ཀྲུའུ་ཧྲན་རྫོང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-28 09:33ལ་འགྲུབ།

ཀྲུའུ་ཧྲན་རྫོང་།

ཀྲུའུ་ཧྲན་རྫོང་།
ཀྲུའུ་ཧྲན་རྫོང་ལ་གནའ་དུས་སུ“ཧྲང་ཡུང་རྫོང”ཟེར་ཞིང་། ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་གྲོང་ཁྱེར་ལ་གཏོགས། ཧུའུ་པེ་ནུབ་བྱང་གི་ཆིན་པ་རི་ཁུལ་གྱི་དཀྱིལ་དབུས་སུ་གནས་ཡོད། ཧུའུ་པེའི་ནུབ་བྱང་གི་རི་ཁུལ་དུ་གནས་པ་དང་། བྱང་གི་རི་བོ་ཝུའུ་ཏང་དང་ལྷོ་ཡི་རི་བོ་ཏ་པ་ཡིན། ཤར་ངོས་ཧྥང་རྫོང་དང་། བྱང་མཚམས་དབྱིང་རྫོང་། ནུབ་བྱང་ཧྲའན་ཤིས་ཞིང་ཆེན་པའེ་ཧོ་རྫོང་བཅས་དང་འབྲེལ་ཞིང་། ནུབ་ངོས་ཀྲུའུ་ཤིས་རྫོང་དང་ཧྲའན་ཤིས་སུའེ་དབྱང་རྫོང་དང་འབྲེལ་ཡོད། ལྷོ་ངོས་ཧྲེན་ནུང་ཅ་ནགས་ཁུལ་དང་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཤིས་རྫོང་དང་འབྲེལ་ཡོད། ཝེ་ནུབ་མའི་ཡོན་ཆིན་གྱི་མངའ་ཁོངས་སུ་མའོ་ལིན་ཞིའུ་ཀྲུའུ་དང་རི་བོ་སྔོ་ཞིང་ཆུ་མོ་དྭངས་པས་“ཀྲུའུ་ཧྲན”ཞེས་པར་བསྒྱུར། རྫོང་གྲོང་བྱང་ཤར་ནས་ཧྲི་ཡན་གྲོང་ཁྱེར་གྲོང་ཁུལ་བར་སྤྱི་ལེ158ཡོད་པ་དང་ཤར་ལྷོ་ནས་ཝུའུ་ཧན་གྲོང་ཁྱེར་བར་སྤྱི་ལེ638ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3587.8ཡོད་པ་དང་རི་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་གྱིས80%ཡན་བཟུང་ཡོད། དེའི་ཁོངས་སུ་གྲོང་རྡལ9དང་། ཤང8གྲོང་ཚོ279ཡོད་པ་དང་། སྤྱི་ལོ2016ལོར་མི་འབོར་ཁྲི51ཡོད། རྒྱ་རིགས་དང་། ཧུའེ་རིགས། ཀྲོང་རིགས། སོག་རིགས། མན་ཇུ་རིགས་སོགས་མི་རིགས8ཡོད། སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི869631.38ཟིན་པ་དེ་ལོ་གོང་མ་ལས8.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི208975ཟིན་ནས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི347223.05ཟིན་ནས9.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི313433.33ཟིན་ནས9.0%འཕར་ཡོད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
竹山县
ཕྱི་ཡིག་གི་མིང་།
Zhushan County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ་ཧྲི་ཡན།
མངའ་ཁོངས།
ཁྲེང་ཀོན་དང་། པའོ་ཧྥེང་། སོགས་ཤང་གྲོང17ཡོད།
སྲིད་གཞུང་གནས་ཡུལ།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0719
སྦྲག་སྲིད་ཨང་རྟགས།
442200
གནས་ཡུལ།
ཧྲི་ཡན་གྲོང་ཁྱེར་གྱི་ལྷོ་ནུབ་དང་། ཀྲུའུ་ཞིའི་ཤར་ཕྱོགས། ཧྥང་རྫོང་གི་ནུབ་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3586
ཡུལ་སྐད།
ཅང་ཧོའེ་གཞུང་ཕྱོགས་ཀྱི་སྐད།
མི་འབོར།
མི་ཁྲི51(སྤྱི་ལོ2016ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིའུ་ཧྭ་རི་བོའི་ནགས་ཚལ་སྤྱི་གླིང་། ཧྲི་དབྱང་གི་བཞུགས་གནས་རྙིང་པ་སོགས།
གནམ་ཐང་།
ཧྲི་ཡན་ཝུའུ་ཏང་ཧྲན་གནམ་ཐང་།
རླངས་འཁོར་ཚབ་ཨང་།
ཨོ(鄂)C-6
མེ་འཁོར་འབབ་ཚུགས།
ཧྲི་ཡན་ས་ཚིགས། ཧྲི་ཡན་བྱང་ཚིགས། ཝུའུ་ཏང་ཧྲན་ནུབ་ཚིགས།
སྲིད་འཛིན་དབྱེ་མཚམས་ཚབ་ཨང་།
420323
1 ​ལོ་རྒྱུས་འཕེལ་རིམ།

ཀྲུའུ་ཧྲན་ནི་གནའ་བོའི་རྒྱལ་ཁབ་ཀྱི་གནས་ཡུལ་རྙིང་པ་ཡིན། ཁྲུན་ཆིའུ་ཁྲུའུ་ཡིས་ཡུང་ཅུས་རྫོང་བསྣུབས་ཤིང་། ཆིན་དང་ཧན་རྒྱལ་རབས་ནུབ་མ་གཉིས་ནི་ཧྲང་ཡུང་རྫོང་ཡིན་པ་དང་། ཧན་ཀྲུང་ཅུན་གྱི་ཁོངས་སུ་གཏོགས། ཧན་ཤར་མ་ནས་ནན་ཆི་བར་ནི་ཧྲང་ཡུང་ཅུན་ཡིན། ཝེ་ནུབ་མ་ནི་ཧོང་ཀྲུའུ་ལིན་གྱི་སྨྱུག་མའི་མདོག་སེར་པོ་ཡིན་པས་མིང་ལ་ཀྲུའུ་ཧྲན་ཟེར། ཧྲང་རྒྱལ་རབས་ཀྱི་སྔོན་དུ་ཧན་ཧྲུའེ་ཆུ་བོའི་འབབ་རྒྱུད་ཀྱི་ཚོ་བའི་རྒྱལ་ཁབ་གཙོ་བོ་ཡིན་པས་རྒྱལ་ཁབ་ཐ་ཤལ་བ་ཞེས་འབོད། སྤྱི་ལོའི་སྔོན་གྱི221ལོར(ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར)ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་ཏེ་གནམ་འོག་ཅུན36ལ་བགོས་ཤིང་། ཐ་མལ་དུ་ཧྲང་མིན་རྫོང་བསྐྱར་དུ་བཙུགས་པ་དང་། དེ་ནས་ཧན་ཀྲུང་ཅུན་དུ་བསྒྱུར། ལིའང་ཀྲོའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ552ལོར་ཨན་ཁྲེང་ཀྲུའུ་ཧྲན་དུ་བསྒྱུར། ཀྲོའུ་རྒྱལ་རབས་བྱང་མའི་སྐབས་སུ་ཡུང་རྫོང་དེ་ཁུང་དབྱང་རྫོང་དུ་བསྒྱུར།

སྤྱི་ལོ598ལོར(ཝུན་གོང་མ་ཁའེ་ཧོང་ཁྲི་ལོ་བཅོ་བརྒྱད་པ)ཁུང་དབྱང་རྫོང་དེ་ཧྲང་ཡུང་རྫོང་དུ་བསྒྱུར་བ་དང་། ལུའོ་ཀྲོའུ་དེ་ཧྥང་ཀྲོའུ་རུ་བསྒྱུར་ཞིང་། ཡུང་ཧྲན་དང་ཀྲུའུ་ཧྲན། ཀོང་ཆན། ཡུང་ཆིང་བཅས་རྫོང་བཞི་བླངས།

སྤྱི་ལོ605ལོར(སུའེ་དབྱང་ཏིའི་བྱ་གཞག་ཆེན་པོ་ཁྲི་ལོ་དང་པོར)ཁང་ཀྲོའུ་དེ་ཧྥང་ལིན་ཅུན་དུ་བསྒྱུར་ནས་ཀྲུའུ་ཧྲན་སྐྱོང་།

སྤྱི་ལོ636ལོར(ཐང་ཐའེ་ཙུང་ཀྲེན་ཀོན་ཁྲི་ལོ་བཅུ་བ)ཀྲོའུ་རུ་གནས་སྤོས་ནས་ཧྥང་ཀྲོའུ་བཙུགས་པ་དང་། ཀྲུའུ་ཧྲན་བཅོས་པ། ཧྥང་ལིན་དང་། ཀྲུའུ་ཧྲན། ཡུང་ཆིང་། ཧྲང་ཡུང་བཅས་རྫོང4བླངས་པ་དང་། ལྷོ་ཁའི་ཤར་ལམ་དུ་གཏོགས།

སྤྱི་ལོ742ལོར(ཞོན་ཙུང་ཐེན་པའོ་ཁྲི་ལོར)ཁང་ཀྲོའུ་དེ་ཧྥང་ལིན་ཅུན་དུ་བསྒྱུར། སྤྱི་ལོ758ལོར(སུའུ་ཙུང་ཆན་ཡོན་སྲིད་ལོ་དང་པོར)ཧྥང་ཀྲོའུ་དང་ཀྲུའུ་ཧྲན་གྱི་ཁོངས་སུ་གཏོགས། རྒྱལ་རབས་ལྔ་ཡི་སྐབས་སུ་ཧྲང་ཡུང་དང་ཀྲུའུ་ཧྲན་སྔར་བཞིན་ཧྥང་ཀྲོའུ་རུ་གཏོགས། སུང་རྒྱལ་རབས་ཀྱི་ཐོག་མའི་དུས་སུ་ལམ་ལུགས་རྙིང་བ་དེད།

སྤྱི་ལོ1130ལོར(སུང་རྒྱལ་རབས་ལྷོ་མའི་ཀའོ་ཙུང་ཅན་ཡན་སྲིད་ལོ་བཞི་པར)ཅིན་དང་། ཅོན། ཧྥང་ཀྲོའུ་ཀྲིན་ཧྥུའུ་ཧྲི། ལི་ཀྲོའུ་ལམ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1135ལོར(ཀའོ་ཙུང་ཧྲའོ་ཞིན་སྲིད་ལོ་ལྔ་པར)ལི་ཞང་དབྱང་ལམ་དུ་ཞུགས།

སྤྱི་ལོ1137ལོར(ཧྲའོ་ཞིན་སྲིད་ལོ་བདུན་པར)ཅིན་ཞི་ལྷོ་ལམ་དུ་བསྒྱུར།

སྤྱི་ལོ1141ལོར(ཧྲའོ་ཞིན་སྲིད་ལོ་བཅུ་བར)ཅིན་དང་ཧྥང་། ཏ་ཀྲི་ཧྥུ་བཅས་ལི་ཀྲོའུ་ལམ་དུ་བསྒྱུར། ཧྥང་ཀྲོའུ་ཡིས་ཧྥང་རྫོང་དང་ཀྲུའུ་ཧྲན་རྫོང་གཉིས་བླངས།

སྤྱི་ལོ1342ལོར་ཞང་དབྱང་ལམ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1368ལོར(མིང་ཐའེ་ཙུའུ་ཧུང་ཝུའུ་སྲིད་ལོ་དང་པོར)ཞང་དབྱང་སྲིད་གཞུང་དུ་བསྒྱུར་ཞིང་། ཀྲུའུ་ཧྲན་དང་ཧྥང་རྫོང་། ཧྲང་ཅིན། ཡན་རྫོང་སོགས་ཀྱི་རྫོང་བླངས། སྤྱི་ལོ1374ལོར(ཧུང་ཝུའུ་ཁྲི་ལོ་བདུན་པར)ཞིང་ཆེན་ཀྲུའུ་ཧྲན་ཧྥང་རྫོང་དུ་སླེབས་པ་དང་། ཧུའུ་ཀོང་པུའུ་སྲིད་བློན་སི་ཞང་དབྱང་ཧྥུ་རུ་གཏོགས།

སྤྱི་ལོ1380ལོར(ཧུང་ཝུའུ་སྲིད་ལོ་བཅུ་གསུམ་པར)ཀྲུའུ་ཧྲན་རྫོང་བསྐྱར་དུ་བཙུགས་པ་དང་སྔར་བཞིན་ཞང་དབྱང་ཧྥུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1476ལོར(ཞན་ཙུང་ཁྲེང་ཧྭ་སྲིད་ལོ་བཅུ་གཉིས)ཡོན་དབྱང་ཧྥུའུ་བཙུགས་པ་དང་། ཀྲུའུ་ཧྲན་འདིར་གཏོགས།

སྤྱི་ལོ1664ལོར(ཧྲེང་ཙུའུ་ཁང་ཞི་ཁྲི་ལོ་གསུམ་པར)ཡོན་དབྱང་ཧྥུའུ་ཧུའུ་པེ་པུའུ་སྲིད་བློན་སིའི་ཁོངས་སུ་གཏོགས་པ་དང་། ཧུའེ་རྫོང་དང་། ཡོན་ཞི། ཀྲུའུ་ཞི། ཧྥང་རྫོང་། པའོ་ཁང་བཅས་རྫོང་དྲུག་བླངས།

སྤྱི་ལོ1821ལོར་ཀྲུའུ་ཧྲན་དང་ཀྲུའུ་ཞི། ཧྥང་རྫོང་བཅས་ཀྱི་ནན་ཞང་དུ་པའེ་ཧོ་ཐིན་བཙུགས།

མིན་གོའི་དུས་འགོར་རྒྱལ་ཡོངས་སུ་ཞིང་ཆེན་དང་། ཏའོ། རྫོང་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་ཞིང་། ཀྲུའུ་ཧྲན་ནི་ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ཞང་དབྱང་ཏའོ་ཡིན།

སྤྱི་ལོ1932ལོར(མིན་གོའི་སྲིད་ལོ་ཉེར་གཅིག་པར)ཧུའུ་པེ་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་སྲིད་འཛིན་ལྟ་ཞིབ་ཁུལ་དུ་བསྒྱུར།

སྤྱི་ལོ1949ལོའི་ཟླ་དང་པོར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུའུ་ཧྲན་བཅིངས་འགྲོལ་བཏང་བ་དང་། ཀྲུའུ་ཧྲན་ཧྲའན་ཞིའི་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཧྲུའུ་ཨང་བཞི་པར་གཏོགས་པ་དང་། ཕྱིས་སུ་ཀྲོན་ཧྲུའུ་ཞེས་པར་བསྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུའུ་ཧྲན་ཀྲུང་ནན་སྲིད་འཛིན་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་ཞང་ཡོན་ཟླ་སྒྲིལ་བཏང་ནས་ཞང་དབྱང་ཀྲོན་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1965ལོར་སུའུ་དབྱང་ཀྲོན་ཆུས་བསྐྱར་དུ་བཙུགས། ཀྲུའུ་ཧྲན་ཁོངས་ཀྲི་དབྱང་ཀྲོན་ཆུས་སྲིད་འཛིན་ཀུང་ཧྲུའུ་བཙུགས།

སྤྱི་ལོ1970ལོར་ཀྲོན་ཆུས་དེ་ས་གནས་ཞེས་པར་བསྒྱུར་ཞིང་། ཀྲུའུ་ཧྲན་ཁོངས་ཀྲི་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་བསྒྱུར།

སྤྱི་ལོ1994ལོའི་ཟླ10པར་ཡོན་དབྱང་ས་ཁུལ་དང་ཧྲི་ཡན་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ནས་ཧྲེ་ཡན་གྲོང་ཁྱེར(ས་གནས་རིམ་པ)གསར་པ་བཙུགས་པ་དང་ཀྲུའུ་ཧྲན་རྫོང་ཧྲི་ཡན་གྲོང་ཁྱེར་ཁོངས་སུ་གཏོགས་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོའི་ལོ་མཇུག་བར་ཀྲུའུ་ཧྲན་རྫོང་ཁོངས་སུ་གྲོང་རྡལ9དང་ཤང8ཡོད་པ་དང་ཁྱོན་གྲོང་མི་ཨུ་ལྷན19དང་གྲོང་ཚོ་ཨུ་ལྷན279ཡོད་པ་རེད། སྤྱིའི་མི་འབོར417081 རྒྱ་རིགས་དང་། ཧུའེ་རིགས། ཀྲོང་རིགས། སོག་རིགས། མན་ཇུ་རིགས་སོགས་མི་རིགས8ཡོད། དེའི་ཁོངས་སུ་གྲོང་རྡལ9དང་ཤང8དང་གྲོང་ཚོ8ཡོད།

མི་གྲངས་དང་མི་རིགས།      མི་གྲངས།     སྤྱི་ལོ2014ལོའི་བར་ཀྲུའུ་ཧྲན་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི14.9ཟིན་པ་དང་། ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི46.7ཟིན། སྐྱེས་པའི་མི་འབོར255090ཟིན་པ། བུད་མེད་ཀྱི་མི་འབོར209705ཟིན་པ། རྒྱུན་སྡོད་མི་འབོར་ཁྲི41.29ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད35.82%ཡིན། མི་འབོར་སྐྱེ་ཚད་སྟོང་ཆའི12.23དང་། མི་འབོར་ཤི་ཚད་སྟོང་ཆའི6.12 མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི6.11ཡིན།      མི་རིགས།      ཀྲུའུ་ཧྲན་རྫོང་ལ་རྒྱ་རིགས་དང་། ཧུའེ་རིགས། ཀྲོང་རིགས། སོག་རིགས། མན་ཇུ་རིགས་སོགས་མི་རིགས8ཡོད། 

3 ས་ཁམས་ཁོར་ཡུག      
3_1 གནས་སའི་ཡུལ་ཁོངས།     

ཀྲུའུ་ཧྲན་རྫོང་ནི་ཧུའུ་པེ་ཞིང་ཆེན་ནུབ་བྱང་གི་ཆིན་པ་རི་ཁུལ་གྱི་དབུས་ཁུལ་དུ་གནས་ཡོད། ཤར་ངོས་ཧྥང་རྫོང་དང་། བྱང་མཚམས་དབྱིང་རྫོང་། ནུབ་བྱང་ཧྲའན་ཤིས་ཞིང་ཆེན་པའེ་ཧོ་རྫོང་བཅས་དང་འབྲེལ་ཞིང་། ནུབ་ངོས་ཀྲུའུ་ཤིས་རྫོང་དང་ཧྲའན་ཤིས་སུའེ་དབྱང་རྫོང་དང་འབྲེལ་བ། ལྷོ་ངོས་ལྷ་སྒྲོམ་ནགས་ཁུལ་དང་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཤིས་རྫོང་དང་འབྲེལ་ཡོད། ཧུའུ་པེའི་ནུབ་བྱང་གི་རི་ཁུལ་དུ་གནས་པ་དང་། བྱང་གི་རི་བོ་ཝུའུ་ཏང་དང་ལྷོ་ཡི་རི་བོ་ཏ་པ་ཡིན། ཀྲུའུ་ཧྲན་རྫོང་གིས་ཤར་གྱི་གཞུང་ཐིག109°32—110°25’བར་དང་བྱང་གི་འཕྲེད་ཐིག31°30’— 32°37’བར་བརྒལ་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་འཕྲེད་ཐག་ཆེ་ཤོས་སྤྱི་ལེ81.8དང་ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་སྤྱི་ལེ123.5ཟིན་ཡོད།      

3_2 ནམ་ཟླ།    

ཀྲུའུ་ཧྲན་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དྲོད་རྒྱུད་བྱང་མའི་ཁོངས་སུ་གཏོགས། འོན་ཀྱང་ཧན་ཅང་གཙང་པོ་དང་། འགག་ཆུའི་གཞོང་ས་དང་། དྲོད་ཚད་མཐོ་བའི་ཁུལ་དང་། ཚ་ཚད་ཅུང་འདང་ངེས་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད10.2℃ནས15.6℃བར་དང་། ཆེས་འཁྱག་པའི་ཟླ་ནི་ཟླ1པོ་ཡིན་པ་དང་དྲོད་ཚད-1.9℃ནས3.1℃ཡིན། ཆེས་དམའ་བའི་དྲོད་ཚད-9.9℃(1956ལོའི་ཟླ1ཚེས21ཉིན)ཡིན། ཚ་བ་ཆེ་ཤོས་ཀྱི་དུས་ནི་ཟླ7པ་ཡིན་ལ་དྲོད་ཚད21.7℃ནས27.7℃བར་དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས43.4℃(སྤྱི་ལོ1966ལོའི་ཟླ7པའི་ཚེས20ཉིན)ཡིན་པས་ཞིང་ཆེན་དེ་ཡོངས་ཀྱི་དྲོད་ཚད་མཐོ་ཤོས་ཡིན། ཉི་འོད་ཕོག་ཚད་ལོ་རེར་ཆ་སྙོམས་ཆུ་ཚོད1650.4ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི905.2ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད་ནི73%ཡིན། 

4 དཔལ་འབྱོར།   

སྤྱི་ལོ2014ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི741853.58ཟིན་པའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི190758དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི299023.84 ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི252071.74བཅས་ཡོད་པ་རེད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི25.7:40.3:34ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར17967ཟིན་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར་དང་དེ་བཞིན་སྦྲག་སྲིད་ལས་རིགས9.9%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས9.9%འཕར་བ། ཞག་སྡོད་དང་བཟའ་བཏུང་ལས་རིགས5.7%འཕར་བ། དངུལ་རྩའི་འགན་བཅོལ་ལས་རིགས24.1%འཕར་བ། ས་ཁང་ཐོན་ལས37.6%འཕར་བ། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས8.9%འཕར་བ། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས7.0%འཕར་བ་བཅས་རེད། 

5 སྤྱི་ཚོགས་ལས་དོན།   
5_1    འགྲིམ་འགྲུལ།    

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ4880.86ཟིན་པའི་ནང་རྒྱལ་ལམ་སྤྱི་ལེ239.69དང་། ཞིང་ཆེན་གྱི་གཞུང་ལམ་སྤྱི་ལེ287.38 རྫོང་གི་གཞུང་ལམ་སྤྱི་ལེ438དང་། ཤང་གི་གཞུང་ལམ་སྤྱི་ལེ1010.14 གྲོང་ཚོའི་གཞུང་ལམ་སྤྱི་ལེ2905.64བཅས་ཡོད་པ་རེད། གྲོང་གསེབ་ཏུ་གཞུང་ལམ་ཤར་གཏོང་ཐུབ་པའི་སྲིད་འཛིན་གྲོང་ཚོའི་བསྡུར་ཚད100%ཟིན་ཡོད།  སློབ་གསོ་དང་རིག་གནས།      སྤྱི་ལོ2017ལོར་རྫོང་ཡོངས་སུ་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ6632ཡོད་པའི་ནང་འབྲིང་རིམ་ལག་རྩལ་གྱི་གོ་མིང་ཡན་གྱི་མི3418དང་ཞིང་ལས་ལག་རྩལ་མི་སྣ238ཡོད་པ་རེད།      སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་རིགས་ཁག་གི་སློབ་གྲྭ168དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ46609ཡོད་པ་རེད། དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ1381ཡོད་པ་དང་། སློབ་འབྲིང་དཀྱུས་མ23དང་སློབ་མ17059ཡོད་པ། སློབ་ཆུང143དང་སློབ་གྲྭར་ཡོད་པའི་སློབ་མ28169ཡོད། ཆེད་ལས་དགེ་རྒན་སྣ་ཚོགས3310ཡོད། དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན114དང་། སློབ་འབྲིང་དགེ་རྒན1793 སློབ་ཆུང་དགེ་རྒན1403བཅས་ཡོད། རྫོང་དེ་ཡོངས་ལ་བུ་བཅོལ་ཁང45ཡོད་པ་དང་བུ་བཅོལ་ཁང་གི་བྱིས་པ11854ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད95%ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་ལེགས་སྒྲུབ་ཐུབ་ཚད99.7%ཟིན་པ་བཅས་རེད།      སྤྱི་ལོ2017ལོར་རྫོང་ཡོངས་སུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1ཡོད་པ་དང་། སྤྱི་པའི་དཔེ་མཛོད་ཁང1དང་དཔེ་དེབ་ཁྲི6.05ཉར་ཚགས་བྱས་པ། རླུང་འཕྲིན་ཁྱབ་ཚད98.1%དང་བརྙན་འཕྲིན་ཁྱབ་ཚད་99.5%ཟིན་ཡོད། 

5_2 འཕྲོད་བསྟེན།    

སྤྱི་ལོ2017ལོར་རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི279ཡོད་པའི་ནང་སྨན་ཁང6དང་། འཕྲོད་བསྟེན་ཁང17 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མ་བུ་འཕྲོད་སྦྱོར་སྨན་ཁང1བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ2365ཡོད་པའི་ནང་ལས་གཉེར་སྨན་པ829དང་། ནད་གཡོག867 སྤྱི་པའི་འཕྲོད་བསྟེན་མི་སྣ125བཅས་ཡོད། ནད་ཁྲི2249ཡོད་པའི་ནང་སྨན་ཁང1450དང་འཕྲོད་བསྟེན་ཁང799ཡོད། 

5_3 ཐོབ་པའི་མཚན་སྙན།  

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཀྲུའུ་ཧྲན་རྫོང་དེ“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་མིང་ཐོའི”ནང་བདམས་པ་རེད།      རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་ཁག་གཉིས་པ། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། རྫོང་།