ཕེ་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-28 11:44ལ་འགྲུབ།

ཕེ་རྫོང་།

ཕེ་རྫོང་།
ཕེ་རྫོང་སྟེ། བསྡུས་མིང་ལ“ཕེ”ཞེས་འབོད་ཅིང་། གནའ་བོའི་དུས་སུ་མིང་ལ“ཕེ་ཙེ”ཞེས་འབོད་པས་མིང་དེ་ལྟར་ཐོགས་པར་གྲགས། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཞིག་ཡིན་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཅང་སུའུ་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས། ཤར་ཕྱོགས་ནི་རི་བོ་ཝེ་ཧྲན་ཧུའུ་ལ་གཏད་ཡོད་པ་དང་། ནུབ་ཕྱོགས་ནི་ཧྥེང་རྫོང་དང་མཚམས་འབྲེལ་ཡོད། ལྷོ་ཕྱོགས་ནི་ཐུང་ཧྲན་ཆུས་དང་མཚམས་འབྲེལ་ནས་ཡོད། བྱང་ཕྱོགས་ནི་ཧྲན་ཏུང་ཞིང་ཆེན་གྱི་ཡུས་ཐའེ་དང་འབྲེལ་ཡོད། ཧྭ་པེ་བདེ་ཐང་གི་ཤར་ལྷོའི་མཐའ་དང་ཧོའེ་ཧའེ་དཔལ་འབྱོར་ཆུས་ཀྱི་ནུབ་བྱང་རྒྱུད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1576ཡོད་པ་དང་། སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར665ལ་སླེབས་ནས9.1%གིས་འཕར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕེ་རྫོང་།
རྒྱ་ཡིག་གི་མིང་།
沛县
ཕྱི་ཡིག་གི་མིང་།
Pei County
མིང་གཞན།
ཕེ་ཙུ། ཀུའུ་ཕེ། ཞའོ་ཕེ། ཕེ་ཁྲེང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྭ་ཤར། ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་བཞི་དང་གྲོང་རྡལ་བཅུ་གསུམ།
སྲིད་གཞུང་སྡོད་གནས།
ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ཕེ་རྫོང་ཀུ་ཧྥེང་ལམ་ཨང་རྟགས11པ།
ས་ཁོངས་ཁ་པར་ཨང་རྟགས།
0516(+86)
སྦྲག་སྲིད་ཨང་རྟགས།
221600
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ 1576
མི་གྲངས།
129.81(སྤྱི་ལོ2018ལོ།)
ཡུལ་སྐད།
ཞུས་ཀྲོའུ་སྐད།
ནམ་ཟླ།
དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏CJ
 GDP
དམངས་སྒོར་དུང་ཕྱུར762.62(སྤྱི་ལོ2018ལོ།)
སྲིད་འཛིན་ཚབ་ཨང་།
320322
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་གནམ་གྲུའི་ཐང་། ཞུས་ཀྲོའུ་དབྱང་མེའོ་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཕེ་རྫོང་མེ་འཁོར་འབབ་ཚུགས།
1 ​ངོ་སྤྲོད་རགས་བསྡུས།

ཕེ་རྫོང་སྟེ། བསྡུས་མིང་ལ“ཕེ”ཞེས་འབོད་ཅིང་། གནའ་བོའི་དུས་སུ་མིང་ལ“ཕེ་ཙེ”ཞེས་འབོད་པས་མིང་དེ་ལྟར་ཐོགས་པར་གྲགས། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཞིག་ཡིན་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཅང་སུའུ་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས། ཤར་ཕྱོགས་ནི་རི་བོ་ཝེ་ཧྲན་ཧུའུ་ལ་གཏད་ཡོད་པ་དང་། ནུབ་ཕྱོགས་ནི་ཧྥེང་རྫོང་དང་མཚམས་འབྲེལ་ཡོད། ལྷོ་ཕྱོགས་ནི་ཐུང་ཧྲན་ཆུས་དང་མཚམས་འབྲེལ་ནས་ཡོད། བྱང་ཕྱོགས་ནི་ཧྲན་ཏུང་ཞིང་ཆེན་གྱི་ཡུས་ཐའེ་དང་འབྲེལ་ཡོད། ཧྭ་པེ་བདེ་ཐང་གི་ཤར་ལྷོའི་མཐའ་དང་ཧོའེ་ཧའེ་དཔལ་འབྱོར་ཆུས་ཀྱི་ནུབ་བྱང་རྒྱུད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1576ཡོད་པ་དང་། སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར665ལ་སླེབས་ནས9.1%གིས་འཕར་ཡོད།

ཕེ་རྫོང་ནི་ཆུ་བོ་མང་པོས་དྲ་རྒྱ་འཐེན་པའི་ཡུལ་གྲུ་ཞིག་ཡིན་པ་དང་། མཚོ་འགྲམ་དུ་ཆགས་པའི་ལྗང་མདོག་གི་མཁར་གྲོང་ཞིག་ཀྱང་ཡིན། ཕེ་རྫོང་ནས་ཤར་ངོས་ཀྱི་ཀྲུང་གོའི་བྱང་ཕྱོགས་ཀྱི་ཚྭ་མེད་མཚེའུ་ཆེས་ཆེ་ཤོས་ཏེ་ཝེ་ཧྲན་མཚེའུ་བར་ཐག་ལ་སྤྱི་ལེ་ལྔ་ཙམ་ལས་མེད། ཕེ་རྫོང་ལ་སྤྱི་ལེ62རིང་ཚད་ཅན་གྱི་མཚེའུ་འགྲམ་རྒྱུད་དང་སྤྱི་ལེ་གྲུ་བཞི་མ400རྒྱ་ཁྱོན་ཅན་གྱི་མཚོ་ངོས་ཡོད།

ཕེ་རྫོང་ལ་ཡུན་རིང་བོའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡོད་པས་ཅང་སུའུ་ཞིང་ཆེན་དང་ཧྭ་ཤར་ས་ཁུལ་གྱི་རྡོ་སོལ་ཐོན་ཁུངས་གཙོ་བོ་ཡིན། རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར24ལྷག་ཙམ་ཡོད་པ་དང་། ལོར་རེ་བཞིན་རྡོ་སོལ་ཏུན་ཁྲི1200ལྷག་ཙམ་ཐོན་སྐྱེད་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི70%བཟུང་ཡོད། ཕེ་རྫོང་ནི་རྒྱལ་ཡོངས་ཀྱི་ཤེས་རིག་དཔལ་ཡོན་ལྡན་པའི་རྫོང་མཁར་སྐོར་ཁག་དང་པོའི་གྲས་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་སྔོན་ཐོན་རྫོང་མཁར། རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲས། རྒྱལ་ཡོངས་བཟོ་ལས་ཕུལ་བྱུང་རྫོང་བརྒྱའི་གྲས། རྒྱལ་ཁབ་སྐྱེད་ཚལ་རྫོང་མཁར། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཤུགས་ཆེ་བའི་རྫོང་གི་གྲས་སུ་བདམས་ཡོད་པ་རེད།

སྤྱི་ལོ2019ལོར་ཕེ་རྫོང་དེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་ཕྱོགས་ཡོངས་འཕེལ་རྒྱས་ཆེ་བའི་རྫོང་གི་གྲས་ཀྱི་ཨང་སོ་གཉིས་པར་སླེབས་ཡོད། ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་རེ་དྲུག་པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་ང་བདུན་པ། དཔལ་འབྱོར་འགྲན་རྩོད་སྟོབས་ཤུགས་ཆེ་བའི་རྫོང་བརྒྱའི་གྲས་ཀྱི་ཨང་ཞེ་བཞི་པ་བཅས་ཀྱི་མཚན་སྙན་ཐོབ་ཡོད།

2 ཆབ་སྲིད་ཁོངས་བགོས།   

སྤྱི་ལོ2014ལོར་ཕེ་རྫོང་གི་ཁོངས་གཏོགས་སུ་ཁྲོམ་སྲང་བཞི་ཡོད་པ་སྟེ། ཕེ་ཁྲེང་ཁྲོམ་སྲང་དང་། ཏ་ཐུན་ཁྲོམ་སྲང་། ཧན་ཤིན་ཁྲོམ་སྲང་། ཧན་ཡོན་ཁྲོམ་སྲང་བཅས་དང་། གྲོང་རྡལ་བཅུ་གསུམ་ཡོད་པ་སྟེ། ལུང་ཀུའུ་གྲོང་རྡལ། དབྱང་ཐུན་གྲོང་རྡལ། ཧུའུ་ཀྲའེ་གྲོང་རྡལ། ཝུའུ་ཏོན་གྲོང་རྡལ། ཀྲང་ཀྲོང་གྲོང་རྡལ། ཀྲང་ཀྲའེ་གྲོང་རྡལ། ཅིན་ཨན་གྲོང་རྡལ། ཧོ་ཁོའུ་གྲོང་རྡལ། ཧྥང་ཧྲན་གྲོང་རྡལ། ལུའུ་ལོའུ་གྲོང་རྡལ། ཀྲུའུ་ཀྲའེ་གྲོང་རྡལ། ཨན་གོ་གྲོང་རྡལ་བཅས་ཡིན།

3 ས་བབ་གནས་ཚུལ།

ཕེ་རྫོང་ནི་ཅང་སུའུ་ཞིང་ཆེན་གྱི་ནུབ་བྱང་མཚམས་དང་། ཞུས་ཀྲོའུ་ཡི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཅང་སུའུ་དང་། ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་སུ་གནས། ཧྲན་ཏུང་ཞིང་ཆེན་གྱི་ཝེ་ཧྲན་རྫོང་དང་འབྲེལ་ཡོད། ནུབ་བྱང་ཧྲན་ཏུང་ཞིང་ཆེན་ཡུས་ཐའེ་རྫོང་དང་འབྲེལ་ཡོད། ནུབ་ཕྱོགས་སུ་ཧྥེང་རྫོང་དང་འབྲེལ་ཡོད། ལྷོ་མཚམས་ནི་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་སུས་དང་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ60ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ30ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1576ཡོད།

ཕེ་རྫོང་གི་ས་བབ་ལྷོ་ནུབ་མཐོ་ལ་བྱང་ཤར་དུ་དམའ་ཞིང་། དཔེ་མཚོན་ཅན་གྱི་བདས་བསགས་བདེ་ཐང་གི་རྣམ་པ་ཡིན། ཕེ་རྫོང་གི་ཁོངས་སུ་རི་བོ་མེད་པ་དང་། ས་བབ་ནི་ལྷོ་ནུབ་རྒྱུད་ཀྱི་སྨི41ནས་བྱང་ཤར་རྒྱུད་ཀྱི་སྨི31.5ཡས་མས་ཀྱི་བར་ལ་ཆག་ཡོད།

4 ནམ་ཟླའི་ཆ་རྐྱེན།

ཕེ་རྫོང་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞིའི་དབྱེ་བ་གསལ་བ་དང་། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ། དབྱར་དུས་ཚ་བ་ཆེ་ལ་སྟོན་དུས་གནམ་གཤིས་དྲོ། དཔྱིད་དུས་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚས་ཆུ་ཚོད2307.9ཡིན་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད14.2℃ལྷག་ཙམ་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཀྱིས54%བཟུང་ཡོད། ལོ་རེར་ཆ་སྙོམས་སད་མེད་དུས་ཡུན་ཉིན201ལྷག་གི་རིང་ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི816.4ལྷག་ཙམ་ཡིན།

5 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2018ལོར་ཕེ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར762.62ཀྱི་ཡན་ལ་སླེབས་ནས་ལོ་གོང་མ་ལས3.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་ནས་སྒོར་དུང་ཕྱུར104.11ལ་སླེབས་ཏེ2.0%འཕར་ཡོད། ཐོན་ལས་གཉིས་པའི་རིན་ཐང་འཕར་ནས་སྒོར་དུང་ཕྱུར332.87ལ་སླེབས་ཏེ་ནིང་གི་འདྲ་མཚུངས། ཐོན་ལས་གསུམ་པའི་རིན་ཐང་འཕར་ནས་སྒོར་དུང་ཕྱུར325.64ལ་སླེབས་ཏེ8.5%འཕར་ཡོད། ཐོན་ལས་གྲུབ་ཆ་མུ་ནས་མུ་རུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད།

སྤྱི་ལོ2018ལོར་ཕེ་རྫོང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ(ཐེབས་རྩ་ཚུད་མེད)སྒོར་དུང་ཕྱུར78.86ལ་སླེབས་པ་དེ་ལོ་གོང་མ་ལས10.0%འཕར་ཡོད། དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར56.21ལ་སླེབས་ཏེ་3.0%འཕར་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར103.28ལ་སླེབས་ཏེ15.9%འཕར་ཡོད།     

6 ཆབ་སྲིད་འགོ་ཁྲིད།

རྫོང་ཏང་ཨུའི་ཧྲུའུ་ཅི། ལི་ཧྲུའུ་ཞ།

རྫོང་དཔོན་ཚབ་མ། ཁྲུའུ་སུའུ་ཝེ།


དཔྱད་གཞིའི་ཡིག་ཆ།