ཡོན་རྒྱལ་རབས་ཀྱི་སྐབས་སུ་ཅོན་ཀྲིག་གི་མངའ་ཁོངས་ཡིན།
མིང་རྒྱལ་རབས་ཀྱི་དུས་སུ་ཡོན་ཧྲོའེ་རྫོང་གི་ཁོངས་སུ་གཏོགས།
མིན་གོའི་ཐོག་མའི་དུས་སུ་ཡོན་ཞི་ནི་ཞང་དབྱང་ཏའོ་ཡི་ཁོངས་སུ་གཏོགས།མིན་གོའི་སྲིད་ལོ་ཉེར་གཅིག་པ(སྤྱི་ལོ1932ལོ)ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་བཅུ་གཅིག་པའི་ལྟ་ཞིབ་ཁུལ། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པ(སྤྱི་ལོ1936ལོ)ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པ། སྤྱི་ལོ1946ལོར་ད་དུང་ཀྲུང་གུང་གི་འགོ་ཁྲིད་འོག་གི་དམངས་གཙོའི་སྲིད་དབང་འཛུགས་མྱོང་། སྤྱི་ལོ1947ལོའི་ཟླ11པའི་ཚེས16ཉིན་ཡོན་ཞི་རྫོང་བཅིངས་འགྲོལ་ཐོབ་པ་དང་། ཡོན་ཞི་རྫོང་དམངས་གཙོའི་སྲིད་གཞུང་བཙུགས།
སྤྱི་ལོ1949ལོའི་ཟླ5པར་ལིང་ཡོན་ཀྲོན་ཆུས་སུ་གཏོགས་པ་དང་། སྤྱི་ལོ1952ལོར་ཡོན་དབྱང་ཀྲོན་ཆུས་མེད་པར་བཟོས་ནས་ཞང་དབྱང་ཀྲོན་ཆུས་སུ་འཛུལ།
སྤྱི་ལོ1965ལོར་་ཡོན་དབྱང་ཀྲོན་ཆུས་སླར་གསོ་བྱས་པ་དང་། མིང་ལ་ཡོན་དབྱང་ས་ཁུལ་ཞེས་བསྒྱུར། སྤྱི་ལོ1994ལོར་ཡོན་དབྱང་ས་ཁུལ་དང་ཧྲི་ཡན་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཧྲི་ཡན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།
སྤྱི་ལོ1996ལོར་ཡོན་ཞི་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3509ཡོད་པ་དང་། མི་འབོར་ཁྲི51ཙམ་ཡོད། དེའི་ཁོངས་སུ་གྲོང་རྡལ7དང་ཤང18ཡོད་པ་སྟེ། ཁྲེང་ཀོན་གྲོང་རྡལ་དང་། ཐུའུ་མོན་གྲོང་རྡལ། ཧྲང་ཅིན་གྲོང་རྡལ། ཏན་ཙི་གྲོང་རྡལ། ཅ་ཧོ་གྲོང་རྡལ། ཡང་ཝེ་གྲོང་རྡལ། ཀོན་དབྱིན་གྲོང་རྡལ། ཟི་གིག་ཤང་། མའོ་ཕིང་ཤང་། ཞང་ཁུའུ་ཤང་། ལིའུ་ཏོའུ་ཤང་། ཁོའེ་ཧྲོའུ་ཤང་། ཀོན་ཧྥང་ཤང་། ཧུའུ་པེ་ཁོའུ་ཧུའེ་རིགས་ཤང་། ཅིང་དབྱང་ཤང་། ཉི་གུག་ཤང་། ལིའུ་ལང་ཤང་། ཧེ་ཧུའུ་ཤང་། ཆན་ཁྲེ་ཤང་། མ་ཨན་ཤང་། ཝུའུ་ཏིང་ཤང་། ཐུང་ཡོན་ཤང་། ཧོ་ཅ་ཤང་། ཨན་ཤང་། སན་ཀོན་ཏུང་ཤང་། རྫོང་སྲིད་གཞུང་ནི་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས།
སྤྱི་ལོ2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པར། ཡོན་ཞི་རྫོང་དུ་རྒྱུན་སྡོད་མི་འབོར447482ཡོད།
སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས《གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱས་པ་དང་། ཡོན་ཞི་རྫོང་དེའི་ནང་དུ་ཚུད་པ་རེད།
སྤྱི་ལོ2015ལོའི་ལོ་མཇུག་བར་ཧུའུ་པེ་ཞིང་ཆེན་ཡོན་ཞི་རྫོང་ཁོངས་ཀྱི་ཤང་གྲོང་ཁུལ18ཡོད་པའི་ནང་མི་རིགས་ཤང་དང་གྲོང་རྡལ1ཡོད་པ་སྟེ། ཁྲེང་ཀོན་དང་། ཐུའུ་མོན། ཧྲང་ཅིན། ཏེན་ཙི། ཅ་ཧོ། དབྱང་བའེ། ཀོན་དབྱིན། མ་ཨན། ཧོ་ཅ་བཅས་གྲོང་རྡལ9དང་ཤང་ཁོའུ་དང་། ཀོན་ཧྥང་། ཅིང་དབྱང་། ལིའུ་ལང་། ཅན་ཁྲི། ཨན་ཅ། ཧུའུ་པེ་ཁོའུ་ཧུའེ་རིགས་ཤང་། སན་ཀོན་ཏུང་། ཨའེ་ཧྲུའུ་ལིན་ཐེ་ཁྲང་བཅས་ཡོད་པ་རེད། ཁྱོན་གྲོང་མི་ཨུ་ལྷན10དང་གྲོང་ཚོ་ཨུ་ལྷན338ཡོད།
ཡོན་ཞི་རྫོང་ནི་ཧུའུ་པེའི་ནུབ་བྱང་མཐའ་མཚམས་སུ་གནས་པ་དང་། ཧན་ཅང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་བྱང་ངོགས་སུ་གནས། ཤར་བྱང་དང་། བྱང་ཕྱོགས། ནུབ་བྱང་། ལྷོ་ནུབ། ལྷོ་ཕྱོགས་བཅས་དང་ཧྲའན་ཤིས་ཞིང་ཆེན་ཧྲང་ནན་དང་། ཧྲན་དབྱང་། ཀྲེན་ཨན། སུའེ་དབྱང་། པའེ་ཧོ་བཅས་རྫོང་ལྔ་དང་འབྲེལ་ཡོད། བྱང་ནི་ཆིན་ལིན་དང་། ལྷོ་ནི་ཧན་ཅང་དང་འབྲེལ་ཡོད།
སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་གཏན་འཁེལ་བྱས།
ཡོན་ཞི་ནི་ཧྭ་བྱང་གི་རང་བྱུང་ས་ཁོངས་དང་ཧྭ་དབུས་ཀྱི་རང་བྱུང་ས་ཁོངས་བར་ཡིན་ཞིང་། བར་བརྒལ་ས་ཁུལ་ཡིན་ལ། ཚ་ཁུལ་ཕལ་པའི་བྱང་མཚམས་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཁྱད་ཆོས་ནི། དུས་བཞིའི་་དབྱེ་བ་གསལ་བ་དང་། ཆར་ཆུའི་འབབ་ཚད་རན་པ(སྤྱིར་བཏང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི700ནས800བར་ཡིན། རང་བྱུང་གནོད་འཚེའི་ལོ་རབས་འགའ་རེ་ཕུད)ཉི་འོད་འདང་བ་དང་། གནམ་གཤིས་དྲོ་འཇམ་ལྡན་པ། སད་མེད་དུས་རིང་བ། དགུན་ཁ་ཐུང་བ་བཅས་ཡིན། ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་བརྒལ་ཐག་རིང(སྤྱི་ལེ125)ཡོད་པའི་རྐྱེན་གྱིས། ཡོན་ཞི་རྫོང་གི་གནམ་ཟླ་དེ་འདྲའི་དོ་མཉམ་མིན་པས་བར་ཁྱད་ཅུང་ཆེ་བ་ཡིན། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཏུའུ15.4ཡིན་པ་དང་། མཐོ་ཤོས་ནི་ཟླ7པར་ཏུའུ27.8ཡིན། ཆེས་ཐལ་དྲགས་པའི་དྲོད་ཚད་ཏུའུ41.9ཡིན། ཆེས་དམའ་བའི་དྲོད་ཚད་ནི་ཟླ་དང་པོར་ཡིན་ལ། ཟླ་རེར་ཆ་སྙོམས་དྲོད་ཚད་ཏུའུ2.5ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད་5.4ཡིན་པ་བཅས་རེད།
སྤྱི་ལོ2015ལོའི་ལོ་མཇུག་བརཡོན་ཞི་རྫོང་གི་མི་འབོར་བསྡོམས་འབོར་ཁྲི50.42ཟིན་པའི་ནང་སྐྱེས་པ་ཁྲི26.41དང་བུད་མེད་ཁྲི24.01ཟིན་ཡོད། སྤྱི་ལོ2015ལོར་ཡོན་ཞི་རྫོང་གི་མི་འབོར་སྐྱེ་ཚད12.23%ཡིན་པ་དང་ཤི་ཚད7.55%ཟིན་ནས་རང་བྱུང་འཕར་ཚད་སྟོང་ཆའི4.69ཡིན།
སྤྱི་ལོ2015ལོར་ཡོན་ཞི་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར61.4ཟིན་ནས4.5%འཕར་བ་དང་། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.66ཟིན་ནས13.1%འཕར་བ་རེད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར3.43ཡིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར84བཏང། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར41.1ཟིན། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི2416.5ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20853ཟིན་པ། ཞིང་པའི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7509ཟིན་ཡོད།
སྤྱིར་བཏང་གི་སློབ་གསོ་དང་ལས་རིགས་ཀྱི་འོས་འགན་སློབ་གསོར་གྲུབ་འབྲས་གསར་པ་ཐོབ་པ་དང་། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ། སློབ་གྲྭ་འབྲིང་ཆུང་གི་བཀོད་པ་སྔར་བས་ལེགས་སྒྲིག་བྱས་པ་དང་། སློབ་ཆུང82དང་། སློབ་གྲྭར་ཞུགས་མུས་ཀྱི་སློབ་མ26979 སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100% དམའ་འབྲིང་དཀྱུས་མའི་སློབ་མ13 སློབ་གྲྭར་ཞུགས་མུས་ཀྱི་སློབ་མ10291བཅས་ཡོད་པ་རེད། མཐོ་འབྲིང་དཀྱུས་མ2དང་སློབ་གྲྭར་ཡོད་པའི་སློབ་མ5111ཡོད། ལས་རིགས་ལག་རྩལ་སློབ་གྲྭ2དང་སློབ་གྲྭར་ཡོད་པའི་སློབ་མ2271ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད91དང་ཁེ་བེད་བདག་ཐོབ་སྤྲོད་ཚད43དང་ཚན་རྩལ་རྣམ་གྲངས་ཀྱི་གྲངས་འབོར22ཡོད།
སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་མིང་བཏགས་པ་རེད།