་གསོའི་འགན་བཅོལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། དམངས་ཡོངས་འགན་བཅོལ་ནང་ཞུགས་ནས་ཁྱིམ་དུད་ཁྲི5.1ཐོ་འགོད་བྱས་ཡོད། 

6_2 སློབ་གསོའི་བྱ་གཞག

2018ལོར་ཧུའེ་ནན་རྫོང་གིས་ལས་རིགས་སློབ་གསོའི་ལྟེ་གནས་དང་སློབ་འབྲིང་ལྔ་པའི་སློབ་ཁྲིད་ཐོག་ཁང་སོགས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སློབ་གྲྭའི་ཉལ་ཁང་གི་དྲོད་ལེན་སྒྱུར་བཀོད་སྨི་ངོས་གྲུ་ཁྲི་5.7ལེགས་སྒྲུབ་བྱས་པས་སློབ་ཁྲིད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

6_3 ལུས་རྩལ་བྱ་གཞག

སྤྱི་ལོ2018ལོར་ཧུའེ་ནན་རྫོང་པིན་ཧུ་ལུས་རྩལ་ཐང་རྩིས་སྤྲོད་བེད་སྤྱོད་བྱས་ནས་ལས་ཁུངས་ཀྱི་ལས་བྱེད་པའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བདེ་བླག་ངང་འཚོགས།

6_4 ཁོར་ཡུག་སྲུང་སྐྱོབ།

སྤྱི་ལོ2018ལོར་ཧུའེ་ནན་རྫོང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན19དག་ཐེར་བྱས་པ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་གྱོད་གཞི17ཐག་གཅོད་བྱས། བསླད་སྐྱོན་ཐེབས་པའི་ཡུར་བ37བཅོས་སྐྱོང་བྱས་ནས་ས་ཆུ་ཤོར་ཚད་མུའུ་ཁྲི2ཚོད་འཛིན་བྱ་རྒྱུ་དང་། སོལ་གཏེར་གྱི་ཐོན་ནུས་ཁྲུའུ1ལེགས་གྲུབ་ཟིན་པ་དང་གཏེར་རི་སླར་གསོ་སྒྲིགབཅོས་ཁྲུའུ4ལེགས་གྲུབ་བྱུང་ཡོད།

དཔྱད་གཞིའི་ཡིག་ཆ།