ཀྲུང་ལོའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-03-05 16:35ལ་འགྲུབ།

ཀྲུང་ལོའུ་ཆུས།

ཀྲུང་ལོའུ་ཆུས།
ཀྲུང་ལོའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཆུས་ནང་ཁུལ་དུ་གནའ་བོའི་ལོ་རྒྱུས་རིན་ཐང་ལྡན་པའི་ཅོང་རྙིང་གི་ཐོག་ཁང་ཞིག་ཡོད་པས་ཆུས་མིང་ལའང་དེ་ལྟར་དུ་ཐོགས་པར་གྲགས། ཁྲང་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་དང་ཤར་ལྷོའི་ཕྱོགས་ནི་ཐེན་ཉིང་ཆུས་དང་འབྲེལ་ལ། ནུབ་ཕྱོགས་དང་ལྷོ་ནུབ་ཕྱོགས་ནི་ཝུའུ་ཅིན་ཆུས་འབྲེལ་ཡོད། བྱང་དང་པེ་ཆུས་གསར་མ་དང་མཚམས་འབྲེལ་ཡོད་པ་རེད། ཀྲུང་ལོའུ་ཆུས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དངུལ་རྩ། ཉོ་ཚོང་ལྟེ་གནས་བཅས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲུང་ལོའུ་ཆུས།
རྒྱ་ཡིག་གི་མིང་།
钟楼区
ཕྱི་ཡིག་གི་མིང་།
ZhongLou Qu
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆའི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་བདུན། གྲོང་རྡལ་གཅིག
སྲིད་གཞུང་སྡོད་གནས།
ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཞེང་ཀང་ལམ་ཨང་རྟགས88པ།
ས་ཁོངས་ཁ་པར་ཨང་རྟགས།
0519
སྦྲག་སྲིད་ཨང་རྟགས།
213000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ133
མི་གྲངས།
ཁྲི61.70(སྤྱི་ལོ2016ལོ།)
ཡུལ་སྐད།
ཝུའུ་སྐད། ཁྲང་ཀྲོའུ་སྐད།
ནམ་ཟླ།
ཚ་ཁུལ་བྱང་མའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཆེ་བའི་གནམ་གཤིས།
རླངས་འཁོར་ཚབ་ཨང་།
苏D
སྲིད་འཛིན་ཚབ་ཨང་།
320404
གནམ་གྲུའི་ཐང་།
ཁྲང་ཀྲོའུ་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས། ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས་བྱང་མ། ཆི་ཡུའེ་ཡན་མེ་འཁོར་འབབ་ཚུགས།
1 ​ངོ་སྤྲོད་རགས་བསྡུས།

ཀྲུང་ལོའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཆུས་ནང་ཁུལ་དུ་གནའ་བོའི་ལོ་རྒྱུས་རིན་ཐང་ལྡན་པའི་ཅོང་རྙིང་གི་ཐོག་ཁང་ཞིག་ཡོད་པས་ཆུས་མིང་ལའང་དེ་ལྟར་དུ་ཐོགས་པར་གྲགས། ཁྲང་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་དང་ཤར་ལྷོའི་ཕྱོགས་ནི་ཐེན་ཉིང་ཆུས་དང་འབྲེལ་ལ། ནུབ་ཕྱོགས་དང་ལྷོ་ནུབ་ཕྱོགས་ནི་ཝུའུ་ཅིན་ཆུས་འབྲེལ་ཡོད། བྱང་དང་པེ་ཆུས་གསར་མ་དང་མཚམས་འབྲེལ་ཡོད་པ་རེད། ཀྲུང་ལོའུ་ཆུས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དངུལ་རྩ། ཉོ་ཚོང་ལྟེ་གནས་བཅས་ཡིན།

སྤྱི་ལོ2017ལོའི་ཟླ12ཚེས14ཉིན། ཀྲུང་ལོའུ་ཆུས་སྤྱི་ལོ2017ལོའི་བཟོ་ལས་ཕུལ་བྱུང་ཅན་རྫོང་དང་ཆུས་བརྒྱའི་གྲས་སུ་ཚུད། སྤྱི་ལོ2018ལོའི་ཟླ10པར་ལོ་དེའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཁུལ་བརྒྱའི་གྲས་དང་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཁུལ་བརྒྱའི་གྲས་སུ་བདམས་པ་རེད། སྤྱི་ལོ2019ལོར་ལོ་དེའི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ཨང་རེ་བརྒྱད་པར་བདམས་པ་སོགས་ཀྱི་གཟི་བརྗིད་མཚན་རྟགས་མང་དུ་ཐོབ། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཀྲུང་ལོའུ་ཆུས་ཀྱི་ཁོངས་སུ་གྲོང་རྡལ་གཅིག་ཡོད་དེ་ཙོའུ་ཆུས་གྲོང་རྡལ་དང་། ཞིང་ཆེན་རིམ་པའི་ཀྲུང་ལོའུ་དཔལ་འབྱོར་གསར་སྤེལ་ཆུས། དེ་མིན་ད་དུང་པེ་ཀང་ཁྲོམ་སྲང་། ཞིན་ཀྲ་ཁྲོམ་སྲང་། ཝུའུ་ཞིང་ཁྲོམ་སྲང་། ཡུང་ཧུང་ཁྲོམ་སྲང་། ཞིས་ལིན་ཁྲོམ་སྲང་། ལྷོའི་ཁྲོམ་སྲང་། ཧོ་ཧྭ་རྫིང་བུ་སོགས་ཁྲོམ་སྲང་དོན་གཅོད་ཁྲུའུ་བདུན་། དེ་མིན་ད་དུང་སྲིད་འཛིན་གྲོང་ཚོ་ང་བརྒྱད་དང་སྡེ་ཁུལ་གྲོང་མི་ཨ་ཡོན་ལྷན་ཁང་ཞེ་དགུ་ལྷག་ཙམ་ཡོད།

3 ས་བབ་གནས་ཚུལ།

ཀྲུང་ལོའུ་ཆུས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་དང་ཤར་ལྷོའི་ཕྱོགས་ནི་ཐེན་ཉིང་ཆུས་དང་འབྲེལ་ལ། ནུབ་ཕྱོགས་དང་ལྷོ་ནུབ་ཕྱོགས་ནི་ཝུའུ་ཅིན་ཆུས་འབྲེལ་ཡོད། བྱང་དང་པེ་ཆུས་གསར་མ་དང་མཚམས་འབྲེལ་ཡོད་པ་རེད། ས་བབ་ནི་བྱེ་མའི་བདེ་ཐང་དང་རི་མ་ཐང་གི་ཁོངས་སུ་གཏོགས་པ་དང་། ཆུས་ཁོངས་ཀྱི་ས་བབ་ཅུང་མཐོན་པོ་ཆགས་ཡོད་པ་རེད།

4 ནམ་ཟླའི་ཆ་རྐྱེན།

ཀྲུང་ལོའུ་ཆུས་ནི་ཚ་ཁུལ་བྱང་མའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་དུ་གཏོགས་པ་དང་། གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ། ལོ་རེའི་ཆ་སྙོམས་དྲོད་ཚད15.4℃ལྷག་ཙམ་ཡིན་པ་དང་། ཆར་ཆུ་འབེལ་བ་དང་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1071.5ལྷག་ཙམ་ཡིན་པ། ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་ལོར་ཆ་སྙོམས་ཉི་འོད་ཕོག་ཚད་ཀྱི་དུས་ཡུན་ཆུ་ཚོ་2047.5ལྷག་ཙམ་གྱི་རིང་ཡིན། སད་མེད་པའི་དུས་ཡུན་རིང་བ་དང་ལོ་རེར་ཆ་སྙོམས་སུ་ཉིན227.6ལྷག་ཙམ་གྱི་རིང་ཡིན། དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་རེད།

5 མི་གྲངས་གནས་ཚུལ།

སྤྱི་ལོ2011ལོའི་ལོ་མཇུག་བར་དུ། ཀྲུང་ལོའུ་ཆུས་ཀྱི་ཐེམ་ཐོ་མི་འབོར་ཁྲི35.37ལ་སླེབས་ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི51.27ལྷག་ལ་སླེབས་ཡོད་པ་རེད། ལོ་ཧྲིལ་པོའིམི་འབོར་སྐྱེ་ཚད7.77%ལ་སླེབས་པ་དང་། མི་འབོར་འདས་ཚད66%ལ་སླེབས་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད2.11‰ལྷག་ཙམ་ཡིན། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། རིག་གནས། མི་རིགས། ཡུལ་གྲུ།