མགོན་པོ་བཀྲ་ཤིས། ཕོ། བོད་རིགས། སྤྱི་ལོ1962ལོའི་ཟླ10པར་སྐྱེས། མཚོ་སྔོན་དཔའ་ལུང་གི་མི་ཡིན། སྤྱི་ལོ1978ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1983ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧུའུ་ནན་སློབ་ཆེན་གྱི་རྒྱལ་སྤྱིའི་ཚོང་ལས་རིག་པའི་སློབ་གླིང་དུ་བཟོ་ཚོང་དོ་དམ་གྱི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་རྒྱུད་རིམ་ལྡན་པ་དང་། བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་བཅས་ཡིན།
ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
སྤྱི་ལོ1974ལོའི་ཟླ12པ་ནས་སྤྱི་ལོ1978ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་རུ་ཕྱུགས་ལས་ཟོག་སྨན་ཆེད་ལས་ལ་སློབ་སྦྱོང་བྱས།
སྤྱི་ལོ1978ལོའི་ཟླ7པ་ནས་སྤྱི་ལོ1982ལོའི་ཟླ9པའི་བར། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཟོག་སྨན་ཚན་རིག་ཞིབ་འཇུག་གླིང་གི་ལག་རྩལ་པའི་འགན་ཁུར། (སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ7པའི་བར། ཀྲུང་དབྱང་མི་རིགས་སློབ་གླིང་གི་ལས་བྱེད་གསོ་སྦྱོང་རྒྱལ་ཡོངས་ཆབ་སྲིད་གསོ་སྦྱོང་འཛིན་གྲྭ་རུ་སློབ་སྦྱོང་བྱས།)
སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ12པའི་བར། ཀྲུང་དབྱང་མི་རིགས་སློབ་གླིང་གི་མི་དོན་ཁྲུའུ་རུ་ལས་ཀ་བསྒྲུབས་པ་དང་། སློབ་གླིང་ཏང་གི་གཞུང་སྒྲུབ་ཁང་གི་དྲུང་ཡིག་གི་འགན་ཁུར།
སྤྱི་ལོ1986ལོའི་ཟླ12པ་ནས་སྤྱི་ལོ1991ལོའི་ཟླ1པོའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་བཀོད་སྒྲིག་ཅུའུ་བཀོད་སྒྲིག་ཁྲུའུ་ཡི་ཀྲུའུ་རེན་ཁུ་ཡོན་གཞོན་པ་དང་། ཁའོ་རིམ་པའི་ལས་བྱེད་པ་བཅས་ཀྱི་འགན་ཁུར།
སྤྱི་ལོ1991ལོའི་ཟླ1པོ་ནས་སྤྱི་ལོ1992ལོའི་ཟླ4པའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་གཞུང་སྒྲུབ་ཐེན་གྱི་ཁའོ་རིམ་པའི་དྲུང་ཡིག་གི་འགན་ཁུར།
སྤྱི་ལོ1992ལོའི་ཟླ4པ་ནས་སྤྱི་ལོ1995ལོའི་ཟླ7པའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་གཞུང་སྒྲུབ་ཐེན་གྱི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་གི་འགན་ཁུར།
སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ11པའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་གཞུང་སྒྲུབ་ཐེན་གྱི་ཁྲུའུ་རིམ་པའི་དྲུང་ཡིག་གི་འགན་ཁུར། (སྤྱི་ལོ1994ལོའི་ཟླ9པ་ནས་སྤྱི་ལོ1996ལོའི་ཟླ7པའི་བར། ཧུའུ་ནན་སློབ་ཆེན་གྱི་རྒྱལ་སྤྱིའི་ཚོང་ལས་རིག་པའི་སློབ་གླིང་དུ་བཟོ་ཚོང་དོ་དམ་གྱི་ཆེད་ལས་སློབ་སྦྱོང་བྱས་ཏེ། བཟོ་ཚོང་དོ་དམ་པའི་རབ་འབྱམས་བསླབ་གནས་བླངས། )
སྤྱི་ལོ1996ལོའི་ཟླ11པ་ནས་སྤྱི་ལོ2000ལོའི་ཟླ3པའི་བར། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།
སྤྱི་ལོ2000ལོའི་ཟླ3པ་ནས་སྤྱི་ལོ2000ལོའི་ཟླ9པའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲོའུ་རྒྱུན་ལས་ཆེད་བསྐོས་གཞོན་པ་བཅས་ཀྱི་འགན་ཁུར།
སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ11པའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།
སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2003ལོའི་ཟླ4པའི་བར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་། ས་ཁུལ་དམངས་ཆེན་བཟོ་ཨུའི་ཀྲུའུ་རེན་གྱི་འགན་ཁུར།
སྤྱི་ལོ2003ལོའི་ཟླ4པ་ནས་སྤྱི་ལོ2006ལོའི་ཟླ9པའི་བར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུའི་ཧྲུའུ་ཅིའི་འགན་ཁུར།
སྤྱི་ལོ2006ལོའི་ཟླ9པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། དྲུང་ཡིག་ཆེན་མོའི་འགན་ཁུར།
སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།
སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2016ལོའི་ཟླ10པའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།
སྤྱི་ལོ2016ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ11པའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།
སྤྱི་ལོ2016ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ12པའི་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར།
སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགན་ཁུར།
སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2020ལོའི་ཟླ1པོའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་འགན་ཁུར།
སྤྱི་ལོ2020ལོའི་ཟླ1པོ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན།
སྤྱི་ལོ2017ལོའི་ཟླ5པའི་ཚེས26ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་མགོན་པོ་བཀྲ་ཤིས་ལགས(བོད་རིགས)ཞིང་ཆེན་ཏང་ཨུའི་རྒྱུན་ཨུར་བདམས།