ཐུང་ཧྭ་རྫོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-04 15:42ལ་འགྲུབ།

ཐུང་ཧྭ་རྫོང་།

ཐུང་ཧྭ་རྫོང་།
ཐུང་ཧྭ་རྫོང་ནི་ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་།ཅི་ལིན་ཞིང་ཆེན་དང་། ཁྲང་པའེ་རི་བོའི་ལྷོ་རྒྱུད། ཧུན་ཅང་གཙང་པོའི་དབུས་རྒྱུད་དུ་ཆགས་ཡོད། ཤར་ཕྱོགས་པའེ་ཧྲན་གྲོང་ཁྱེར་གྱི་འབྲེལ་མཚམས་ཡིན་ལ། ནུབ་ཕྱོགས་ལེའོ་ཉིང་ཞིང་ཆེན་གྱི་ཞིན་པིན་རྫོང་དང་ཧོན་རེན་རྫོང་གཉིས་སུ་འབྲེལ་ཡོད། ལྷོ་ཕྱོགས་ཅི་ཨན་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ཡོད། བྱང་ངོས་ལིའུ་ཧུ་རྫོང་དང་འབྲེལ་ཞིང་ཁོངས་གཏོགས་སུ་གྲོང་རྡལ10དང་ཡུལ་ཚོ5བཅས་ལ་སྲིད་འཛིན་སྡེ་བ160ཡོད། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས་ཀྱི་རྫོང་གྲོང་ཞིག་ཡིན་ལ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3726.5(སྤྱི་ལོ2009ལོ)ཡོད་པ་དང་། སྤྱིའི་མི་འབོར་མི247225(སྤྱི་ལོ2010ལོ)ཡོད། སྤྱི་ལོ2013ལོར་ཐུང་ཧྭ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126མངོན་འགྱུར་བྱུང་། སྤྱི་ལོ2019ལོའི་ཟླ8པར་རྫོང་ཁོངས་ཀྱི་དམ་ཟབ་ཅན་གྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་གྲོང་བརྒྱའི་ནང་དུ་བདམས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
通化县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི247225
ནམ་ཟླ།
དྲོད་འབྲིང་ཁུལ་གྱི་བརླན་གཤེར་ཅན་གྱི་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ247225
ས་ཁོངས་ཁ་པར་ཨང་རྟགས།
0435
རླངས་འཁོར་ཚབ་ཨང་།
吉E
སྦྲག་སྲིད་ཨང་རྟགས།
134100
སྲིད་འཛིན་ཚབ་ཨང་།
220521
མངའ་ཁོངས།
ཡུལ་ཚོ10དང་གྲོང་རྡལ10ཡོད་པ་དང་། ཁྱོན་བསྡོམས་སྲིད་འཛིན་སྡེ་བ160ཡོད།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་ཐུང་ཧྭ་གྲོང་ཁྱེར།
མེ་འཁོར་འབབ་ཚུགས།
ཐུང་ཧྭ་རྫོང་མེ་འཁོར་འབབ་ཚུགས།
ཡུལ་སྐད།
བྱང་ཤར་སྐད།
1 ལོ་རྒྱུས་འཕེལ་རིམ།

ཀྲོའུ་དང་ཆིན་གྱི་དུས་སྐབས་སུ་ཡན་ལིའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ནུབ་མའི་དུས་སྐབས་སུ་ཞོན་ཡུས་ཅུན་གྱི་དབྱིན་ཐའེ་རྫོང་དུ་གཏོགས།

རྒྱལ་ཁབ་གསུམ་དང་ཅིན་རྒྱལ་རབས་གཉིས། ལྷོ་བྱང་རྒྱལ་རབས། སུའེ་རྒྱལ་རབས་བཅས་ཀྱི་དུས་སྐབས་སུ་ཀའོ་ཅུའུ་ལིས་བཅད་བཟུང་བྱས་ཤིང་། ཀྲུང་ཡོན་རྒྱལ་རབས་སོ་སོའི་མངའ་འོག་ཏུ་ཞུགས།

ཐང་ཙུང་ཀྲང་ཁྲི་ལོ་དང་པོར(སྤྱི་ལོ668ལོར)ཀའོ་ཅུའུ་ལིས་མེད་པར་བཏང་རྗེས་ཨན་ཏུང་གི་སྤྱི་ཁྱབ་ལྟ་སྐྱོང་ཁང་བཙུགས་པ་དང་ཐུང་ཧྭ་རྫོང་ཀོ་ཝུའུ་ཀྲོའུ་རུ་གཏོགས་པར་བྱས།

ཆིན་ཀོང་ཞུས་ཁྲི་ལོ་གསུམ་པར(སྤྱི་ལོ1877ལོར)ཡན་ཏུང་ཡན་གྱི་ཤར་ཕྱོགས་སུ་ཐུང་ཧྭ་རྫོང་བཙུགས།

ཆིན་ཀོང་ཞུས་ཁྲི་ལོ་བཞི་པར(སྤྱི་ལོ1878ལོར)ཐུང་ཧྭ་རྫོང་ནི་ཧྲང་ཅིན་དང་ཞིན་ཅིན་ཧྥུ་ཡི་ཁོངས་སུ་གཏོགས།

ཆིན་ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པར(སྤྱི་ལོ1902ལོར)ལིན་ཅང་དང་། ཅི་ཨན། ལིའུ་ཧུ་རྫོང་བཅས་ལོགས་སུ་བཀར་རྗེས། རྫོང་ཁོངས་ཤར་མཐའ་ཧུང་ཧྲི་ཞི་ཙི་ལིན་ཅང་བར་གྱི་ས་མཚམས་དང་། ནུབ་མཐའ་ཧྥུར་ཅང་གཙང་པོའི་ཞིན་ཅིང་ས་མཚམས་བར། ལྷོ་ངོས་ཝེ་ཧྲ་གཙང་པོའི་ཀང་ཅི་ཨན་ཅེ་བར་དང་། བྱང་ངོས་ལུང་ཀང་ཡན་ལག་ཧྲུའེ་ལིན་བར་གྱི་ལིའུ་ཧུ་བར་གྱི་ས་མཚམས་བཅས་ཡིན། གོང་མ་ཞོན་ཐུང་ཁྲི་ལོ་དང་པོར(སྤྱི་ལོ1909ལོ)ཧྲང་གི་ཕྱེད་ཀ་ལིན་ཅང་རྫོང་ལ་སྤྲད།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥེང་ཐེན་ཞིང་ཆེན་གྱི་ཤར་ཕྱོགས་ལམ་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་བཅོ་ལྔ་པར(སྤྱི་ལོ1926ལོར)ལུང་རྒོད་ཆེན་པོའི་བྱང་ངོས་ཅིན་ཁྲོན་རྫོང་ལ་དབང་།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ཧྥེང་ཐེན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1934ལོར)ཨན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོར)ཐུང་ཧྭ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོར)ཨན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པར(སྤྱི་ལོ1946ལོར)ཟླ2པར་ཐུང་ཧྭ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་ཟླ5པར་ལིའོ་ཉིན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཡོད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོར)ཟླ5པར་ཐུང་ཧྭ་རྫོང་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཧྲུའུ་ཡིས་བཅོས་སྐྱོང་བྱས་པ་དང་། ལིའོ་ཉིན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ལ། ཟླ12པར་ཐུང་ཧྭ་རྫོང་དང་གྲོང་ཁྱེར་ཨན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཡོད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ11པར་ཐུང་ཧྭ་རྫོང་དང་ཐུང་ཧྭ་གྲོང་ཁྱེར་ཡན་ལག་ཧྲུའུ་རུ་བཅོས་སྒྲིག་བྱས་པ་དང་། ཐུང་ཧྭ་རྫོང་ནི་ཨན་ཏུང་ཞིང་ཆེན་ཐུང་ཧྭ་ཆུས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

2 ‍སྲིད་འཛིན་ཁོངས་།

སྤྱི་ལོ1949ལོའི་ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ཐུང་ཧྭ་རྫོང་ལེའོ་ཏུང་ཞིང་ཆེན་ཐུང་ཧྭ་ཆུས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ6པར་ཐུང་ཧྭ་ཆུས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་མེད་པར་བཟོས་ཤིང་། ཐུང་ཧྭ་རྫོང་ལིའོ་ཏུང་ཞིང་ཆེན་གྱི་ཐད་གཏོགས་ཡིན།

སྤྱི་ལོ1953ལོའི་ཟླ7པར་ལིའུ་ཧུ་རྫོང་གི་ཆུས་ལྔ་པའི་ཏ་ཧོང་ཀོའུ་གྲོང་ཚོར་བགོས་རྗེས། ཤར་ངོས་སན་ཅེ་རི་བོའི་ཧུན་ཅང་གི་མཚམས་དང་། བྱང་ཤར་ནས་ཏ་ཏིན་ཙི་ལིའུ་ཧུ་རྫོང་གི་མཚམས་བར་ཡིན། དེ་ལས་གཞན་ཚང་མ་འགྱུར་ལྡོག་བྱུང་མེད།

སྤྱི་ལོ1954ལོའི་ཟླ8པར། ཅི་ལིན་ཞིང་ཆེན་ཐུང་ཧྭ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ(ཐུང་ཧྭ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཟླ8པའི་ཚེས20ཉིན་བཙུགས)ཁོངས་སུ་གཏོགས། ཚེས24ཉིན་ཐུང་ཧྭ་གྲོང་ཁྱེར་དང་ཐུང་ཧྭ་རྫོང་གིས་མཉམ་དུ་གཞུང་དོན་སྒྲུབ་པ་རེད། ཟླ10པར་ཆི་ཏའོ་ཀོའུ་གྲོང་ཚོ་དེ་གྲོང་ཁྱེར་གྱི་ཁོངས་གཏོགས་ནས་ཐུང་ཧྭ་རྫོང་གི་ཆུས་བཞིར་བགོས།

སྤྱི་ལོ1955ལོའི་ཟླ6པར་ཁུལ་བདུན་གྱི་མིང་དེ་བཅའ་སྡོད་བྱ་ཡུལ་གྱི་མིང་དུ་བསྒྱུར། རྫོང་ཡོངས་ཀྱི་ཁོངས་སུ་ཏ་མའོ་ཙི་དང་། ཏ་ཆོན་ཡོན། དབྱིན་ཨུ་པུའུ། ལིའུ་ཏའོ་ཀུའུ། ཨེར་སྨི་ཧྭ། ཀོང་ཧྭ། སི་ཏའོ་ཅང་། ཐེ་ཁྲང་ཙི་བཅས་ཆུས8དང་།གྲོང་ཚོ121ཁྲོམ་གཞུང2བཅས་ཡོད།

སྤྱི་ལོ1961ལོའི་ཟླ5བའི་ཚེས6ལ། ཁེ་ཏ་མའོ་ཙི་དང་ཏ་ཆོན་ཡོན། དབྱིན་ཨེ་པུའུ། ལིའུ་ཏའོ་ཀུའུ། ཨར་མེས། ཀོང་ཧྭ། སི་ཏའོ་ཅང་བཅས་མི་དམངས་ཀུང་ཧྲེ7ཕྱིར་འཐེན་བྱས། ཁེ་ཏ་མའོ་ཙི་དང་། ཏ་ཏ་ལིན། ཅིན་ཏོའུ། ཏ་ཆོན་ཡོན། ཏ་ཁྲོན། མེན་ཀྲའུ། ཀོང་ཧྭ། ཞིན་ཧྭ། ཧྥུ་ཅང་། དབྱིན་ཨོ་པུའུ། ཁྲེ་ལིང་པེ། སན་ཕེང་། ཡུས་ཧྲུའུ། ཨེར་སྨི། ཏུང་ལའེ། ཧྲི་ཧུའུ། ཀུའོ་སུང་། ལིའུ་ཏའོ་ཀུའུ། ཡ་ཙི་ཡོན་བཅས་གྲོང་ཁྱེར་མཐའ་སྐོར་ཀྱི་མི་དམངས་ཀུང་ཧྲེ20གསར་འཛུགས་བྱས།

སྤྱི་ལོ1962ལོའི་ཟླ6ཚེས9ཉིན་རྫོང་ཡོངས་ཀྱི་ཁོངས་སུ་མི་དམངས་ཀུང་ཧྲེ20ཡོད་པ་སྟེ། ཁེ་ཏ་མའོ་ཙི་ཀུང་ཧྲེ་དང་། ཏ་ཏུའུ་ལིན་ཀུང་ཧྲེ། ཅིན་ཏོའུ་ཀུང་ཧྲེ། ཏ་ཆོན་ཡོན་ཀུང་ཧྲེ། ཏ་ཁྲོན་ཀུང་ཧྲེ། མེན་ཀྲུའུ་ཀུང་ཧྲེ། དབྱིན་ཨེ་པུའུ་ཀུང་ཧྲེ། ཡུས་ཧྲུའུ་ཀུང་ཧྲེ། ཧྥུ་ཅང་ཀུང་ཧྲེ། སན་ཕེང་ཏེན་ཙི་ཀུང་ཧྲེ། ཁྲེ་ལིན་པེ་ཀུང་ཧྲེ། ལིའུ་ཏའོ་ཀོའུ་ཀུང་ཧྲེ། ཀུའོ་སུང་ཀུང་ཧྲེ། ཏུང་ལའེ་ཀུང་ཧྲེ། ཧྲི་ཧུའུ་ཀུང་ཧྲེ། ཨེར་སྨི་ཀུང་ཧྲེ། ཀོང་ཧྭ་ཀུང་ཧྲེ། ཞིན་ཧྭ་ཀུང་ཧྲེ། ཏ་ཨན་ཀུང་ཧྲེ། ཧུའུ་ལུའུ་ཐའོ་ཀུང་ཧྲེ་བཅས་ཡིན།

སྤྱི་ལོ2000ལོར་རྫོང་ཡོངས་སུ་གྲོང་རྡལ12དང་ཤང9(དེའི་ནང་གྲངས་ཉུང་མི་རིགས་ཀྱི་ཤང2ཡོད།)བཙུགས་པ་དང་། བསྡོམས་པས་སྲིད་འཛིན་གྲོང་ཚོ160ཡོད།

3 མི་འབོར།

སྤྱི་ལོ2010ལོར་ཀྲུང་གོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་སྐབས་ཐུང་ཧྭ་རྫོང་གི་མི་འབོར་བསྡོམས་འབོར་ནི247225ཡིན།

4 མི་རིགས།

སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་བསྡོམས་རྩིས་ལྟར་ན། ཐུང་ཧྭ་རྫོང་དུ་བསྡོམས་པས་མི་རིགས17ཡོད། མི་འབོར་བསྡོམས་འབོར་ཁྲོད་རྒྱ་རིགས213054ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི83.5%བཟུང་ཡོད། སོག་རིགས209ཡོད་པ་དེས་སྤྱིའི་མི་འབོར་གྱི0.08%བཟུང་ཡོད། ཧུའེ་རིགས118ཡོད་པ་དེས་སྤྱིའི་མི་འབོར་གྱི0.05%བཟུང་ཡོད། མིའོ་རིགས12ཡོད་པ་དེས་སྤྱིའི་མི་འབོར་གྱི0.005%བཟུང་ཡོད། ཁྲའོ་ཞན་མི་རིགས11982་ཡོད་པ་དེས་སྤྱིའི་མི་འབོར་གྱི5.7%ཟིན་པ་དང་། མན་ཇུ་རིགས་ཀྱི་མི་གྲངས29739ཡོད་པ་དེས་སྤྱིའི་མི་འབོར་གྱི11.65%བཟུང་བ། ཐུའུ་ཅ་རིགས་མི་གྲངས12ཡོད་པ་དེས་སྤྱིའི་མི་འབོར་གྱི0.005%བཟུང་བ། ད་དུང་བོད་རིགས་དང་ཡུ་གུར་རིགས། དབྱིས་རིགས།  ཀྲོང་རིགས། ཏུང་རིགས། པའེ་རིགས། ཧ་ཉི་རིགས་སོགས་ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་སའི་ཡུལ་ཁོངས།

ཐུང་ཧྭ་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཁྲང་པའེ་རི་བོའི་ནུབ་ལྷོ། ཧུན་ཅང་གཙང་པོའི་དབུས་རྒྱུད་དུ་ཆགས་ཡོད། ཤར་ནས་པེ་ཧྲན་གྲོང་ཁྱེར་གྱི་འབྲེལ་མཚམས་དང་། ནུབ་ནས་ལེའོ་ཉིང་ཞིང་ཆེན་ཞིན་པིན་རྫོང་དང་ཧོན་རེན་རྫོང་གི་ས་མཐའ་དང་འབྲེལ་ཡོད། ལྷོ་ནས་ཅི་ཨན་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་བ། བྱང་ནས་ལིའུ་ཧུ་རྫོང་དང་འབྲེལ་བ། ཤར་ནུབ་ཀྱི་རིང་ཚད་རིང་ཤོས་ལ་སྤྱི་ལེ96དང་ལྷོ་བྱང་གི་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ83.3ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3726.5ཡོད།

5_2 ས་དབྱིབས།

ཐུང་ཧྭ་རྫོང་ནི་རི་ཁུལ་ཡིན་པ་དང་། ཁྲང་པའེ་རི་བོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་དང་ཤར་ལྷོའི་རྒྱུད་ཀྱི་ས་བབ་མཐོ་བ་དང་། ས་བབ་མཐོ་ཤོས་ནི་ཧྲི་ཧུའུ་ཤང་ཏ་ཏུང་ཁྲ་དང་ཏའོ་ཏའོ་ཀོའུ་དབར་གྱི་དུང་ལོ་ཐུའུ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1589ཟིན་པ་དང་། ནུབ་དང་། ནུབ་ལྷོ་དམའ་བ་དང་། ཆེས་དམའ་བ་ནི་ཆུ་མིག་ཤང་ཅང་ཁོའུ་གྲོང་ཚོ་ཡིན། ས་བབ་མཐོ་ཚད་སྨི288དང་། མཐོ་ཤོས་དང་དམའ་ཤོས་ཀྱི་ཧེ་བག་ལ་སྨི1301ཡོད།

5_3 ནམ་ཟླ།

ཐུང་ཧྭ་རྫོང་ནི་ཨེ་ཤ་ཡ་ཤར་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དྲོད་འབྲིང་ཁུལ་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་ཡིན། ཁྲང་པའེ་རི་བོའི་ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པས་སྐམ་སའི་རང་བཞིན་གྱི་གནམ་གཤིས་མངོན་གསལ་ཡིན།

6 དཔལ་འབྱོར།

སྤྱི་ལོ2013ལོར་ཐུང་ཧྭ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར126ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས10%འཕར་བ་དང་། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་ཁྲི139007ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས11%འཕར། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི104599ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས20%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར31.8ཟིན་པ་དེ་སྤྱི་ལོ2012ལོ་ལས12.8%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18686ཟིན་ཞིང་སྤྱི་ལོ2012ལོ་ལས12%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9778ཟིན་ཞིང13%འཕར་ཡོད།

6_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ཐུང་ཧྭ་རྫོང་གིས་ཚད་གཞི་མཐོ་བའི་གཞི་རྩའི་ཞིང་ཁ་མུའུ་ཁྲི3.3བསྐྲུན་ཡོད། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར3.1ཟིན་ལ་སྤྱི་ལོ2012ལོ་ལས3%འཕར་ཡོད། རྒྱལ་ཁབ་རིམ་པའི་ཕྱིར་གཏོང་མ་རྨོས་ལོ་ཏོག་གི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་གསར་འཛུགས་བྱས། གྲོང་ཁྱེར་རིམ་པ་ཡན་གྱི་ཁྱད་ལྡན་ཞིང་ལས་སྣེ་འདྲེན་ཁེ་ལས35ཟིན་པ་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྣ་ཚོགས316བཙུགས། ལྗང་མདོག་བཟའ་བཅའི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་རྟེན་གཞི་མུའུ་ཁྲི30དང“ཐོན་རྫས་གསུམ”གྱི་རྟེན་གཞི་མུའུ་ཁྲི7ངོས་འཛིན་བྱས། ཐུང་ཧྭ་རྫོང་དུ་བཟའ་བྱའི་ཤ་མོ་འགྱིག་ཤོག་ཁྲི1016.35གསར་དུ་འཕེལ་རྒྱས་བཏང་བ་དང་། བཟའ་བྱའི་ཤ་མོའི་གྲང་མཛོད7གསར་དུ་བསྐྲུན། ལྡུམ་རའི་ལག་རྩལ་དམིགས་བསལ་ཐོན་ལས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི8ཟིན། ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཡོད།

སྤྱི་ལོ2017ལོའི་ཟླ10པར་ཐུང་ཧྭ་རྫོང་ནི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་ཁག་དང་པོར་བདམས།

སྤྱི་ལོ2019ལོའི་ཟླ11ཚེས18ཉིན་ཐུང་ཧྭ་རྫོང་དེ“ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས།

6_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཐུང་ཧྭ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར142ཟིན་པ་དེ་སྤྱི་ལོ2012ལོ་ལས24%འཕར་བ་དང་། ཁྲལ་དངུལ་སྒོར་དུང་ཕྱུར5.3བཏང་བ་དེ་སྤྱི་ལོ2012ལོ་ལས17%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས94ཡོད། སྤྱི་ལོ2013ལོར་ཐོན་རྫས་གསར་པ་ཐོན་སྐྱེད་ཚོད་ལྟའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར18ཟིན་པ་དང་། ཏུང་པའོ་སྨན་ལས་སོགས་ཁེ་ལས4ཞིང་ཆེན་ཡོངས་ཀྱི་གསར་གཏོད་རྣམ་པའི་ཚན་རྩལ་ཁེ་ལས་ཁག་དང་པོར་གཏན་འཁེལ་བྱས་པ།ཞིང་ཆེན་རིམ་པ་ཡན་གྱི་མཐོ་གསར་ལག་རྩལ་ཁེ་ལས5ཟིན་པ། ཞིང་ཆེན་རིམ་པའི་སྤུས་རྟགས་ཐོན་རྫས་གྲགས་ཅན11བཅས་ཡོད། སྤྱི་ལོ2013ལོར་ལག་རྩལ་བསྒྱུར་བཀོད་ཐད་ལ་མ་དངུལ་སྒོར་དུང་ཕྱུར59བཏང་ལ། ཏུང་པའོ་སྨན་རྫས་ལས་རིགས་དང་། ཧྭ་ཞ་སྨན་རྫས་ལས་རིགས། ཀྲེན་གོ་སྨན་རྫས་ལས་རིགས་སོགས་ཁེ་ལས6དང་། སྦྱོར་རྣམ8ལGMPཡི་དཔང་དངོས་ཐོབ། ཕྱོགས་བཞིའི་རི་བོའི་ལྕགས་གཏེར་གྱིས་ལོ་རེར་ལྕགས་རྡུལ་ཏུན་ཁྲི70ཐོན་སྐྱེད་བྱས་པའི་རྣམ་གྲངས་ལ་ཞིབ་བཤེར་སྙན་ཞུ་ལ་ཞིབ་དཔྱད་བྱས་པ་བརྒྱུད་རྩད་ཆོད་པའི་གསོག་ཚད་ཏུན་ཁྲི7000ཟིན་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་ཐུང་ཧྭ་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར138བཏང་བ་དེ་སྤྱི་ལོ2012ལོ་ལས18%འཕར་ཡོད། ཐུང་ཧྭ་རྫོང་གི་གཙོ་གནད་སྐུལ་འདེད་རྣམ་གྲངས50ཡི་རྣམ་གྲངས43སྐྲུན་འགོ་ཚུགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར58བཏང་བ་དང་། དེའི་ནང་སྒོར་དུང་ཕྱུར10ལྷག་ཙམ་ཟིན་པའི་རྣམ་གྲངས7ཡོད་པ་དང་གླིང་ཁུལ་བདུན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར27བཏང་བ་དང་དཀར་པོ་ཆིག་ཐུབ་ཐོན་ལས་གླིང་ད་ཆ་ཁེ་ལས15ལ་བཅའ་སྡོད་བྱས་པ་དང་། དོན་དངོས་སུ་མ་དངུལ་སྒོར་དུང་ཕྱུར78དོན་འཁྱོལ་བྱུང་། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི5980དངོས་སུ་སྤྱད་པ་དང་། རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར9.5བརྩོན་ལེན་བྱས།

སྤྱི་ལོ2013ལོར་ཀྲུང་གོ་དངུལ་ཁང་ཐུང་ཧྭ་རྫོང་དུ་བདེ་བླག་ངང་བཅའ་སྡོད་བྱས་པ་དང་། སྤྱི་ལོ2013ལོའི་ལོ་མཇུག་ཏུ་གསར་སྣོན་བྱས་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར13.6ཡིན། ཐུང་ཧྭ་ཧྲེང་ཏུང་མ་འཇོག་ཚད་ཡོད་ཀུང་སིས་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར34.4བཏང་བ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར1.5ལེགས་སྒྲུབ་བྱས་པ། དམངས་གཉེར་དཔལ་འབྱོར་གྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར246ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས25.5%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།