ཧྲོང་ལེའོ་གྲོང་ཁྱེར།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-03 10:31ལ་འགྲུབ།

ཧྲོང་ལེའོ་གྲོང་ཁྱེར།

ཧྲོང་ལེའོ་གྲོང་ཁྱེར།
ཧྲོང་ལེའོ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་སི་ཕིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱི་ཡོད་ཅིང་། ཅི་ལིན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སི་ཕིང་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། ཅི་ལིན་ཞིང་ཆེན་ནུབ་རྒྱུད་ཀྱི་ཤར་དང་ཞི་ལེའོ་གཙང་པོའི་འདྲེས་མཚམས་ཁུལ་དུ་གནས་པ་དང་། ལོ་ཧྲིལ་པོར་ཚ་བ་ཆེ་ཞིང་ཉི་འོད་རབ་ཏུ་འཚེརལ། ཆར་ཆུ་འབབ་ཚད་ཉུང་བ་བཅས་ཡིན། དེའི་ཁོངས་སུ་ཁྲོམ་གཞུང6དང་། ཡུལ་ཚོ་དང་གྲོང་རྡལ12ཡོད་ཅིང་། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3121.2ཡོད་པ་དང་སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི42ཡོད། ཧྲོང་ལེའོ་གྲོང་ཁྱེར་ནི་ཁོར་ཆིན་རྩྭ་ཐང་གི་མཐའ་མཚམས་སུ་གནས་པའི་ལེའོ་ཉིང་བྱང་ཤར་རྒྱུད་དང་ནང་སོག་ཤར་རྒྱུད་ཀྱི་ས་མཚམས་དང་འབྲེལ་ཞིང་། ཅི་ལིན་དང་། ནང་སོག ལེའོ་ཉིང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན་པ་དང་། “ཞིང་ཆེན་གསུམ་ནས་བྱ་སྐད་ཐོས་ཐུབ”ཞེས་པའི་མཚན་སྙན་ཐོབ་ཡོད། ཧྲོང་ལེའོ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་ཧྲོང་ལེའོ་ས་ཆ་དེར་སྐྱེ་འཕེལ་བྱུང་ནས་འབྲོག་པའི་རུ་སྤོ་རིག་གནས་དང་ཞིང་རྨོ་རིག་གནས་མཉམ་འདྲེས་བྱ་ཡུལ་དུ་གྱུར་ཡོད། ལི་ཧྥུ་ཁྲུན་དང་། ཐའོ་ཀྲུའུ། ཧོང་ཁེ་ཁྲེང་། ལུའི་ཀྲེང་ཚའོ། ཏེང་ཧྭ། ཡན་པའོ་ཧང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚང་མས་ཧྲོང་ལིའོ་རུ་རྐང་རྗེས་བཞག་མྱོང་། སྤྱི་ལོ2019ལོའི་ཟླ1པོའིཚེས25ཉིན་ཧྲོང་ལེའོ་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“ཞི་བདེའི་ཞིང་འཕྲུལ”གྱི་དཔེ་སྟོན་རྫོང་དུ་བདམས་པ་ཡིན། སྤྱི་ལོ2018ལོར་ཧྲོང་ལེའོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར95ལེགས་གྲུབ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双辽
མིང་གཞན།
ཀྲིན་ཅ་ཐུན།
ཕྱི་ཡིག་གི་མིང་།
Shuangliao
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3121.2ཡོད།
སྦྲག་སྲིད་ཨང་རྟགས།
136400
ནམ་ཟླ།
དྲོད་འབྲིང་ཁུལ་གྱི་བརླན་གཤེར་དུས་རླུང་ནམ་ཟླ།
མི་གྲངས།
ཁྲི42(སྤྱི་ལོ2016ལོར) ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0434
རླངས་འཁོར་ཚབ་ཨང་།
吉C
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་སི་ཕིང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང6 གྲོང་རྡལ8 ཡུལ་ཚོ4ཡོད།
མེ་འཁོར་འབབ་ཚུགས།
ཧྲོང་ལིའོ་ས་ཚུགས།
1 ལོ་རྒྱུས་འཕེལ་རིམ།

ཆིང་རྒྱལ་རབས་ཀྱི་ཧྲོང་ལིའོ་ས་ཁུལ་ནི་ཧྥེང་ཐེན་དམག་དཔོན་གྱི་མངའ་འོག་ཡིན་པ་དང་། དེ་ནི་ནང་སོག་ཀྲེ་ལི་མུའུ་མེང་ཁོར་ཆིན་པུའུ་གཡོན་རུ་ཀྲུང་ཆི་དང་། ཧྲུའོ་ཏ་ཧན་གྱི་རྒྱལ་པོ་དང་པོ་ཏུའོ་ལེ་ཀེ་ཐའེ་ཡི་ཆིན་ཝང་གི་རུ་སྤོ་བྱེད་ས་ཡིན་ལ། ཝུན་ཏུའུ་ཨར་ཅུན་རྒྱལ་བོའི་མངའ་ཁོངས་སུ་གཏོགས་པ་ཡིན།

ཐུང་ཀྲིའི་ཁྲི་ལོ་ལྔ་བར(སྤྱི་ལོ1866ལོར)ཁྲང་ཐུའུ་ཐིང་བཙུགས་པ་དང་། ཀྲེང་ཅ་ཐུན་ས་ཁོངས་ནི་ཁྲང་ཐུའུ་ཐིང་གི་མངའ་ཁོངས་སུ་ཡོད།

ཀོང་ཞུས་ཁྲི་ལོ་གསུམ་པར(སྤྱི་ལོ1877ལོ)ཁྲང་ཐུའུ་ཐིང་དུ་བསྒྱུར་ཞིང་། ཀྲེང་ཅ་ཐུན་གྱི་རྒྱུད་དེ་ཁྲང་ཐུའུ་སྲིད་གཞུང་གི་ཁོངས་གཏོགས་ཡིན།

ཀོང་ཞུས་ཁྲི་ལོ་དྲུག་པར(སྤྱི་ལོ1880ལོ)དམག་དཔོན་ཆི་ཡོན་གྱིས་ཁོར་ཆིན་གཡོན་རུའི་ཀྲུང་ཆི་དང་རྒྱབ་དར་གྱི་ལྷོ་རྒྱུད་དེ་ཁང་ཅ་ཐུན་ལ་བགོས་ནས་ཁང་ཕིང་རྫོང་བཙུགས།

ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པར་ལིའོ་ཡོན་ཁུལ་བཙུགས། རྫོང་དང་། ཆུས་ཧྲི་བཅས་སོ་སོར་མི1རེ་ཡོད།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ལིའོ་ཡོན་རྫོང་དུ་བསྒྱུར།

མིན་གོའི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོར)ཤར་རྒྱུད་ཀྱི་ཧྲོང་ཧྲན་རྫོང་དང་ཟླ་སྒྲིལ་བྱས་ནས་ཐོག་མར་ཧྲོང་ལིའོ་རྫོང་ཞེས་བོས།

མིན་གོའི་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོ)སི་ཕིང་ཞིང་ཆེན་གསར་དུ་བཙུགས་རྗེས་ཧྲོང་ལིའོ་རྫོང་གི་ཐད་གཏོགས་ཞིང་ཆེན་སི་ཕིང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན་པ་མ་ཟད་རིམ་པ་དང་པོའི་རྫོང་ཡིན་ལ། ཟླ་སྒྲིལ་བྱས་རྗེས་ཧྲོང་ལིའོ་རྫོང་གི་ཀུང་ཧྲུའུ་ཀྲེང་ཅ་ཐུན་དུ་བཙུགས་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)“དགུ་གསུམ”རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཧྲོང་ལིའོ་རྫོང་ཐེངས་དང་པོར་བཅིངས་འགྲོལ་བཏང་བ་དང་། ཟླ9པའི་ཟླ་སྨད་དུ་ཀྲུང་གུང་ལིའོ་ཡོན་རྫོང་ཨུ་དང་ལིའོ་ཡོན་རྫོང་གི་སྲིད་གླེང་གྲོས་ཚོགས་བཙུགས་པ་དང་། ཀྲུང་གུང་ལིའོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་པོའི་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ7པའི་ཚེས6ཉིན་ཀྲུང་གུང་ལིའོ་ཉིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ནས་ས་ཁུལ་ཁ་ཤས་ལིའོ་ཉིན་དང་ཅི་ལིན་ཞིང་ཆེན་དུ་ཡོང་བ་ཡིན། ཀྲུང་གུང་ལིའོ་ཅི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དེ་ཀྲུང་གུང་ལིའོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དུ་བསྒྱུར་རྗེས། ཧྲོང་ལིའོ་རྫོང་ནི་ཀྲུང་གུང་ལིའོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཉིས་པའི་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་སོ་བརྒྱད་པའི(སྤྱི་ལོ1949ལོའི)ཟླ1པོར་ཧྲོང་ལིའོ་རྫོང་མི་དམངས་སྲིད་གཞུང་བཙུགས། ཟླ5བར་ལིའོ་པེ་ཞིང་ཆེན་མེད་པར་བཏང་རྗེས། ཧྲོང་ལིའོ་རྫོང་དེ་དང་མཉམ་དུ་ལིའོ་ཞི་ཞིང་ཆེན་གྱི་མངའ་འོག་གིས་དོ་དམ་བྱས།

སྤྱི་ལོ1954ལོའི་ཟླ8པར། ལིའོ་ཞི་ཞིང་ཆེན་གྱི་སྒྲིག་གཞི་མེད་པར་བཟོས་པ་དང་། ཧྲོང་ལིའོ་རྫོང་ཡང་ཅི་ལིན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པར་བྱས་ནས། པེ་ཁྲིན་ཀྲོན་ཧྲུའུ་ཡི་མངའ་འོག་གིས་དོ་དམ་བྱས།

སྤྱི་ལོ1959ལོའི་ཟླ3པར། ཧྲོང་ལིའོ་རྫོང་ཡང་བསྐྱར་ཅི་ལིན་ཞིང་ཆེན་སི་ཕིང་ཀྲོན་ཧྲུའུ་ཡི་མངའ་འོག་གིས་དོ་དམ་བྱས།

སྤྱི་ལོ1983ལོའི་ཟླ9པར། ས་གནས་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་བྱས་ཏེ། སི་ཕིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ཏེ། སི་ཕིང་གྲོང་ཁྱེར(ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར)ལ་བསྒྱུར། ཧྲོང་ལིའོ་རྫོང་སི་ཕིང་གྲོང་ཁྱེར་གྱི་མངའ་འོག་གིས་དོ་དམ་བྱས།

སྤྱི་ལོ1996ལོའི་ཟླ5བའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་ཐོབ་པ་ཡིན།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2017ལོའི་བར་ཧྲོང་ལིའོ་གྲོང་ཁྱེར་མངའ་ཁོངས་ལ་ཁྲོམ་གཞུང6དང་། གྲོང་རྡལ8 ཡུལ་ཚོ3 མི་རིགས་ཡུལ་ཚོ1བཅས་ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཅའ་སྡོད་བྱ་གནས་ལེའོ་ནན་ཁྲོམ་གཞུང་ལིའོ་ཧུ་ལམ་གྱི་ཨང1980པ་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧྲོང་ལིའོ་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ནུབ་རྒྱུད་ཀྱི་ཤར་ཕྱོགས་དང་། ཞི་ལིའོ་ཧུ་ཆུ་བོའི་འདྲེས་མཚམས་ཁུལ་དུ་གནས་པ་ཤིང་། ཅི་ལིན་དང་། ནང་སོག ལིའོ་ཉིང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན་ཞིང་། སུང་ལིའོ་བདེ་ཐང་དང་ཁོར་ཆིན་རྩྭ་ཐང་གི་འབྲེལ་མཚམས་སུ་ཆགས་ཡོད། དེ་ལ“ཞིང་ཆེན་གསུམ་ནས་བྱ་སྐད་ཐོས་ཐུབ”ཞེས་པའི་མཚན་སྙན་ཐོབ་ཡོད། ལྷོ་ཕྱོགས་སུ་ལིའོ་ཉིང་ཞིང་ཆེན་ཁྲང་ཐུའུ་རྫོང་དང་ཅི་ལིན་ཞིང་ཆེན་གྱི་ལི་ཧྲུའུ་རྫོང་དང་འབྲེལ་ཞིང་། ཤར་ཕྱོགས་སུ་ཅི་ལིན་ཞིང་ཆེན་གྱི་ཀུང་ཀྲུའུ་ལིན་གྲོང་ཁྱེར་དང་འབྲེལ། བྱང་ཕྱོགས་སུ་ཅི་ལིན་ཞིང་ཆེན་གྱི་སུང་ཡོན་གྲོང་ཁྱེར་ཁྲང་ལིན་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ནང་སོག་རང་སྐྱོང་ལྗོངས་ཀྲི་ལི་མུའུ་མེང་ཁོར་ཆིན་གཡོན་རུའི་ཀྲུང་ཆིའི་རྒྱབ་དར་དང་འབྲེལ་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ62ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ89ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3121.2ཡོད།

3_2 ས་དབྱིབས།

ཧྲོང་ལིའོ་གྲོང་ཁྱེར་ནི་སུང་ལིའོ་བདེ་ཐང་དང་ཁོར་ཆིན་རྩྭ་ཐང་གི་འབྲེལ་མཚམས་སུ་ཆགས་ཡོད་པ་དང་། ཤར་ནུབ་ལིའོ་ཧུ་ཆུ་བོའི་བཞུར་རྒྱུན་གྱི་ལིའོ་ཧུ་བདེ་ཐང་དུ་ཡོད་ཅིང་། སུང་ལའོ་བདེ་ཐང་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཚན་ཁག་བཞི་པའི་དུམ་བསགས་དངོས་པོ་ཆུས་ཡོངས་སུ་ཁྱབ་ཡོད། དེར་བརྟེན་དུམ་བསགས་དངོས་པོའི་སྤུང་གསོག་གི་ཁྱད་ཆོས་དང་གྲུབ་ཚུལ་གྱི་ཁྱད་ཆོས་ཀྱིས་ས་ཁུལ་དེ་གའི་ས་དབྱིབས་ཀྱི་ཁྱད་ཆོས་གཏན་འཁེལ་བྱས་ཡོད། ས་ངོས་ཆགས་ཚུལ་ཚང་མ་ས་ངོས་ཆགས་ཚུལ་ཡིན་པ་དང་། གྲོང་ཁྱེར་ནང་གི་ས་བབ་སྤྱིའི་ཆ་ནས་ཤར་མཐོ་ནུབ་དམའ་བ་དང་། བྱང་ཕྱོགས་རི་སྒང་ལྷོ་ཕྱོགས་གཤོང་ས་ཡིན། ས་བབ་ཀྱི་མཐོ་ཚད་ལ་སྨི106ནས214བར་ཡིན། ལྷོ་ཕྱོགས་ཀྱི་ས་བབ་ཅུང་བདེ་ལ། བྱང་ཕྱོགས་ལ་བྱེ་སྒང་མང་བ་བཅས་སོ།།

3_3 ནམ་ཟླ།

ཧྲོང་ལིའོ་གྲོང་ཁྱེར་ནི་དྲོད་འབྲིང་བརླན་ཁུལ་ཕལ་བའི་ནམ་ཟླའི་ཁུལ་གཉིས་པར་གནས་པ་དང་། སྐམ་ས་ཆེན་པོའི་དུས་རླུང་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། ལོ་ཧྲིལ་པོར་ཚ་བ་ཆེ་བ་དང་ཉི་འོད་འབེལ་བ། ཆར་ཆུ་འབབ་ཚད་ཉུང་ཞིང་དུས་བཞིའི་ཁྱད་ཆོས་གསལ་བ་ཡིན། ཆར་ཆུ་དང་ཚ་བ་ཆེ་བ་བཅས་ཀྱིས་ལོ་གཅིག་ལ་ཐེངས་གཅིག་སྨིན་པའི་ལོ་ཏོག་སྐྱེ་འཕེལ་གྱི་དགོས་མཁོ་སྐོང་ཐུབ་པ་དང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཆ་རྐྱེན་ལྡན་ཡོད། དཔྱིད་དུས་དྲོད་ཚད་འཕར་ཚད་མགྱོགས་པ་དང་སྐམ་ཤས་ཆེ་ལ་ཆར་པ་ཉུང་། རླུང་ཆེར་ལྡང་ཞིང་དབྱར་དུས་ཀྱི་དྲོད་ཚད་མཐོ་བ་དང་། ཚ་བ་ཆེ་ལ་ཆར་ཆུ་འབེལ་བ། སྟོན་ཁའི་དྲོད་ཚད་འཕར་ཚད་མགྱོགས་ཤིང་ནམ་ཟླ་ཧ་ཅང་བཟང་། དགུན་དུས་རིང་ལ་སྐམ་ཞིང་གྲང་བ་དང་ཁ་བ་ཉུང་བ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད5.8℃ཡིན་པ་དང་། ལོ་གཅིག་གི་ཆེས་དྲོ་བའི་ལོ་རེའི་དྲོད་ཚད་ཀྱི་བར་ཁྱད་ནི70℃ཡིན་ལ། 10℃ལས་ཆེ་བའི་འགུལ་སྐྱོད་དྲོད་ཚད་ལས3118.6℃ཡིན་ལ། སད་མེད་པའི་དུས་ཉིན145ཡིན་པ་དང་། ལོ་རེའི་ཉི་འོད་འཕོག་ཚད་ཆུ་ཚོད2714.9ཡིན། ལོའི་ཆར་ཆུ་འབབ་ཚད་ཧའོ་སྨི494.0བཅས་ཡིན།

4 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་བར་ཧྲོང་ལིའོ་གྲོང་ཁྱེར་གྱི་མི་འབོར་ཁྲི42ཡོད་ལ། གྲོང་ཁྱེར་ཡོངས་སུ་རྒྱ་རིགས་ཕུད་ཁྱོན་བསྡོམས་གྲངས་ཉུང་མི་རིགས12ཡོད་པ་སྟེ། སོག་རིགས་དང་། ཧུའེ་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། ཏ་ཝོར་རིགས། མིའོ་རིགས། ཀྲོང་རིགས། ཞི་པོ་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན། བོད་རིགས་བཅས་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར15121ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཧྲོང་ལིའོ་གྲོང་ཁྱེར་གྱི་མ་རྨོས་ལོ་ཏོག་དང་ཆུ་འབྲས་རྨོ་འདེབས་ཁྱོན་བསྡོམས་མུའུ་ཁྲི163.8དང་མུའུ་ཁྲི37བར་སོ་སོར་ལེགས་སྒྲིག་བྱས་ཡོད་ལ། སི་ཕིང་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས57ལ་འཕེལ་རྒྱས་བྱུང་། གཞི་ཁྱོན་ལྡན་པའི་གསོ་ཚགས་དུད་ཚང3900ཟིན་པ་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་བསྡུར་ཚད70%ལས་བརྒལ་ཡོད། ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་མུའུ་ཁྲི2.4འཕེལ་རྒྱས་བཏང་བ་དང་། ལིའོ་ཧུ་ཤར་མའི་ཧྲོང་ལིའོ་བཅོས་སྐྱོང་ལས་གྲྭ་ལེགས་གྲུབ་བྱུང་ཞིང་། ས་ཞིང་བརྒྱུད་བཤུག་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི130ཟིན་པ་དེས་བདག་དབང་གཏན་འཁེལ་དང་ཚད་ལེན་དངོས་ཀྱི་རྒྱ་ཁྱོན་གྱི52%བཟུང་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧྲོང་ལིའོ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40ཟིན་ཡོད་ཅིང་། དམངས་གཉེར་དཔལ་འབྱོར་གཙོ་གཉེར་ལས་སྒོའི་ཡོང་འབབ7%འཕར་ཡོད། སྒེར་གཉེར་ཁེ་ལས2650ཟིན་ཞིང29%འཕར། ཁེར་རྐྱང་བཟོ་ཚོང་ལས་རིགས་དུད་ཚང22670ཟིན་ཞིང13%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧྲོང་ལིའོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་འབྱོར་གྲངས་མ་དངུལ་སྒོར་དུང་ཕྱུར15.6ཟིན་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་སྒོར་ཁྲི3000ཡན་གྱི་ཞབས་ཞུའི་ལས་རིགས་རྣམ་གྲངས8ལས་འགོ་ཚུགས་པ་ཡིན། ཝང་པིན་གྲོང་རྡལ་ཝང་པིན་གྲོང་ཚོ་དང་ཧྲོང་ཧྲན་གྲོང་རྡལ་སན་ཧུ་གྲོང་ཚོ་ཞིང་ཆེན་རིམ་པའི་དྲ་ཐོག་ཚོང་དོན་གྲོང་ཚོར་བདམས་པ་ཡིན།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2016ལོའི་ལོ་མཇུག་བར་ཧྲོང་ལིའོ་གྲོང་ཁྱེར་གྱི་ཚོད་ལྟ་སློབ་ཆུང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ16400ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7691ཟིན་ཡོད། སློབ་གྲྭར་འཛིན་གྲྭ31དང་། སློབ་མ1663  དགེ་རྒན109བཅས་ཡོད། སློབ་གྲྭའི་གློག་འཕྲིན་ཁང་དུ་སྒྲིག་ཆས་ཆ་ཚང50གསར་སྣོན་བྱས་པ་དང་དཔེ་དེབ་ཁྲི2ལྷག་ཙམ་མང་དུ་བཏང་ཡོད། སློབ་གྲྭའི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་གྱི་ལྷོ་བྱང་གཞོགས་གཉིས་ཀྱི་ལམ་ངོས་མཁྲེགས་འགྱུར་དང་། བདེ་འཇགས། དྭངས་གཙང་གི་འགྱིག་བཟོས་རྒྱུག་ལམ་སྤྱོད་འགོ་ཚུགས་པ་དང་། མ་དངུལ་སྒོར་ཁྲི400ལྷག་ཙམ་བཏང་ཞིང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2380ཟིན་པའི་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་ཞིག་གསར་བསྐྲུན་བྱས་ནས་སྤྱོད་འགོ་ཚུགས་ཡོད།

སྤྱི་ལོ2018ལོར། ཧྲོང་ལིའོ་གྲོང་ཁྱེར་གྱིས་སྨི་གྲུ་བཞི་མ་ཁྲི4.8གསར་སྐྲུན་དང་། བསྐྱར་བཟོ། ཉམས་གསོ་བཅས་བྱས་པ་དང་། སློབ་ཆུང་གཉིས་པ་དང་། ཧྲུའུ་ཞན་ལྟེ་གནས་སློབ་ཆུང་། ལིའུ་ཐིའོ་ལྟེ་གནས་སློབ་ཆུང་། མའོ་ལིན་ལྟེ་གནས་སློབ་ཆུང་གི་བུ་བཅོལ་ཁང་། ལས་རིགས་འབྲིང་རིམ་ཆེད་ལས་ཉལ་ཁང་བཅས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ཡིན།

6_2 རིག་གནས་ལས་དོན།

སྤྱི་ལོ2016ལོར་ཧྲོང་ལིའོ་གྲོང་ཁྱེར་དུ་འཁྲབ་སྟོན་ཐེངས57བྱས་པ་དང་། གློག་བརྙན་གཤམ་སྤེལ་ཐེངས2280བྱས་པ་ཡིན། དཔེ་མཛོད་ཁང་གིས་ལོ་ཧྲིལ་པོར་ཉར་ཚགས་བྱས་པའི་དཔེ་དེབ4146དང་གློག་རྡུལ་དཔེ་དེབ་ཁྲི4.2གསར་དུ་བསྣན་ནས་ཀློག་པ་པོ་མི་ཁྲི2ལ་སྣེ་ལེན་བྱས་པ་ཡིན་ལ། ལོང་བའི་དཔེ་གཟིགས་ཁང་བཙུགས་ཤིང་། ལོ་ཧྲིལ་པོར་གྲོང་གསེབ་ཏུ་དཔེ་དེབ་ཐེངས19བསྐྱལ་ནས་རིན་མེད་ངང་དཔེ་དེབ16500གནང་བ་ཡིན། ལོ་ཧྲིལ་པོར་ལྟད་མོ་བ་མི་ཁྲི3ལ་སྣེ་ལེན་བྱས་པ་དང་ ། གནས་སྤོ་ཐུབ་པའི་རིག་དངོས3867གྱི་གཞི་རྩའི་ཆ་འཕྲིན་ཕབ་འཇུག་ལས་དོན་ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་པའི་དཔེ་དེབ་ཁང192ལ་སྤྱོད་གོ་ཆོད་པའི་ཚགས་པར་དང་དུས་དེབ་མཁོ་འདོན་བྱས་པ་དང་དཔེ་མཛོད་ཁང་རེར་དེབ100ལྷག་ཙམ་གསར་སྣོན་བྱས་ཡོད། ཡུལ་ཚོ་དང་གྲོང་སྡེ12ཀྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་དེ་བཞིན་ཁོངས་གཏོགས་ཀྱི་རིག་གནས་ར་བ192ཀྱི་ཡིག་ཚགས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་ཡིན།

དཔྱད་གཞིའི་ཡིག་ཆ།