ཁྲང་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-03-05 16:03ལ་འགྲུབ།

ཁྲང་ཀྲོའུ་གྲོང་ཁྱེར།

ཁྲང་ཀྲོའུ་གྲོང་ཁྱེར།
ཁྲང་ཀྲོའུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཤིང་། འབྲི་ཆུའི་སྨད་རྒྱུད་ཀྱི་“གསེར་ཟུར་གསུམ་མ”འི་ལྟེ་གནས་ཡིན། བྱང་ཕྱོགས་སུ་འབྲི་ཆུར་ཐུག་ཅིང་། ཤར་ཕྱོགས་སུ་ཐའེ་ཧུའུ་མཚེའུ་ལ་གཏད་ཡོད། ནུབ་ཕྱོགས་སུ་རི་བོ་མའོ་ཧྲན་ལ་བསྙེས་ཡོད་པ་དང་། ལྷོ་ཕྱོགས་སུ་ཐེན་མུའུ་རི་འདབས་ལ་བསྙེས་ཡོད། ཤར་ལྷོ་ནུབ་བྱང་བཅས་སོ་སོར་ཝུའུ་ཞི་དང་། སུའུ་ཀྲོའུ། ཧྲང་ཧའེ། ཀྲེན་ཅང་། ནན་ཅིང། དབྱི་ཞིང་དང་ཁྲང་ཞིང་། ཅིན་ཅང་དང་ཅང་དབྱིན་སོགས་དང་ས་མཚམས་འབྲེལ་ནས་ཆགས་ཡོད། གྲོང་ཁྱེར་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ4375ལྷག་ཙམ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲང་ཀྲོའུ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
常州
ཕྱི་ཡིག་གི་མིང་།
Changzhou City
མིང་གཞན།
ཕི་ལིན། ཝུའུ་ཅེང་། ཀྲུང་ཝུའུ། ལུང་ཁྲེང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆ།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས་ལྔ་དང་རྫོང་གཅིག
སྲིད་གཞུང་སྡོད་གནས།
ཞིན་པེ་ཆུས་ལུང་ཁྲེང་ལམ་ཨང་རྟགས1280པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0519
སྦྲག་སྲིད་ཨང་རྟགས།
213000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ4375
མི་གྲངས།
ཁྲི472.9(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས།)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏D
སྲིད་འཛིན་ཚབ་ཨང་།
320400
GDP
དམངས་སྒོར་དུང་ཕྱུར7400.9(སྤྱི་ལོ2019ལོར།)
གནམ་གྲུའི་ཐང་།
ཁྲང་ཀྲོའུ་པུན་ཉིའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས། ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས་ཤར་མ། ཅི་ཡེ་ཡན་མེ་འཁོར་འབབ་ཚུགས།
1 འཕེལ་རིམ་ལོ་རྒྱུས།

ཁྲང་ཀྲོའུ་ནི་ལོ་ངོ3200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རིག་གནས་གནའ་གྲོང་ཞིག་ཡིན་པ་དང་། ཁྲུན་ཆིའུ་དུས་མཇུག་ཏུ(སྤྱི་ལོའི་སྔོན་གྱི547ལོར)ཝུའུ་ཝང་ཧྲོའུ་མེང་གི་བུ་བཞི་པ་ཅི་ཀྲ་ཞེས་པ་དེ་དབྱི་ཡན་ལིན་དུ་དཔོན་དུ་བསྐོས་པ་ནས་བཟུང་། ལོ་ངོ2500ལྷག་ཙམ་རིང་ལ་ལོ་དང་ས་མིང་གཏན་འཁེལ་བ་ཐུབ་པའི་ལོ་རྒྱུས་ཀྱི་འགོ་ཚུགས། ཞི་ཧན་ཀའོ་ཙུའུ་ཡི་ཁྲི་ལོ་ལྔ་པར(སྤྱི་ལོའི་སྔོན་གྱི202ལོར)ས་ཆ་དེ་ཕི་ལིན་ཞེས་པར་བསྒྱུར། ཞི་ཅིན་ཝུའུ་ཏི་ཐའེ་ཁང་སྲིད་ལོ་གཉིས་པར(སྤྱི་ལོ281ལོ)ཕི་ལིན་ཅུན་དུ་བསྒྱུར། དེ་ནས་བཟུང་ཁྲང་ཀྲོའུ་ཡི་རྒྱལ་རབས་རིམ་བྱུང་ཚང་མ་ཅུན་དང་། ཀྲོའུ། ལམ། ཧྥུ་ཀྲི་ཁང་བཅས་ཡིན་ཞིང་། ཡན་ལིན་དང་། ཕི་ལིན། ཕི་ཐའེ། ཅིན་ལིན། ཁྲང་ཁྲུན། ཚའེ་ཀྲོའུ། ཝུའུ་ཅིན་སོགས་ཀྱི་མིང་ཡང་འདོགས་མྱོང་པ་རེད། སུའེ་ཝུན་ཏི་ཁྲི་ལོ་དགུ་པར་ཁྲང་ཀྲོའུ་ཞེས་པའི་མིང་དེ་དངོས་སུ་བཏགས་པ་དང་དེ་ནས་བཟུང་དེ་ལྟར་དུ་འབོད་པ་བྱུང་།

ཁྲང་ཀྲོའུ་གྲོང་ཁྱེར་ནི་འབྲི་ཆུའི་སྨད་རྒྱུད་ཀྱི་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། དེ་ལ་བྱེ་རྡུལ་བརྩེགས་མ་ཅན་གྱི་བདེ་ཐང་དང་རི་དམའ་དང་མཚོ་འདམ་སོགས་ཀྱང་ཡོད། དེ་ནི་ཚ་ཁུལ་བྱང་མའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས།

ཁྲང་ཀྲོའུ་གྲོང་ཁྱེར་དུ་ཏུན་ཞིན་རྡོ་ཆས་གནའ་ཤུལ་དང་། ཁྲུན་ཆིའུ་ཆུས་ཁྲེང་། ཐེན་ཉིང་དགོན། ཧུང་མའེ་གུར། ཝུན་པི་མཆོད་རྟེན། ཐེང་ཧྭ་མེ་ཏོག་འགྲེམས་སྟོན་ཁང་། ཆུས་ཆིའུ་པའེ་དྲན་གསོ་ཁང་། ཀྲུང་ཧྭ་ཁྱུང་འབྲུག་གླིང་། ཐེན་མུའུ་མཚེའུ། ཅིན་ཐན་མའོ་ཧྲན་མཛེས་ལྗོངས་ཁུལ། རྩེད་མོ་གྲོང་། ཤར་ཕྱོགས་ཡན་ཧུའུ་མཚེའུ་གྲོང་ཁྱེར། ཧྭ་ཞ་པའོ་སྐྱེད་ཚལ་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད་པ་རེད།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཁྲང་ཀྲོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི472.9ལ་སླེབས་པ་དང་ཐེམ་ཐོའི་མི་འབོར་ཁྲི382.2ལ་སླེབས་ཡོད། གྲོང་ཁྱེར་ཁོངས་གཏོགས་སུ་ཆུས་ལྔ་དང་རྫོང་རིམ་པའི་གྲོང་ཁྱེར་གཅིག་ལ་དོ་དམ་བྱེད་བཞིན་ཡོད། ཁྲང་ཀྲོའུ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར7050.3སླེབས་པ་དང་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར149275ལ་སླེབས་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར915.17ལ་སླེབས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ9པའི་བར་དུ། ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཅིན་ཐན་ཆུས་དང་། ཝུའུ་ཅིན་ཆུས། ཞིན་པེ་ཆུས། ཐེན་ཉིང་ཆུས། ཀྲུང་ལོའུ་ཆུས་སོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ལྔ་དང་ལི་དབྱང་གྲོང་ཁྱེར་ཏེ་རྫོང་རིམ་པའི་གྲོང་ཁྱེར་གཅིག་ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཞིན་པེ་ཆུས་ལུང་ཁྲེང་ལམ་ཨང་རྟགས1280པར་ཆགས་ཡོད།

3 ས་བབ་གནས་ཚུལ།

ཁྲང་ཀྲོའུ་གྲོང་ཁྱེར་ནི་འབྲི་ཆུའི་སྨད་རྒྱུད་ཀྱི་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། དེ་ལ་བྱེ་རྡུལ་བརྩེགས་མ་ཅན་གྱི་བདེ་ཐང་དང་རི་མ་ཐང་དང་མཚོ་འདམ་སོགས་ཀྱང་ཡོད། དེའི་ནང་བདེ་ཐང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1672ཡོད་པ་དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི38.22%བཟུང་བ་དང་། རི་མ་ཐང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1088ཡོད་པ་དང་དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི24.86%བཟུང་ཡོད། འབྲི་ཆུ་དང་མཚོ་འདམ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ255ཡོད་པ་དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི5.83%བཟུང་ཡོད། (ཆུ་མཛོད་དང་། རྫིང་རགས། ནང་ཁུལ་གྱི་ཆུ་བོ་སོགས་ཀྱིས་སྤྱིའི་རྒྱ་ཁྱོན་གྱིས16%བཟུང་ཡོད། ) ཞིང་སྐྱོར་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1360ཡོད་པ་དེས་ས་ཁོངས་སྤྱིའི་རྒྱ་ཁྱོན་གྱི31.09%བཟུང་ཡོད།

4 ནམ་ཟླའི་ཆ་རྐྱེན།

ཁྲང་ཀྲོའུ་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། སྐམ་ཞིང་བརླན་གཤེར་ཆེ་བ་དང་། དུས་བཞིའི་དབྱེ་བ་གསལ་ལ། ཆར་ཆུ་འབེལ་བ། སད་མེད་ཀྱི་དུས་ཡུན་རིང་བ་དང་། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད17.5℃ལྷག་ཙམ་དང་། ཟླ་བ་དང་པོའི་དྲོད་ཚད་ནི3.2℃དང་། ཟླ་བ་བདུན་པའི་དྲོད་ཚད་ནི31.1℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1149.7ལྷག་ཙམ་ཡིན་པ་དང་། ཟླ་དང་པོར་ཆ་སྙོམས་ཀྱི་ཧའོ་སྨི42.2ལྷག་ཙམ་དང་ཟླ་བདུན་པར་ཧའོ་སྨི154ལྷག་ཙམ་ཡིན།

ཁྲང་ཀྲོའུ་གྲོང་ཁྱེར་གྱི་ས་ངོས་ཆུ་དང་གྲོང་ཁྱེར་ཁོངས་ཀྱི་ཆུ་ལམ། གཙང་པོ་དང་མཚེའུ་སྦྲེལ་མཐུད་བྱས་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། མངའ་ཁོངས་ནང་དུ་མཚམས་བརྒལ་ཆུ་བོ200ལྷག་ཙམ་ཡོད་པ་དང་། ཆུ་རྫིང3000ལྷག་ཙམ་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ700ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི16%བཟུང་ཡོད།

5 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཁྲང་ཀྲོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི472.9ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི342.8ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད72.5%ཙམ་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི382.2སླེབས་ནས0.9%འཕར་ཡོད། ཐེམ་ཐོའི་མི་འབོར་འཕར་ཚད་ནི8.9‰དང་མི་འབོར་རང་ཤུགས་སུ་འཕར་ཚད1.7‰ལྷག་ཙམ་ཡིན།

6 ཆབ་སྲིད་འགོ་ཁྲིད།

ཁྲང་ཀྲོའུ་གྲོང་ཁྱེར་གྱི་ད་ལྟའི་ཆབ་སྲིད་ཀྱི་གནས་ཚུལ། 

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཆི་ཅ་པིན།

ཧྲི་ཀྲང་བདམ་བྱའི་འོས་མི། ཁྲེན་ཅིན་ཧུའུ་།


དཔྱད་གཞིའི་ཡིག་ཆ།