ཐིའེ་ཏུང་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-03 10:34ལ་འགྲུབ།

ཐིའེ་ཏུང་ཆུས།

ཐིའེ་ཏུང་ཆུས།
ཐིའེ་ཏུང་ཆུས་ནི་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ལེའོ་ཉིང་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་པ་དང་། ཀྲེང་ཏཱ་ལྕགས་ལམ་གྱི་ཤར་ཕྱོགས་སུ་ཡོད་པས་མིང་དེ་ལྟར་ཐོགས་པ་དང་ཨན་ཧྲན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཤིག་ཡིན། ཤར་ཕྱོགས་སུ“གཉིས་གཅིག་དགུ་”སྤྱི་གླིང་ཤར་རིའི་ས་མཚམས་དང་ལི་ཧྲན་རི་ཁུལ(ཨན་ཧྲན་མཐོ་གསར་ཁུལ)གྱི་ས་མཚམས་དང་འབྲེལ་བ་དང་། ནུབ་ཏུ་ཀྲེང་ཏཱ་ལྕགས་ལམ་དེ་ཐིའེ་ཞི་ཆུས་དང་ཨན་ཀང་བཟོ་གྲྭའི་ཁུལ་དང་ཕན་ཚུན་ཁ་གཏད་དུ་ཡོད། ལྷོ་རུ་ཏུང་ཧོན་གྲོང་ཁྱེར་གྱི་ལྕགས་ལམ་ནི་ས་མཚམས་དང་། ཆན་ཧྲན་རི་ཁུལ་དང་འབྲེལ་ཡོད། བྱང་དུ་ཐུང་ཧྲན་སྲང་ལམ་ས་མཚམས་དང་ལི་ཧྲན་རི་ཁུལ་དང་ཁྱིམ་མཚེས་ཡིན། སྤྱི་ལོ2015ལོར་ཆུས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ72.4ཡོད་པ་དང་། ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ15དང་། སྡེ་ཁུལ90 སྲིད་འཛིན་གྲོང་ཚོ9 རྒྱུན་སྡོད་མི་འབོར་ཁྲི59.2(ཐེམ་ཐོའི་མི་འབོར་ཁྲི52.4དང་འགུལ་སྐྱོད་མི་འབོར་ཁྲི6.8)བཅས་ཚུད་ཡོད། འཛམ་གླིང་ཕིང་ཕང་སྤོ་ལོའི་ཨང་དང་པོ་ཐོབ་མཁན་ཀུའོ་གཡོད་དང་། མ་ལུང་། ལི་ཞའོ་ཞ་དང་། འཛམ་གླིང་བྱ་སྒྲོའི་སྤོ་ལོའི་ཨང་དང་པོ་ཐོབ་མཁན་ཡུས་དབྱང་དང་ཏུའུ་ཅིང་གཉིས་ཀ་ཆུས་དེ་ནས་ཐོན་པ་ཡིན། སྤྱི་ལོ2018ལོའི་ཟླ12པར་དམངས་སྲིད་པུས་ཁག་གསུམ་པའི་རྒྱལ་ཡོངས་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་གསར་གཏོད་ཚོད་ལྟ་ཁུལ་གཏན་འཁེལ་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁东区
ཕྱི་ཡིག་གི་མིང་།
Tiedong District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
སྦྲག་སྲིད་ཨང་རྟགས།
114001
ནམ་ཟླ།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ72.4ཡོད།
མི་གྲངས།
སྤྱི་ལོ2015ལོར་ཁྱིམ་ཐོའི་མི་གྲངས་ཁྲི52.4ཡོད།
རླངས་འཁོར་ཚབ་ཨང་།
辽C
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
210302
ས་ཁོངས་ཁ་པར་ཨང་རྟགས།
0412
ཁོངས་གཏོགས་ས་ཁུལ།
ལིའོ་ཉིན་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར།
ཡུལ་སྐད།
བྱང་ཤར་སྐད།
1 ​ལོ་རྒྱུས་འཕེལ་རིམ།

ཐིའེ་ཏུང་ཆུས་འཛུགས་སྐྲུན་བྱེད་ཚད་ཅུང་འཕྱི་ལ། ཧྲེན་ཏ་ལྕགས་ལམ་གྱི་ཤར་ཕྱོགས་སུ་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན།

སྤྱི་ལོ1379ལོར(མིང་ཧུང་ཝུའུ་ཁྲི་ལོ12པ)ཨན་ཧྲན་དབྱི་དང་། བྱང་ཕྱོགས་སུ་ཁྲང་ཏེན་ཕུའུ་ཚོང་ཁང(རྗེས་སུ་ཁྲང་ཏེན་ཕུའུ་ཟེར་)ཕྱེ་སྟེ། ལིའོ་ཏུང་ཏུའུ་སི་ཏིང་ལིའོ་ཀྲུང་ཝེ་ས་ཁུལ་དུ་གཏོགས།

སྤྱི་ལོ1653ལོར(ཆིང་ཧྲུན་ཀྲི་ཁྲི་ལོ་བཅུ་པར)ཆིང་རྒྱལ་རབས་ཀྱི་སྐབས་སུ་ལིའོ་དབྱང་ཧྥུ(རྗེས་སུ་ཧྥེང་ཐེན་ཧྥུ་ཞེས་པར་བསྒྱུར)བཙུགས་པ་དང་། དེའི་ཁོངས་སུ་ལིའོ་དབྱང་ཀྲོའུ་གཏོགས་ཤིང་། ད་ལྟའི་ས་ཁོངས་ནི་ལིའོ་དབྱང་ཀྲོའུ་ཡི་ས་གནས་ཡིན།

སྤྱི་ལོ1912ལོའི་རྗེས་སུ། ཀྲུང་ཧྭ་མིན་གོའི་དུས་འགོར་ལིའོ་དབྱང་རྫོང་གི་མངའ་འོག་ཏུ་གཏོགས།

སྤྱི་ལོ1940ལོའི་ཟླ6པའི་ཚེས1ཉིན། ཨན་ཧྲན་གྲོང་ཁྱེར་གྱི་ཀུང་ཧྲུའུ་རྫུས་མས་གྲོང་ཁྱེར་ཡོངས་ལ་ཆུས25བགོས་པ་དང་། ཐིའེ་ཏུང་ཆུས་ཀྱི་མངའ་ཁོངས་སུ“ཏ་ཀྲེང་”དང་། “ཧྥུ་ཧྲི། ” “གཏིང་ཐུང་། ” “ཕོ་བྲང་ཆེན་པོ། ” “ཧོ་ཆེན། ”“ཉི་ཉིན། ” “ལིན། ” “སྒྲ་དབྱངས”“སྒྲ་སྒྲོག”སོགས་ཆུས11བཙུགས་པ་ཡིན།

སྤྱི་ལོ1945ལོར“དགུ་གསུམ”རྒྱལ་ཁ་ཐོབ་རྗེས། ཨན་ཧྲན་གྲོང་ཁྱེར་དམངས་གཙོ་སྲིད་གཞུང་གིས་ཟླ11པར་ཀྲེང་ཏཱ་ལྕགས་ལམ་ཤར་གྱི་ལྷོ་ཕྱོགས་གྲོང་ཁུལ་དུ་ཐིའེ་ཏུང་ཆུས་འཛུགས་རྒྱུ་ཐག་བཅད།

སྤྱི་ལོ1997ལོར་ཐིའེ་ཏུང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ13.8ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང12ཡོད་པ་སྟེ། ཧྲེང་ལེ་ཁྲོམ་གཞུང་དང་། ཁྲང་ཏེན་ཁྲོམ་གཞུང་། ཁྲོམ་གཞུང་དང་། ལྷོ་ཁའི་ཁྲོམ་གཞུང་། སྐྱེད་ཚལ་ཁྲོམ་གཞུང་། ས་ཚུགས་མདུན་གྱི་ཁྲོམ་གཞུང་། ལྕགས་གྲོང་ཁྲོམ་གཞུང་། ཞི་བདེའི་ཁྲོམ་གཞུང་། མེ་ཐབ་ཁྲོམ་གཞུང་། ཏུང་ཁྲང་ཏན་ཁྲོམ་གཞུང་། ཧུའུ་ནན་ཁྲོམ་གཞུང་། ཁྲང་ཆིང་ཁྲོམ་གཞུང་བཅས་བཅིངས་འགྲོལ་གཏོང་རྒྱུ། ཆུས་སྲིད་གཞུང་ཧྲེང་ལེ་ཁྲོམ་གཞུང་དུ་བཅའ་སྡོད་བྱས།

སྤྱི་ལོ1998ལོར་ཐིའེ་ཏུང་ཆུས་མི་དམངས་སྲིད་གཞུང་གི་འོག་ཏུ་ཁྲོམ་གཞུང12བཙུགས་པ་དང་སྡེ་ཁུལ293བཙུགས་ཡོད།

2 ‍སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་བར། ཐིའེ་ཏུང་ཆུས་ཁོངས་གཏོགས་ཀྱི་ཁྲེང་ནན་གྲོང་གསར་གྱི་དོ་དམ་ཨུ་ལྷན1ཡོད་པ་དང་། དེའི་ཁོངས་སུ་ཧུ་ཕིང་དང་། ཐིའེ་ཁྲེང་། ཀྲེན་ཆན། ཧྲེང་ལེ། ཡོན་ལིན། ཧྲེན་ནན། ཅིའུ་ཧྥེང་། ཁྲང་ཏན། ཏུང་ཁྲང་ཏན། ཧུའུ་ནན། ཁྲང་ཆིང་། ཞིན་ཞིང་། ཅིའུ་པའོ། ཏ་ཀུའུ་ཧྲན་བཅས་ཁྲོམ་གཞུང15དང་། སྡེ་ཁུལ90  སྲིད་འཛིན་གྲོང་ཚོ9བཙུགས་ཡོད།

3 ས་ཁམས་ཁོར་ཡུག

ཐིའེ་ཏུང་ཆུས་ནི་ལེའོ་ཉིང་ཞིང་ཆེན་དབུས་རྒྱུད་ཨན་ཧྲན་གྲོང་ཁྱེར་གྲོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ཡུས་ཧྥོ་ཧྲན་མཛེས་ལྗོངས་ཁུལ་དེ་ཆན་ཧྲན་རི་ཁུལ་གྱི་ས་མཚམས་དང་འབྲེལ་བ། ནུབ་ངོས་སུ་ཧྲེན་ཏ་ལྕགས་ལམ་དེ་ཐིའེ་ཞི་ཆུས་དང་ཨན་ཀང་བཟོ་གྲྭའི་ཁུལ་དང་ཁ་སྤྲོད་དུ་འདུག་ལ། ལྷོ་ངོས་ནི་ཤར་རྒྱུད་གྲོང་ཁྱེར་བསྐོར་བའི་ལྕགས་ལམ་དེ་ཆན་ཧྲན་གྱི་ས་མཚམས་དང་འབྲེལ་ཞིང་། བྱང་ངོས་སུ་ཧྲོང་ཐོའུ་ཧྲན་རི་བོ་དང་ཐུང་ཧྲན་ཅེ་ས་མཚམས་དང་ལི་ཧྲན་རི་ཁུལ་མཐའ་མཚམས་སུ་ཡོད་ལ། ཆུས་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ72.4ཟིན་ཡོད།

3_1 ས་དབྱིབས།

ཐིའེ་ཏུང་ཆུས་ས་ཁུལ་ཡོངས་ཀྱི་ས་བབ་ཤར་མཐོ་ནུབ་དམའ་ཡིན་པ་དང་། ས་བབ་ལས13.6%མར་ཆག་པ་དང་། ས་བབ་སྤྱིར་ཁག་གཉིས་སུ་དབྱེ་ཡོད་ཅིང་། ཤར་རྒྱུད་ནི“གཉིས་གཅིག་དགུ་”སྤྱི་གླིང་ཡིན་ཞིང་། ས་བབ་འཕར་ཆག་མི་སྙོམས་པ་དང་། རི་བོ་ཤར་ལྷོ་ནུབ་བྱང་ཕྱོགས་སུ་སྐྱོད་བཞིན་ཡོད་པས། རི་བོ་སྟོང་གི་རི་རྒྱུད་ནས་ལྷོ་ནུབ་ཏུ་སྣུར་སྲིང་བྱེད་པའི་ཆ་ཤས་སུ་གཏོགས་པ་དང་། སྤྱིར་བཏང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི100ནས150བར་ཡིན་པ་དང་། མཐོ་ཤོས་ནི་སྨི193.2ཡིན། གཞོགས་གཉིས་སུ་རི་སྒལ་རེ་ཡོད་པ་དང་སྙུང་དབྱིབས་ཁྱིའུ་ལྟར་གྲོང་ཁུལ་དུ་འཛུལ་བ་དང་། “ལེ་དབར་བཅུ་ཙམ་གྱི་སྤང་རིའི་ཕྱེད་ཀ་གྲོང་དུ་འཛུལ་བའི”རྣམ་པ་ཆགས་ཡོད།

ཆུས་ནང་ཁུལ་གྱི་ལྷོ་བྱང་སོ་སོར་རི་བོ་རེ་ཡོད་ཅིང་། བདེ་ཐང་ནས་འབུར་ཏེ་ལྷོ་ཕྱོགས་ནི་རི་བོ་ལེ་ཐུའུ་ཧྲན་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི97.4ཟིན་ནས་གྲོང་ཁུལ་གྱི་ས་བབ་མཐོ་ཤོས་ཡིན། བྱང་ཕྱོགས་སུ་ལུའུ་ཧྲན་ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི71.9ཡོད།

3_2 ནམ་ཟླ། 

ཐིའེ་ཏུང་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དབྱར་དུས་ལོ་ཕྱེད་རིང་ལྷོ་རླུང་གིས་གཙོ་བོ་བྱེད་པ་དང་། དགུན་དུས་ལོ་ཕྱེད་ནང་བྱང་རླུང་གཙོ་བོ་བྱེད་ཀྱི་ཡོད། དབྱར་ཁར་ཚ་ཁུལ་གྱི་རྒྱ་མཚོའི་རླུང་ཚོམ་གྱིས་བཙན་འཛུལ་བྱས་པས། ཆར་བ་འབེལ་བ་དང་། དྲོད་ཚད་ཅུང་མཐོ། དགུན་དུས་སུ་གླིང་སྣེའི་ས་ཁུལ་གྱི་རླུང་ཚོམ་དར་བ། ཆར་ཆུ་ཅུང་ཉུང་ཞིང་། དྲོད་ཚད་ཅུང་དམའ། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས་ཤིང་། སྐམ་གྲང་དུས་ཚིགས་གཅིག་པ་དང་། ཆར་ཆུ་འབེལ་བ། དྲོད་ཚད་འཚམ་པ། ཉི་འོད་ཕུན་སུམ་ཚོགས་པ། ཆར་པ་འབབ་པ། སེར་བ། གྲང་རླབས། ཐན་ཞོད་སད་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལོ་མི་འདྲ་བར་ཚད་མི་འདྲ་བ་རེ་ཐོན་གྱི་ཡོད།

4 མི་གྲངས།

སྤྱི་ལོ2000ལོའི་བར་དུ། ཐིའེ་ཏུང་ཆུས་ཀྱི་མི་གྲངས་བསྡོམས་འབོར452872ཡོད་པ་དང་། དེའི་ནང་དུ་ཧྲེང་ལེ་ཁྲོམ་གཞུང་གི་མི་གྲངས32334དང་། ཧུ་ཕིང་ཁྲོམ་གཞུང་གི་མི་གྲངས32073ཀང་ཁྲེང་ཁྲོམ་གཞུང་གི་མི་གྲངས32019 ཀྲན་ཆན་ཁྲོམ་གཞུང་གི་མདུན་མའི་མི་གྲངས9180 ཧྲན་ནན་ཁྲོམ་གཞུང་གི་མི་གྲངས45673 ཡིན་ལིན་ཁྲོམ་གཞུང་གི་མི་གྲངས39148 ཧུའུ་ནན་ཁྲོམ་གཞུང་གི་མི་གྲངས52042  ཁྲང་ཆིན་ཁྲོམ་གཞུང་གི་མི་གྲངས30185 ཁྲང་ཏེན་ཁྲོམ་གཞུང་གི་མི་གྲངས38608 ཏུང་ཁྲང་ཏེན་ཁྲོམ་གཞུང་གི་མི་གྲངས47459བཅས་ཡོད།

སྤྱི་ལོ2015ལོའི་བར་རྒྱུན་སྡོད་མི་འབོར་ཁྲི59.2(ཐེམ་ཐོའི་མི་འབོར་ཁྲི52.4དང་འགུལ་སྐྱོད་མི་འབོརཁྲི6.8)ཡོད།

5 དཔལ་འབྱོར།

སྤྱི་ལོ2014ལོར་ཐིའེ་ཏུང་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར356.1ཟིན་པ་དེ་དུས་མཚུངས་ལས6.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོས་སྒོར་ཁྲི1374ལེགས་གྲུབ་ཟིན་པ་དེསGDPཡི་སྤྱི་འབོར་གྱི་བསྡུར་གྲངས་བཟུང་ཚད་ཅུང་ཆུང་བ་དང་། ཐོན་ལས་གཉིས་པས་སྒོར་དུང་ཕྱུར56.5ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས8.4%འཕར་ནསGDPཡི་བསྡུར་ཚད་ཀྱི15.9%བཟུང་ཡོད། ཐོན་ལས་གསུམ་པས་སྒོར་དུང་ཕྱུར299.4ཟིན་པ་དེ་དུས་མཚུངས་ལས5.9%འཕར་བ་དེསGDPཡི་བསྡུར་ཚད84.1%བཟུང་ཡོད། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར20.7ཟིན་པ་དེ་དུས་མཚུངས་ལས2%འཕར་ཡོད། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ཁྲལ་འབབ་སྒོར་དུང་ཕྱུར16.5ཟིན་པ་དེ་དུས་མཚུངས་ལས2.0%མར་ཆག་ཡོད། དེའི་ནང་རྒྱལ་ཁབ་དཔྱ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར1.2དང་། ས་གནས་དཔྱ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར14ཡིན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར36074ཟིན་པ་དེ་དུས་མཚུངས་ལས7.5%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2014ལོར་ཆུས་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར10756ཟིན་པ་དེ་དུས་མཚུངས་ལས9%འཕར་བ་དང་། མ་རྨོས་ལོ་ཏོག་གི་ཐོན་འབབ་མཐོ་བའི་དཔེ་སྟོན་ཁུལ3གསར་སྣོན་བྱས་པར་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ1560ཟིན་ཡོད། ཆུས་ཡོངས་ཀྱི་འབྲུ་རིགས་སྐྱེ་དངོས་རྨོ་འདེབས་ཁྱོན་བསྡོམས་མུའུ་ཁྲི33.4ཟིན་ཡོད།  སྔོ་ཚལ་གྱི་ཁྱད་ལྡན་ཐོན་རྫས་རྨོ་འདེབས་ཁྱོན་བསྡོམས་མུའུ་ཁྲི4.5ལེགས་སྒྲུབ་བྱས་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.77ཟིན་པ་དེ་དུས་མཚུངས་ལས10%འཕར་ཡོད། གསར་དུ་འཕར་སྣོན་བྱུང་བའི་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་མུའུ500ཡོད། ཕྱུགས་བྱ་གསོ་སྤེལ་ཚད་གཞི་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པ་དང་།འབྲོག་ལས་ཁུལ་ཆུང་བ16གསར་སྐྲུན་དང་རྒྱས་སྐྲུན་བྱ་དགོས། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5མངོན་འགྱུར་བྱུང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར33.7ཟིན་པ་དེ་དུས་མཚུངས་ལས27.3འཕར་ཡོད། ཡེ་ཧེ་ཧུང་གོ་ཐོན་ལས་དེ་སྤྱི་ཆིང3000བར་འཕེལ་རྒྱས་ཕྱིན་ནས་ལོའི་ཐོན་ཚད་ཏུན་ཁྲི15ལས་བརྒལ་བ་དང་ཤིང་འབྲས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨུ་རུ་སུ་དང་ཐེ་ལན་དུ་བྲིན་ཚོང་བྱེད་ཀྱི་ཡོད། ཆུས་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི70ཟིན་པ་དང་།ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.3ཟིན་ཡོད། 

5_2 ཐོན་ལས་གཉིས་པ།

སྤྱི་ལོ2014ལོར་ཐིའེ་ཏུང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར7.9ཟིན་པ་དེ་དུས་མཚུངས་ལས4.4%མར་ཆག་པ་དང་།  རིན་ཐང་འཕར་མ་སྒོར་དུང་ཕྱུར2.6ཟིན་པ་དེ་དུས་མཚུངས་ལས5.5%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2014ལོར་ཐིའེ་ཏུང་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར236.3ཟིན་པ་དེ་དུས་མཚུངས་ལས12.6%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་བྱེད་ཚད་དང་ཞག་སྡོད་བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར142.7ཟིན་པ་དེ་དུས་མཚུངས་ལས9.3%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི60.4%བཟུང་ཡོད། སྡེབ་ཚོང་དང་སིལ་ཚོང་ཚོང་དོན་ལས་རིགས་ཀྱི་ཚོང་བྲིན་དང་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར201.1ཟིན་པ་དེ་དུས་མཚུངས་ལས13.1%འཕར་བ་ཞིང་། ཐིའེ་ཏུང་ཆུས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི85.1%བཟུང་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར35.2ཟིན་པ་དེ་དུས་མཚུངས་ལས9.9%འཕར་བ་དེས་ཐིའེ་ཏུང་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི14.9%བཟུང་ཡོད།

6 ཚན་རྩལ་བྱ་གཞག

2014ལོར་ཐིའེ་ཏུང་ཆུས་ཀྱིས་གྲོང་ཁྱེར་རིམ་པ་ཡན་གྱི་གཙོ་གནད་ཚན་རྩལ་རྣམ་གྲངས17རེ་ཞུ་བྱས་པ་དང་ཚན་རྩལ་རྣམ་གྲངས་གལ་ཆེན3འོས་སྦྱོར་བྱས་ཡོད། ཨན་ཧྲན་གྲོང་ཁྱེར་ཆིན་ཡོན་ནུས་རྒྱུ་གྲོན་ཆུང་སྒྲིག་ཆས་ཚད་ཡོད་ཀུང་སིའི་ཆུ་འཁྱག་རྣམ་པའི་ཡུན་བརྟན་ཁབ་ལེན་གྱི་མཉེན་གཤིས་བརྒྱུད་སྒུལ་སྒྲིག་ཆས་སོགས་རྣམ་གྲངས་བཞི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་ནང་བཅུག་པ་དང་། ལག་རྩལ་དེ་སྤྱི་ལོ2014ལོའི་ཟླ9བའི་ཚེས13ཉིན་ཀྲུང་གོའི་བཟོ་ལས་ནུས་རྒྱུ་གྲོན་ཆུང་དང་དྭངས་གཙང་ཐོན་སྐྱེད་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རིགས་གཅིག་མཁས་ཅན་གསལ་འབྱེད་ཨུ་ཡོན་ལྷན་ཁང་ཐོག་གསལ་འབྱེད་བྱས་པ་དེས་རྒྱལ་ནང་གི་སྟོང་ཆ་བསྐངས་པ་དང་སྤྱི་ཡོངས་ཀྱི་ལག་རྩལ་རྒྱལ་ནང་གི་སྔོན་ཐོན་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། རོགས་སྐྱོར་ཐེབས་རྩ་སྒོར་ཁྲི260ཐོབ་པ་དང་། ཨན་ཧྲན་གྲོང་ཁྱེར་ཧྥེ་ཏ་མཉེན་ཆས་ཀུང་སི་སོགས་ཁེ་ལས4ལ་མཉེན་ཆས་ཁེ་ལས་ཀྱི་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་པ་རེད། ལོ་ཧྲིལ་པོར་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་གཙོ་གཉེར་ཡོང་འབབ་སྒོར་དུང་ཕྱུར5.5ཟིན་པ་དང་། ལག་རྩལ་ཁྲོམ་རའི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར2.3ཟིན། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ500ཡོད་པ་བཅས་རེད།

དཔྱད་གཞིའི་ཡིག་ཆ།