ཁྲའོ་དབྱང་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-04 11:59ལ་འགྲུབ།

ཁྲའོ་དབྱང་ཆུས།

ཁྲའོ་དབྱང་ཆུས།
ཁྲའོ་དབྱང་ཆུས་ནི་པེ་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཤར་ཁུལ་དུ་ཡོད། ནུབ་ན་གྲོང་ཤར་ཆུས་དང་། ཧྥན་ཐེ་ཆུས། ཧེ་ཏེན་ཆུས་དང་ཉེ་བར་སྦྲེལ་ཞིང་། བྱང་ནི་ཁྲིན་ཕིན་ཆུས། ཧྲོན་ཡེ་ཆུས་དང་འབྲེལ་ཞིང་། ཤར་ནི་ཐུང་ཀྲུའུ་ཆུས་ལ་ཐུག་ཡོད། ལྷོ་ནི་ཏཱ་ཞན་ཆུས་དང་འབྲེལ། ས་ངོས་རྒྱ་ཁྱོན་ལ་སྟོང་རྨི་གྲུ་བཞི་མ470.8ཡོད་པ་དང་། མཚོ་ངོས་ལས་རྨི34ཡོད། པེ་ཅིང་གྲོང་ཁྱེར་གྱི་དཀྱིལ་དབུས་ཆུས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཆུས་ཡིན། སྤྱི་ལོ2018ལོར། ཁྲའོ་དབྱང་ཆུས་ཀྱི་མངའ་འོག་ན་སྲང་ལམ24དང་། ཆུས19ཡོད་ལ། གཞིས་སྡོད་མི་གྲངས་ཁྲི360.5ལ་སླེབས་ཡོད། ཆུས་ཀྱི་ཐོན་སྐྱེད་སྤྱི་འབོར་དུང་ཕྱུར(GDP)6093.5དང་། དེའི་ཁྲོད་ཐོན་ལས་དང་པོའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར2.1དང་། ཐོན་ལས་གཉིས་པའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར404.2 ཐོན་ལས་གསུམ་པའི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར5687.2བཅས་ཐོན་ལས་གསུམ་པོའི་བསྡུར་ཚད0.03:6.63:93.34ཡིན་ལ། ལོ་རེའི་ཆ་སྙོམས་མི་གྲངས་གཞིས་སྡོད་ལ་གཞིགས་ཏེ་རྩིས་རྒྱབ་པ་ལྟར་ན། ཆུས་ཡོངས་ཀྱི་ཆ་སྙོམས་མི་གྲངས་ཡོང་འབབ་ནི་སྒོར་ཁྲི16.5945ཡིན། ཁྲའོ་དབྱང་ཆུས་ཀྱི་བཟོ་ལས་དར་རྒྱས་ཆེ་ཞིང་། པེ་ཅིང་གྲོང་ཁྱེར་གྱི་བཟོ་ལས་རྟེན་གཞི་ས་ཁུལ་ཡིན། ཆུས་རེ་རེའི་ཁྲོད་གཅིག་བསྡུས་ཀྱི་རས་འཐག་དང་གློག་རྡུལ། རྫས་འགྱུར་བཟོ་ལས། འཕྲུལ་ཆས་གསར་བཟོ། རླངས་འཁོར་བཟོ་བ་བཅས་ཀྱི་རྟེན་གཞི་ཡོད་ཅིང་། ཁྲའོ་དབྱང་ཆུས་ནི་ཕྱི་རོལ་ཡུལ་དང་འབྲེལ་བ་བྱེད་པའི་བྱེད་སྒོ་ཕུན་སུམ་ཚོགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཕྱི་འབྲེལ་བྱེད་སྒོ་སྤེལ་ས་གཙོ་བོའང་ཡིན། སྤྱི་ལོ2019ལོའི་ཟླ8ཚེས13ཉིན། ཁྲའོ་དབྱང་ཆུས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་འཕྲོད་བསྟེན་མཉམ་འབྲེལ་ཚོད་ལྟ་སྒྲིག་འཛུགས་བྱེད་པའི་གྲོང་ཁྱེར་ལ་བདམས། སྤྱི་ལོ2019ལོའི་ཟླ8པའི་ཚེས28ཉིན་ལ། ཐེངས་བཞི་པའི་ཀྲུང་དབྱང་ནོར་སྲིད་རྒྱབ་སྐྱོར་གྱིས་སྤེལ་བའི་སྡོད་དམངས་དང་སྡེ་ཁུལ་རྒན་གསོ་ཞབས་ཞུ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྱི་མིང་ཐོ་ཁྲོད་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝阳区
ཕྱི་ཡིག་གི་མིང་།
Chao Yang District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
སྦྲག་སྲིད་ཨང་རྟགས།
100020
ནམ་ཟླ།
དྲོད་འབྲིང་ཕྱེད་མའི་བཞའ་བརླན་ཁུལ་གྱི་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ470.8ཡོད།
མི་གྲངས།
ཁྲི360.5(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས།)ཡོད།
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
110105
ས་ཁོངས་ཁ་པར་ཨང་རྟགས།
010
ཁོངས་གཏོགས་ས་ཁུལ།
པེ་ཅིང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང24དང་ས་ཁུལ19ཡོད།
1 ལོ་རྒྱུས་འཕེལ་རིམ།

ཞྭ་རྒྱལ་རབས་ཀྱི་སྐབས་སུ། ཡན་ཀྲུའུ་ཡི་མངའ་ཁོངས་སུ་གཏོགས།

ཧྲང་རྒྱལ་རབས་ཀྱི་སྐབས་སུ། ཡོན་ཀྲུའུ་ཡི་མངའ་ཁོངས་སུ་གཏོགས།

ཀྲའུ་རྒྱལ་རབས་ཀྱི་སྐབས་སུ།  ཡོན་ཀྲུའུ་མངའ་ཁོངས་སུ་གཏོགས་ཤིང་། ཀྲོའོ་ནུབ་མའི་སྐབས་ཀྱི་རྒྱལ་བོ་ཧན་བོ་ཏིའི་རྗེས་སུ། ཡེས་ཀྱི་མངའ་ཁོངས་སུ་གཏོགས།(ད་སྐབས་ཀྱི་པེ་ཅིང་གི་ཀོང་ཨན་མན་གྱི་ས་ཁོངས་ཤིག་ཡིན)

ཁྲོན་ཆོའུ་ཀྲན་གོའི་སྐབས་སུ་ཡན་རྒྱལ་རབས་ཀྱི་ཏོའོ་ཡེ་ཡི་མངའ་ཁོངས་སུ་གཏོགས། མིན་རྒྱལ་རབས་ཀྱི་སྐབས་སུ། ཀོན་ཡང་ཅོན་དང་ཡང་ཡན་ཅོན་གྱི་མངའ་ཁོངས་སུ་འདུ།

ཧན་ནུབ་མའི་སྐབས་སུ། ཀོང་ཡང་རྒྱལ་ཁབ་ཀྱི་ཁོངས་གཏོགས་ལོ་རྫོང་དང་།ཨན་ལི་རྫོང་སོགས་ཡོད།

ཧན་ཤར་མའི་སྐབས་སུ། ཀོང་ཡང་རྒྱལ་ཁབ་ཀྱི་ཀི་རིང་རྫོང་དང་། ཐོང་ལོའོ་ཅོན་གྱི་ཐོང་ལོའོ་ཐིན། ཨན་ལི་རྫོང་བཅས་ཡིན།

རྒྱལ་ཁབ་བཅུ་དྲུག་གི་སྐབས་སུ། ཀྲུའུ་ཕྱི་མ་དང་། ཡན་སྔོན་མ། ཆིན་སྔོན་མ། ཡན་ཕྱི་མ་བཅས་ཀྱིས་ཡན་ཀྲུའུ་ས་ཁུལ་བཟུང་བའི་བར་སྐབས་སུ།  མངའ་ཁོངས་སུ་ཡོན་ཀྲུའུ་ཡན་ཅོན་གྱི་ཡེས་རྫོང་དང་། ལོའོ་རྫོང་། ཨན་ལི་རྫོང་བཅས་ཡོད།

ཀྲུང་ཧྭ་མིན་གོའི་དུས་སྟོད་དུ།(སྤྱི་ལོ1912—སྤྱི་ལོ1927བར)གཙོ་བོ་པེ་དབྱང་སྲིད་གཞུང་གིས་སྲིད་བཟུང་ཞིང་། རྒྱལ་ས་པེ་ཅིང་བྱས་ཤིང་། མིན་གོའི་སྲིད་ལོ་བཅུ་དགུ་བར།(སྤྱི་ལོ1930ལོར)པེ་ཕིང་དམིགས་བསལ་གྲོང་ཁྱེར་དེ་པེ་ཅིང་གྲོང་ཁྱེར་ལ་བཅོས་རྗེས། པེ་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་པེ་ཕིན་གྲོང་ཁྱེར་ལ་ཆུས་ཤར་མ་དང་། ཆུས་བྱང་མ། ཆུས་ལྷོ་མ་བཅས་ཧུ་པེ་ཞིང་ཆེན་གྱི་ཏྭ་ཞེན་རྫོང་དང་། ཐོང་རྫོང་བཅས་ཡོད། མིན་གོའི་སྲིད་ལོ་ཉེར་དྲུག་པར།(སྤྱི་ལོ1937ལོར)པེ་ཕིང་རྨེག་མེད་བཏང་།

སྤྱི་ལོ1950ལོའི་ཟླ8པར། པེ་ཅིང་ཉེ་འདབས་ཀྱི་ཆུས་བདུན་པོའི་གོ་རིམ་བསྒྱུར་ནས་བཅུ་ནས་བཅུ་དྲུག་ལ་བཅོས་རྗེས། ཆུས་བཅུ་བ་དང་། ཆུས་བཅུ་གཅིག ཆུས་བཅུ་བཞི། ཧུ་པེ་ཞིང་ཆེན་གྱི་ཧྲོན་ཡེ་རྫོང་།ཐོང་རྫོང་བཅས་ཡིན།

སྤྱི་ལོ1952ལོའི་ཟླ9པར། ཆུས་བྱང་མའི་ཆུས་བཅུ་བཞི་ཕྱིར་འཐེན་བྱས་ཤིང་།  ཆུས་བཅུ་བའི་མིང་ལ་ཆུས་ཤར་མ་ཞེས་བཏགས།  ཆུས་བཅུ་གཅིག་པའི་མིང་ལ་ཆུས་ལྷོ་མ་ཞེས་བཏགས། དེ་གཉིས་པེ་ཅིང་གྲོང་ཁྱེར་གྱི་ཆུས་ཤར་མ་དང་ཆུས་ལྷོ་མ། ཧུ་པེ་ཞིང་ཆེན་གྱི་ཧྲོན་ཡེ་རྫོང་དང་། ཐོང་རྫོང་བཅས་ཡིན།

སྤྱི་ལོ1955ལོའི་ཟླ8པར། ཁྲོ་ཡང་འགག་གི་གོན་ཞང་དང་། ཤར་བགྲོད་གྱི་གོན་ཞང་། ཀོན་ལང་འགག་གི་ཀོན་ཞང་བཅས་དབྱེ་མཚམས་ཕྱེས་ཤིང་། ཁོངས་གཏོགས་སུ་པེ་ཅིང་ཆུས་ཤར་མ་དང་། ཆུས་ལྷོ་མ།  ཧུ་པེ་ཞིང་ཆེན་གྱི་ཧྲོན་ཡེ་རྫོང་དང་། ཐོང་རྫོང་བཅས་ཡོད།

སྤྱི་ལོ1958ལོའི་ཟླ5པར། ཆུས་ཤར་མའི་མིང་ཁྲོ་དབྱང་ཆུས་ལ་བསྒྱུར།

སྤྱི་ལོ1959ལོར། མངའ་ཁོངས་ཐམས་ཅད་ཁྲོ་དབྱང་གི་མངའ་ཁོངས་སུ་གཏོགས་པར་བྱས།

2 ‍སྲིད་འཛིན་ཁོངས་།

མིན་གོའི་སྲིད་ལོ་བཅུ་གསུམ་པའི(སྤྱི་ལོ1924ལོར)ཟླ11པར། གོ་མིན་དམག་འཛིན་སྤྱི་ཁྱབ་དཔོན་པོས་ཐག་གཅོད་ལྟར། པེ་ཅིང་གི་ཤར་ནས་ཏ་ཧོང་ཀྲུང་དང་། ནུབ་ནས་སུན་ཅ་ཏན། ལྷོ་ནས་ཞིས་ཧོང་མིན། བྱང་ནས་ལི་ཧྲུ་ཟམ་པའི་དབར། ཅིན་གྱི་དམག་འཛིན་གྱིས་ལྟ་སྐུལ་འོག་ཏུ་དོ་དམ་བྱེད་པར་ཐག་བཅད།

མིན་གོའི་སྲིད་ལོ་བཅུ་བཞི་བའི(སྤྱི་ལོ1925ལོ)ཟླ1པོར། ཤར་ལྷོ་ནུབ་བྱང་བཅས་དམག་གིས་དོ་དམ་ཆུས་བཞིར་དབྱེ་ཞིང་། ཉེན་རྟོག་ཆུས་བཙུགས་ཤིང་། ལས་འགན་གཙོ་བོ་ནི་ཉེན་རྟོག་དང་། འཕྲོད་བསྟེན། མེ་འགོག ཁྲིམས་སྲིད། སྡོད་དམངས་བཅས་ལ་ཐེ་གཏོགས་བྱ་རྒྱུའོ།།  དེའི་ཁྲོད་དུ་ཆུས་ཤར་མ་ནི་ཁོང་གཏོགས་ས་ཁུལ་དུ་བཅོས་ཤིང་། ཆུས་ཤར་མ་ནི་དམག་སྡེ་ས་གནས་ཧྥང་ཚོ་ས་ཁུལ་ཡིན།

མིན་གོའི་སྲིད་ལོ་བཅུ་བདུན་པའི(སྤྱི་ལོ1928ལོར)ཟླ12པར། པེ་ཕིང་སྲིད་གཞུང་གིས་རང་སྐྱོང་ཁུལ་བཙུགས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པའི(སྤྱི་ལོ1929ལོར)ཟླ1པོར། དམག་གི་ལྟ་རྟོག་ཁུལ་རྨང་གཞིར་བཟུང་ནས་གྲོང་ཁྱེར་ཡོངས་ལ་རང་སྐྱོང་ས་ཁུལ་བཅོ་ལྔར་བགོས།

3 ས་ཁམས་ཁོར་ཡུག
3_1 ས་གནས།

ཁྲའོ་དབྱང་ཆུས་ནི་པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབས་ནས་གྲོང་ཁུལ་དུ་བར་བརྒལ་བྱེད་པའི་ཆུས་ཤིག་ཡིན་པ་དང་། པེ་ཅིང་གྲོང་ཁུལ་གྱི་ཤར་རྒྱུད་དུ་གནས་ཤིང་ཕྱོགས་བཞིར་པེ་ཅིང་གྲོང་ཁྱེར་གྱི་ཆུས9དང་འབྲེལ་ཡོད།

3_2 ས་དབྱིབས་དང་ས་བབ།

ཁྲའོ་དབྱང་ཆུས་ནི་པེ་ཅིང་བདེ་ཐང་དུ་གནས་པ་དང་། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཅུང་གསེག་ཡོད། གཟར་ཚད་སྤྱིར་ན1/1000ནས1/2500འི་བར་ཡིན། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི34ཟིན་པ་དང་། ས་བབ་མཐོ་ཤོས་ལ་སྨི46ཟིན་ཞིང་ཏ་ཏུན་ནས་ཝ་ལིའི་ཀོན་ཤིས་ཀོན་ཤིས་གྲོང་གི་རྒྱུད་དུ་ཆགས་ཡོད། ས་བབ་དམའ་ཤོས་ལ་སྨི20ཡོད་པ་དང་། པ་ཧོ་གཙང་པོའི་སྨད་རྒྱུད་ཀྱི་ལོའུ་ཙི་ཀྲོང་ཧྲ་ཝོ་གྲོང་ཚོའི་ནུབ་རྒྱུད་དུ་ཆགས་ཡོད།

3_3 ནམ་ཟླ།

ཁྲའོ་དབྱང་ཆུས་ནི་སྐམ་སའི་དབུས་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླ་ཡིན།  དུས་བཞི་གསལ་བ་དང་ཆར་ཆུ་གཅིག་སྡུད་ཡིན། དཔྱིད་དུས་སྐམ་ཤས་ཆེ་ལ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་། སྟོན་དུས་ནམ་མཁའ་གཡའ་དག་ཅིང་། དྲོད་ཚད་འོས་འཚམ་ཡིན་ལ་འོད་ཕོག་ཚད་ཀྱང་འདང་ངེས་ཡིན། དགུན་དུས་གྲང་ཞིང་སྐམ་ཤས་ཆེ་བ་དང་ཁ་བ་བུ་ཡུག་ཉུང་། ལོ་རེའི་ཆ་སྙོམས་དྲོད་ཚད11.6℃ཡིན། ཆེས་འཁྱག་པའི་ཟླ་དང་པོའི་ཆ་སྙོམས་དྲོད་ཚད4.6℃ཡིན་ལ། ཆེས་དྲོ་བའི་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད25.9℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི581(སྤྱི་ལོ1971ལོ་ནས་སྤྱི་ལོ2000ལོའི་བར)ཡིན། དབྱར་དུས་ཀྱི་ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི75%ཟིན་ཡོད། སྤྱི་ལོ1998ལོ་ནས་བཟུང་ནམ་ཟླ་དྲོ་ཞིང་སྐམ་ཤས་ཆེ་ལ་བསྟུད་མར་ཐན་པ་བྱུང་།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁྲའོ་དབྱང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི360.5ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི13.4ཉུང་དུ་ཕྱིན་ནས་ལོ་སྔོན་མ་ལས3.6%མར་ཆག་ཡོད། དེའི་ནང་རྒྱུན་སྡོད་མི་འབོར་ཁྲི157.9ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི10.9ཉུང་དུ་ཕྱིན་ནས་ལོ་སྔོན་མ་ལས6.5%མར་ཆག་པ་དེས་རྒྱུན་སྡོད་མི་འབོར་གྱི43.8%ཟིན་ཡོད།

5 དཔལ་འབྱོར།  

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར6093.5བྱུང་བ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས6.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར2.1ཟིན་པ་དེ་ལོ་སྔོན་མ་ལས70.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར404.2ཟིན་ཞིང་། ལོ་སྔོན་མ་ལས3.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར5687.2ཟིན་ལ་ལོ་སྔོན་མ་ལས6.7%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི0.03:6.63:93.34ཡིན། ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམསGDPསྒོར165945ཟིན་ཡོད།

5_1 གཏན་འཇགས་རྒྱུ་ནོར་མ་དངུལ།

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས7.5%མར་ཆག་ཡོད། དེའི་ནང་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས13.0%མར་ཆག དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས20.3%མར་ཆག་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་ཚད་ཁྲོད་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས17.5%མར་ཆག དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས11.3%མར་ཆག་པ་དང་། སྤྱི་པའི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས5.9%མར་ཆག  ནུས་ཁུངས་ཁྱབ་ཁོངས་སུ་མ་དངུལ་འཇོག་ཚད་ལོ་སྔོན་མ་ལས38.4%མར་ཆག་ཡོད།

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར563.2ཟིན་པ་དེ་ལོ་སྔོན་མ་ལས9.7%འཕར་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། སྤྱི་པའི་བདེ་འཇགས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སོ་སོར་སྒོར་དུང་ཕྱུར158.3དང་། སྒོར་དུང་ཕྱུར96.7 སྒོར་དུང་ཕྱུར66.5 སྒོར་དུང་ཕྱུར63.4 སྒོར་དུང་ཕྱུར50.2བཅས་ཟིན་ཞིང་འཕར་ཚད་རིམ་བཞིན7.8%དང་། -0.2% 21.3% 10.8% 27.2%བཅས་ཡིན། གོང་གསལ་རྣམ་གྲངས་ལྔའི་གཏོང་སྒོ་བསྡོམས་འབོར་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ77.3%ཟིན་ཡོད།

5_2 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར70746ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་ཡོད། དེའི་ནང་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར41659ཟིན་ནས་ལོ་སྔོན་མ་ལས10.5%འཕར། མི་རེའི་ཆ་སྙོམས་རྒྱུ་ནོར་གྱི་ཡོང་འབབ་སྒོར14189ཟིན་ལ། ལོ་སྔོན་མ་ལས9.9%འཕར། མི་རེའི་ཆ་སྙོམས་སྤོ་སྒྱུར་ཡོང་འབབ་སྒོར14353ཟིན་ལ་ལོ་སྔོན་མ་ལས14.5%འཕར། མི་རེའི་ཆ་སྙོམས་གཉེར་སྐྱོང་ཡོང་འབབ་སྒོར545ཟིན་ཞིང་ལོ་སྔོན་མ་ལས67.9%མར་ཆག་ཡོད། ལོ་ཧྲིལ་པོར་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར44849ཟིན་ཞིང་ལོ་སྔོན་མ་ལས7.9%འཕར་ཡོད།

5_3 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ཀྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ལོ་ཧྲིལ་པོའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར2.2ཟིན་པ་དེ་ལོ་སྔོན་མ་ལས65.7%འཕར་ལ་ཆུས་ཡོངས་ཀྱིGDPཡི0.04%ཟིན། ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི49940.5ཟིན་པ་དེ་ལོ་སྔོན་མ་ལས50.1%འཕར་ཡོད།

5_4 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཁྲའོ་དབྱང་ཆུས་ཀྱི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར320.7ཟིན་པ་དེ་ལོ་སྔོན་མ་ལས2.7%འཕར་ཞིང་། ཆུས་ཡོངས་ཀྱིGDPཡི5.3%ཟིན། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར741.6ཟིན་པ་དེ་ལོ་སྔོན་མ་ལས3.0%འཕར། ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར732.2ཟིན་ལ་ལོ་སྔོན་མ་ལས4.7%འཕར། ཕྱིར་གཏོང་སྒོར་དུང་ཕྱུར19.6བྱུང་བ་དེ་ལོ་སྔོན་མ་ལས4.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།