ལི་ཧྲུའུ་རྫོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-03 10:32ལ་འགྲུབ།

ལི་ཧྲུའུ་རྫོང་།

ལི་ཧྲུའུ་རྫོང་།
ལི་ཧྲུའུ་རྫོང་ནི་ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅི་ལིན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་། སུང་ལེའོ་བདེ་ཐང་གི་དབུས་རྒྱུད་དུ་གནས་ཤིང་། ཤར་དུ་ཀུང་ཀྲུའུ་ལིང་གྲོང་ཁྱེར་གྱི་ལིའོ་ཧུ་ཆུ་བོའི་ས་མཚམས་ཡིན་པ། བྱང་དུ་ཧྲོང་ལེའོ་གྲོང་ཁྱེར་དང་འབྲེལ་བ། ནུབ་ཏུ་ལེའོ་ཉིང་ཞིང་ཆེན་ཁྲང་ཐུའུ་རྫོང་གི་ས་མཚམས་དང་འབྲེལ་བ། ལྷོ་རུ་སི་ཕིང་གྲོང་ཁྱེར་དང་འབྲེལ་བ་བཅས་ཡིན། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4209ཟིན་ཡོད། ས་བབ་ཤར་ལྷོ་མཐོ་ལ་ནུབ་བྱང་དམའ། ལྷོ་ཕྱོགས་ཀྱི་རི་མ་ཐང་དམའ་ཞིང་། དབུས་རྒྱུད་རླབས་དབྱིབས་བདེ་ཐང་དང་། བྱང་རྒྱུད་ནི་ལིའོ་ཧུ་ཆུ་བོའི་ཤར་ངོས་ཕུང་གསོག་བདེ་ཐང་བཅས་ཡིན། ལི་ཧྲུའུ་རྫོང་ནི་ཆིང་ཀོང་ཞུས་ཁྲི་ལོ་བཞི་པར(སྤྱི་ལོ1878ལོར)བཙུགས་པ་དང་། ཐོག་མའི་མིང་ལ་ཧྥེང་ཧྭ་རྫོང་ཟེར། སྤྱི་ལོ2018ལོ་བར་ལི་ཧྲུའུ་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ15དང་། ཡུལ་ཚོ6 ཞིང་ར1 འབྲུ་མཛོད1བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ལི་ཧྲུའུ་རྫོང་གི་སྤྱིའི་མི་འབོར་ཁྲི57.4675ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར234.4མངོན་འགྱུར་བྱུང་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར86.6ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར62.6ཟིན་ལ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར85.2ཟིན། ཐོན་ལས་གསུམ་པོའི་བསྡུར་ཚད36.9:26.7:36.4བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梨树县
ཕྱི་ཡིག་གི་མིང་།
Lishu
མིང་གཞན།
ཧྥེང་ཧྭ་རྫོང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་ །
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ15དང་། ཡུལ་ཚོ6 ཞིང་ར1 སོན་བཟང་ར་བ1བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0434
སྦྲག་སྲིད་ཨང་རྟགས།
136500
གནས་ཡུལ།
ཅི་ལིན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱུ་ཁྱོན།
སྟོང་སྨི་གྲུ་བཞི་མ4209ཡོད།
མི་གྲངས།
མི་ཁྲི57.4675(སྤྱི་ལོ2017ལོའི་སྤྱིའི་མི་འབོར)ཡོད།
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཀོ་ཅ་ཏེན་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
吉C
སྲིད་འཛིན་ཚབ་ཨང་།
220322
1 ​ལོ་རྒྱུས་འཕེལ་རིམ།
1_1 མིང་གི་འབྱུང་ཁུངས།

ལི་ཧྲུའུ་རྫོང་གི་དེ་སྔའི་མིང་ལ་ཧྥེང་ཧྭ་རྫོང་ཟེར་ཞིང་། གནའ་བོའི་མིང་ལ་ཕེན་ལིན་གྲོང་ཁྱེར་ཟེར་ལ། མའེ་མའེ་ཁྲོམ་གཞུང་ཀྱང་ཟེར་སྲོལ་ཡོད། སྐབས་དེར་ཧྥེང་ཧྭ་རྫོང་ནི་མཐའ་མཚམས་དང་བྱང་ཕྱོགས་ཀྱི་ཅུང་རྩུབ་སའི་གནས་སུ་ཡོད་ཅིང་། དེ་ནི“ཇག་རྐུན་བགྲོད་ལམ”དང“དམངས་ངན་སྤྱོད་ངན་རྒྱུན་མི་ཆད་པའི”ས་ཡིན་པས། དབང་སྒྱུར་མཁན་གྱིས་ས་གནས་དེ་གའི“དམངས་ངན”མེད་པར་བཟོ་ཆེད“ཝང་ཧྭ་ལ་བརྩི་སྲུང”བྱ་དགོས་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། མིང་ལ་ཧྥེང་ཧྭ་རྫོང་ཞེས་བཏགས། ལི་ཧྲུའུ་གྲོང་ཁྱེར་ནི་གྲོང་ཁྱེར་ཞིག་མིན་པར་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ལ། ངག་རྒྱུན་དེ་ས་དེ་གར་རྒྱུ་རྐྱེན་གང་མང་གི་རྐྱེན་བྱས་ནས་མིང་ཐོགས་པ་ཡིན།

1_2 ལོ་རྒྱུས་འཕེལ་རིམ།

ལིའོ་ཅིན་གྱི་དུས་རབས་སུ། ལི་ཧྲུའུ་རྫོང་ནི་ཧན་ཀྲོའུ་ཡི་མངའ་ཁོངས་ཡིན་ལ། གསོ་ཁང་གིས་ཐེངས་མང་པོར་གནས་སྤོ་བྱས་མྱོང་།

ཡོན་རྒྱལ་རབས་ཀྱི་མངའ་ཁོངས་སུ་ཁའེ་ཡོན་ལམ་ཞན་ཕིན་སྒར་གཏོགས་པ་ཡིན།

མིང་རྒྱལ་རབས་ཀྱི་སྐབས་སུ་སྒར་མེད་པར་བྱས་ནས་ཝེ་བཙུགས་ལ། ས་ཆ་འདི་ནི་ལིའོ་ཧའེ་ཝེ་ཡི་མངའ་ཁོངས(ད་ལྟའི་ཁྲང་ཐུའུ་མཁར་རྙིང་ཡིན)སུ་གཏོགས།

ཏའོ་ཀོང་ཁྲི་ལོ་དང་པོར(སྤྱི་ལོ1821ལོ)ཁྲང་ཐུའུ་ཐིང་གིས་ཁོངས་གཏོགས་ཁུལ་གྱི་བྱང་རྒྱུད་དུ་ལི་ཧྲུའུ་གྲོང་བཙུགས་ནས་ཉི་འོད་འགོག་པའི་རང་འཐག་བཙུགས་ཏེ་ས་ཁོངས་དབྱེ་རྒྱུ་གཏན་འཁེལ་བྱས།

གོང་མ་ཀོང་ཞུས་ཁྲི་ལོ་བཞི་པར(སྤྱི་ལོ1878ལོ)རྫོང་བཙུགས་ནས་མིང་ལ་ཧྥེང་ཧྭ་རྫོང་ཟེར་ཞིང་། དེ་ཁྲང་ཐུའུ་ཧྥུ་ཡི་མངའ་ཁོངས་སུ་གཏོགས།

ཀོང་ཞུས་ཁྲི་ལོ་བརྒྱད་པར(སྤྱི་ལོ1882ལོ)རྫོང་ཁོངས་ལྷོ་ཕྱོགས་ཀྱི་དབྱི་ཐུང་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས།

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ་སྲིད་གཞུང་དང་། ཐིང་། ཀྲོའུ་བཅས་ཀྱི་ལམ་ལུགས་མེད་པར་བཟོ་རྒྱུ་དང་། ཞིང་ཆེན་དང་། གཞུང་ལམ། རྫོང་བཅས་ཀྱི་ལམ་ལུགས་ལག་ཏུ་བསྟར་རྒྱུ།

མིན་གོའི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོ)རྫོང་ཁོངས་ལྷོ་ཕྱོགས་ཀྱི་དབྱི་ཐུང་རྫོང་གི་མངའ་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཟླ3པའི་ཚེས1ཉིན་ཧྥེང་ཧྭ་རྫོང་གི་མིང་བསྒྱུར་ཏེ་ཧྥེང་ཐེན་ཞིང་ཆེན་གྱི་ཐའོ་ཁྲང་ཏའོ་ཡི་མངའ་ཁོངས་སུ་གཏོགས་པར་བྱས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ929ལོ)ཧྥེང་ཐེན་ཞིང་ཆེན་གྱི་མིང་དེ་ལིའོ་ཉིན་ཞིང་ཆེན་ཞེས་པར་བསྒྱུར་ཞིང་། ལི་ཧྲུའུ་རྫོང་ནི་ལིའོ་ཉིན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1954ལོའི་ཟླ6པའི་ཚེས19ཉིན། ལིའོ་ཞི་ཞིང་ཆེན་ནས་ཕྱིར་འཐེན་བྱས་ཤིང་། ལོ་དེའི་ཟླ7པའི་ཚེས21ཉིན། ལི་ཧྲུའུ་རྫོང་ཅི་ལིན་ཞིང་ཆེན་གྱི་མངའ་ཁོངས་སུ་བགོས།

སྤྱི་ལོ1955ལོར་ལི་ཧྲུའུ་རྫོང་མི་དམངས་སྲིད་གཞུང་གིས་ལི་ཧྲུའུ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་མིང་བསྒྱུར།

སྤྱི་ལོ1956ལོའི་ཟླ4པར། ཅི་ལིན་ཞིང་ཆེན་གྱི་ཀུང་ཀྲུའུ་ལིན་ཆེད་ཁུལ་དུ་བགོས།

སྤྱི་ལོ1956ལོའི་ཟླ7པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོའེ་ཏེ་ཀྲོན་ཆུས་འཛུགས་རྒྱུའི་ཆོག་མཆན་གནང་། མངའ་ཁོངས་སུ་ཧའེ་ཏེ་དང་ལི་ཤིང་སོགས་རྫོང10ཚུད་ཡོད། ཟླ10པའི་ཚེས6ཉིན། ཧོའེ་ཏེ་ཀྲོན་ཆུས་ལ་ཀུང་ཀྲུའུ་ལིན་ཀྲོན་ཆུས་ཞེས་མིང་བསྒྱུར།

སྤྱི་ལོ1958ལོའི་ཟླ10བའི་ཚེས23ཉིན་སི་ཕིང་ཆེད་ཁུལ་བཙུགས།

2 ‍སྲིད་འཛིན་ཁོངས་བགོས།

སྤྱི་ལོ1956ལོའི་ཟླ10བའི་ཚེས6ཉིན་ལི་ཧྲུའུ་རྫོང་གི་མངའ་ཁོངས་ཀྱི་ཆུས9དང་། གྲོང་རྡལ2 ཡུལ་ཚོ38བཅས་ཡོད།

སྤྱི་ལོ1958ལོར་མི་དམངས་ཀུང་ཧྲེ་བཙུགས་ཤིང་། ལི་ཧྲུའུ་རྫོང་གི་མངའ་ཁོངས་ཀྱི་ཀུང་ཧྲེ9དང་དོ་དམ་ཁུལ276ཡོད།

སྤྱི་ལོ1958ལོའི་ཟླ10བའི་ཚེས23ཉིན། ཀུང་ཀྲུའུ་ལིན་ཆེད་ཁུལ་མེད་པར་བཏང་ཞིང་། ལི་ཧྲུའུ་རྫོང་སི་ཕིང་ཆེད་ཁུལ་གྱི་མངའ་འོག་གིས་དོ་དམ་བྱས།

སྤྱི་ལོ1960ལོའི་ཟླ2པའི་ཚེས6ཉིན། ལི་ཧྲུའུ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་སྡོད་གནས་དེ་ལི་ཧྲུའུ་གྲོང་རྡལ་ནས་ཀུའོ་ཅ་ཏེན་གྲོང་རྡལ་དུ་སྤོས།

སྤྱི་ལོ1964ལོའི་ཟླ4པའི་ཚེས23ཉིན། ལི་ཧྲུའུ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་སྡོད་གནས་དེ་ལི་ཧྲུའུ་གྲོང་རྡལ་དུ་སྤོས།

སྤྱི་ལོ1968ལོར་ལི་ཧྲུའུ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཤིང་། ལི་ཧྲུའུ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། དེའི་ཁོངས་སུ་གྲོང་རྡལ4དང་ཀུང་ཧྲེ30 ཐོན་སྐྱེད་རུ་ཆེན303བཅས་ཡོད།

སྤྱི་ལོ1971ལོའི་ཟླ2པའི་ཚེས4ཉིན། སི་ཕིང་ཆེད་ཁུལ་དེར་སི་ཕིང་ས་ཁུལ་དུ་མིང་བསྒྱུར། ལི་ཧྲུའུ་རྫོང་ནི་སི་ཕིང་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1976ལོའི་ཟླ1པོར། ལི་ཧྲུའུ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ3དང་། ཀུང་ཧྲེ31  ཐོན་སྐྱེད་རུ་ཆེན303བཅས་ཡོད།

སྤྱི་ལོ1980ལོའི་ལོ་འགོར། ལི་ཧྲུའུ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ5དང་། ཀུང་ཧྲེ28 ཐོན་སྐྱེད་རུ་ཆེན333 ཐོན་སྐྱེད་རུ་ཆུང2536བཅས་ཡོད། ཟླ6པར། ལི་ཧྲུའུ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཏེ། ལི་ཧྲུའུ་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1983ལོའི་ཟླ8པར་སི་ཕིང་ས་ཁུལ་མེད་པར་བཟོས་ནས་སི་ཕིང་གྲོང་ཁྱེར་བཙུགས་པ་དང་། ལི་ཧྲུའུ་རྫོང་སི་ཕིང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་པར་བྱས།

སྤྱི་ལོ1991ལོའི་ཟླ11པའི་ཚེས26ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ལི་ཧྲུའུ་རྫོང་ཧྲི་ལིན་ཞང་ཕྱིར་འཐེན་བྱས་ཏེ། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཧྲི་ལིན་གྲོང་རྡལ་གྱི་བདག་སྤྲོད་བྱེད་ཁོངས་སུ་བཅུག

སྤྱི་ལོ1992ལོའི་ཟླ3པའི་ཚེས6ཉིན་ལི་ཧྲུའུ་རྫོང་གི་ཧྲེན་དབྱང་དང་། ཝན་ཧྥ། ཏུང་ཧོ། ཐའེ་ཕིང་ཡུལ་ཚོ་བཅས་མེད་པར་བཟོས་པ་དང་། ཧྲེན་དབྱང་དང་། ཝན་ཧྥ། ཏུང་ཧོ། ཐའེ་ཕིང་གྲོང་རྡལ་བཅས་བཙུགས།

སྤྱི་ལོ2002ལོར་ལི་ཧྲུའུ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ17དང་ཡུལ་ཚོ9ཡོད།

སྤྱི་ལོ2003ལོར་ལི་ཧྲུའུ་རྫོང་གི་མངའ་འོག་ཏུ་ལི་ཧྲུའུ་གྲོང་རྡལ་དང་། ཀུའོ་ཅ་ཏེན་གྲོང་རྡལ། ཡུས་ཧྲུའུ་ཐའེ་གྲོང་རྡལ། ཧྲི་ལིན་ཙི་གྲོང་རྡལ། ཞའོ་ཁྲེང་ཙི་གྲོང་རྡལ། ཚའེ་ཅ་གྲོང་རྡལ། མེང་ཅ་ལིང་གྲོང་རྡལ། ཧྲི་ཅ་པའོ་གྲོང་རྡལ། བླ་མ་ཚོང་ཁང་གྲོང་རྡལ། ལིའུ་ཅ་ཀོན་ཙི་གྲོང་རྡལ། ཡེ་ཧོ་མན་ཇུ་རིགས་གྲོང་རྡལ། ཝན་ཧྥ་གྲོང་རྡལ། ཏུང་ཧོ་གྲོང་རྡལ། ཞི་ཕིན་གྲོང་རྡལ། ལིན་ཧའེ་གྲོང་རྡལ། ཞའོ་ཁོན་ཡུལ་ཚོ། ཏ་ཧྥང་ཡུལ་ཚོ། པའེ་ཡུལ་ཚོ། ཆོན་ཡུས་ལིན་ཡུལ་ཚོ། ཏུང་ཅ་ཝོ་པའོ་ཡུལ་ཚོ། ཧྲོང་ཧོ་ཡུལ་ཚོ། སི་ཏའེ་ཧྲུའུ་ཞང་ཡུལ་ཚོ། ཅིན་ཧྲན་ཡུལ་ཚོ་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ། 

ལི་ཧྲུའུ་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ཀུང་ཀྲུའུ་ལིང་གྲོང་ཁྱེར་གྱི་ལེའོ་ཧུ་དང་། བྱང་ངོས་ཧྲོང་ལེའོ་གྲོང་ཁྱེར་དང་འབྲེལ་ཡོད་ཅིང་། ནུབ་ངོས་སུ་ལེའོ་ཉིང་ཞིང་ཆེན་ཁྲང་ཐུའུ་རྫོང་དང་འབྲེལ་ཡོད། ལྷོ་ངོས་སུ་སི་ཕིང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4209ཟིན་ཡོད།

3_2 ས་དབྱིབས།

ལི་ཧྲུའུ་རྫོང་གི་ས་བབ་ཤར་ལྷོ་དང་ནུབ་བྱང་དམའ། ལྷོ་ཕྱོགས་ཀྱི་རི་མ་ཐང་དམའ་ཞིང་། དབུས་རྒྱུད་ནི་རླབས་དབྱིབས་ཀྱི་བདེ་ཐང་ཡིན་ལ། བྱང་རྒྱུད་ནི་ལིའོ་ཧུ་ཆུ་བོའི་ཤར་ངོས་ཀྱི་ཕུང་གསོག་བདེ་ཐང་ཡིན། ས་བབ་ཤར་ལྷོ་མཐོ་ལ། ནུབ་བྱང་དམའ་བ་ཡིན།

3_3 ནམ་ཟླ།

ལི་ཧྲུའུ་རྫོང་ནི་བྱང་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་དུས་རླུང་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་དྲོད་གཅིག་མཚུངས་ཡིན་ལ། ལོ་ཏོག་སྐྱེ་དུས་སུ་ཉི་འོད་འཕྲོ་བ་དང་ཆར་ཆུ་འབེལ་བ། དཔྱིད་དུས་སྐམ་ཤས་ཆེ་ལ་རླུང་བུ་མང་། དབྱར་དུས་དྲོད་ཚད་མཐོ་ལ་ཆར་པ་མང་། སྟོན་དུས་གནམ་གཤིས་བཟང་། དགུན་དུས་གྲང་ངར་ཆེ་ལ་ཁ་བ་མང་། དགུན་དུས་ཅུང་དྲོ་ལ། ཆར་ཆུ་དང་ཚ་བ་མཉམ་འགྲོས་ཡིན་པས། ལོ་གཅིག་ལ་ལོ་ཏོག་ཐེངས་གཅིག་སྨིན་པའི་སྐྱེ་འཚར་གང་ལེགས་ཡོང་ཐུབ་པའི་ནམ་ཟླའི་ཁྱད་ཆོས་ལྡན།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་ལི་ཧྲུའུ་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི20.837ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི57.4675ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་ཀྱི་མི་འབོར་ཁྲི12.2845དང་ཁྲི45.183ཟིན་པ་དང་། སྐྱེས་པ་དང་སྐྱེས་མའི་མི་འབོར་ཁྲི29.5165དང་ཁྲི27.951ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར234.4མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས6.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར86.6ཟིན་ནས2.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར62.6ཟིན་ནས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར85.2ཟིན་ནས8.4%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི36.9:26.7:36.4ཡིན།

5_1 ཁྲལ་ནོར་གཏོང་ཡོང་།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར6.8བྱུང་བ་དེ་དུས་མཚུངས་ལས1.9%མར་ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.4བྱུང་བ་དེ་དུས་མཚུངས་ལས9.1%མར་ཆག་ཡོད། ཁྲལ་བསྡུ་སྡེ་ཚན་ཐད་ནས། རྒྱལ་ཁྲལ་སྡེ་ཚན་ལ་སྒོར་དུང་ཕྱུར3.5བྱུང་བ་དེ་དུས་མཚུངས་ལས39.0%འཕར་བ་དང་། ས་གནས་ཁྲལ་དོན་སྡེ་ཚན་ལ་སྒོར་དུང་ཕྱུར2.4བྱུང་བ་དེ་དུས་མཚུངས་ལས15.1%མར་ཆག་ཡོད། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར59.5ཟིན་པ་དེ་དུས་མཚུངས་ལས23.1%འཕར་ཡོད།

5_2 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21986ཟིན་པ་དེ་དུས་མཚུངས་ལས7.0%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13350ཟིན་པ་དེ་དུས་མཚུངས་ལས6.8%འཕར་ཡོད།

5_3 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་དུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར166.5ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས0.9%མར་ཆག་ཡོད། ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར89.3ཟིན་པའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར48.2ཟིན་པ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.9ཟིན། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར33.4ཟིན། ཉ་ལས་ཀྱི་འཕར་ཐང་སྒོར་ཁྲི755ཟིན་པ། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར2.7བཅས་ཡིན།

5_4 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས43ཡོད་པ་དང་སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར253.2ཟིན་པ་དེ་དུས་མཚུངས་ལས6.5%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར63.7ཟིན་པ་དེ་དུས་མཚུངས་ལས11.5%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ནུས་ཁུངས་འཛད་སྤྱོད་སྣ་རིགས་གཙོ་བོ་ནི་མ་བཅོས་རྡོ་སོལ་དང་གློག་ཤུགས་ཡིན་པ་དང་། ནུས་ཁུངས་རིགས་ཆེན་པོ་གཉིས་ཀྱིས་ནུས་ཁུངས་འཛད་སྤྱོད་བྱེད་ཚད་ཡོངས་ཀྱི89.7%དང9.6%ཟིན་ཡོད།

5_5 ཐོན་ལས་གསུམ་པ།
5_6 རྒྱལ་ནང་ཉོ་ཚོང་།

སྤྱི་ལོ2017ལོར་ལི་ཧྲུའུ་རྫོང་གི་བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་དུད་ཚང24དང་བཅད་གྲངས་ཡན་གྱི་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་དུད་ཚང1ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར87.6ཟིན་པ་དེ་དུས་མཚུངས་ལས6.4%འཕར་ཡོད། འཛད་སྤྱོད་ཀྱི་རྣམ་པར་གཞིགས་ན། ཚོང་ཟོག་སིལ་ཚོང་གིས་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར72.4ཟིན་ནས4.7%འཕར་བ་དང་། བཟའ་བཏུང་ཡོང་འབབ་ལས་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར15.2ཟིན་ནས15.2%འཕར་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐད་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར47.9ཟིན་ནས2.8%འཕར་བ། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར39.7ཟིན་ནས11.1%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།