ཞིན་དབྱི་གྲོང་ཁྱེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-03-24 08:50ལ་འགྲུབ།

ཞིན་དབྱི་གྲོང་ཁྱེར།

ཞིན་དབྱི་གྲོང་ཁྱེར།
ཞིན་དབྱི་ཞེས་པ་ནི“ཞིན”ཞེས་བསྡུས་ཡོད་ཅིང་། གནའ་བོའི་མིང་ལ་ཀྲུང་ཝུའུ་ཟེར། དེ་ནི་ཧྭ་བྱང་བདེ་ཐང་གི་ལྷོ་སྣེ་དང་ཅང་སུའུ་ཞིང་ཆེན་གྱི་བྱང་རྒྱུད། སུའུ་ལེན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་གནས་པའི་གྲོང་ཁྱེར་ཞིག་ཡིན། ཞིན་དབྱི་ནི་ཤར་གྱི་ལུང་ཧའེ་གྲོང་རྡལ་གྱི་ལྟེ་བའི་གྲོང་ཁྱེར་དང་། ཅང་སུའུ་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན། གསར་དར་གྱི་བཟོ་ལས་དང་ཚོང་དོན་ཡུལ་སྐོར་གྲོང་ཁྱེར་བཅས་ཡིན། བྱང་དུ་ཧྲན་ཏུང་གི་ཡན་ཁྲེང་དང་འབྲེལ་ཞིང་། ལྷོ་རུ་དབྱི་ཧོ་གཙང་པོ་དང་ལུའོ་མ་མཚེའུ། སུའུ་ཆན་བཅས་ཀྱིས་བར་ལ་ཕན་ཚུན་འགྲོ་འོང་བྱེད་ཐུབ་པ་དང་། ནུབ་ཏུ་དབྱི་ཀྲོའུ་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་ལ། ཤར་དུ་ཏུང་ཧའེ་དང་དབྱི་དབྱང་ལ་འབྲེལ་ཡོད་ཅིང་། ཅང་སུའུ་ཡི“བྱང་སྒོ་ཆེན་མོ”ཞེས་པའི་མིང་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
新沂站、新沂南站、新沂西站
རྒྱ་ཡིག་གི་མིང་།
新沂
ཕྱི་ཡིག་གི་མིང་།
Xinyi
མིང་གཞན།
ཀྲུང་ཝུའུ། སི་ཝུའུ།
སྲིད་འཛིན་ཁོངས་གཏོགས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆའི་ཅང་སུའུ་ཞུས་ཀྲོའུ་ས་ཁུལ།
མངའ་ཁོངས།
ཁྲོམ་སྲང་བཞི་དང་གྲོང་རྡལ་བཅུ་གསུམ།
སྲིད་གཞུང་སྡོད་གནས།
གྲོང་ཁྱེར་ལམ་གྱི་ཨང་རྟགས37པ།
ས་ཁོངས་ཁ་པར་ཨང་རྟགས།
0516(+86)
སྦྲག་སྲིད་ཨང་རྟགས།
221400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ
མི་གྲངས།
ཁྲི(སྤྱི་ལོ2018ལོར།)
ཡུལ་སྐད།
ཞིན་དབྱིའི་སྐད།
ནམ་ཟླ།
དྲོད་ཁུལ་དུས་རླུང་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
སྲིད་འཛིན་ཚབ་ཨང་།
320381
GDP 
དམངས་སྒོར653.33(སྤྱི་ལོ2018ལོར།)
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་། ཞུས་ཀྲོའུ་ཞིན་དབྱི་ཡོངས་སྤྱོད་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཞིན་དབྱི་མེ་འཁོར་འབབ་ཚུགས། ཞིན་དབྱི་མེ་འཁོར་འབབ་ཚུགས་ལྷོ་མ། ཞིན་དབྱི་མེ་འཁོར་འབབ་ཚུགས་ནུབ་མ།
1 འཕེལ་རིམ་ལོ་རྒྱུས།

ཞིན་དབྱི་ལ་ཡུན་རིང་བའི་ལོ་རྒྱུས་ལྡན་པ་སྟེ། ལོ་ཁྲི་གཅིག་གོང་ནས་བཟུང་བའི་རྡོ་ཆས་སྤྱོད་པའི་དུས་རབས་སུ་ས་དེར་མིའི་རིགས་འཚོ་སྡོད་ཀྱི་རྗེས་ཤུལ་ཡོད།

ལོ་ངོ5000ལྷག་ཙམ་གྱི་གོང་དུ། སྐད་གྲགས་ཅན་གྱི་མེ་ཏོག་ཚོམས་ཆེན་གྱི་གནའ་བོའི་རིག་གནས་དེ་མཛེས་སྡུག་ཕུན་སུམ་ཚོགས་པའི་ས་ཆ་དེའི་ཐོག་ཏུ་ཐོག་མར་བྱུང་བ་དང་། དེ་ནི་བྱང་ཕྱོགས་ཏ་དབུན་ཁོའུ་རིག་གནས་དང་ལྷོ་ཕྱོགས་ལང་ཀྲུའུ་རིག་གནས་གཉིས་བརྗེ་རེས་མཉམ་འདྲེས་ཀྱི་ས་ཁོངས་གལ་ཆེན་ཞིག་རེད།

ཀྲོའུ་ཤར་མའི་དུས་སྐབས་སུ། འདི་ནི་ཝུའུ་ཙི་རིམ་གྱི་མཚན་ཐོབ་ས་ཁུལ་ཡིན་ཞིང་། དེའི་མིང་ལ“ཀྲུང་ཝུའུ་རྒྱལ་ཁབ”ཅེས་འབོད།

ཆིན་རྒྱལ་རབས་ཀྱི་སྐབས་སུ་ཅེང་སི་ཝུའུ་དང་ཅེང་ལེང་རྫོང་གཉིས་བཙུགས།

ཧན་རྒྱལ་རབས་ཤར་མའི་སྐབས་སུ་སླར་ཡང་སི་ཝུའུ་རྫོང་དུ་བསྒྱུར།

རྒྱལ་རབས་ལྷོ་མ་དང་བྱང་མའི་སྐབས་སུ་སི་ཝུའུ་རྫོང་དེ་མེད་པར་བཟོས་ནས་ས་ཆ་དེ་སུའུ་ཡུས་རྫོང་གི་ཁོངས་སུ་བསྡུས།

ཐང་ཏའེ་ཙུང་ཁྲི་ལོ་དང་པོར(སྤྱི་ལོ762ལོར)སུའུ་ཡུས་རྫོང་ལ་སུའུ་ཆན་རྫོང་ཞེས་འབོད་ཅིང་། ཞུས་ཀྲོའུ་ཕེང་ཁྲེང་ཅུན་གྱི་ཁོངས་སུ་གཏོགས།

རྒྱལ་རབས་ལྔའི་སྐབས་སུ་ཐང་རྒྱལ་རབས་ཀྱི་ཁོངས་གཏོགས་འབྲེལ་བ་དང་གཅིག་མཚུངས་ཡིན།

སུང་རྒྱལ་རབས་ཀྱི་ཁོངས་ཧོ་ཏུང་ལམ་གྱི་ཧོའེ་དབྱིན་དམག་གི་སུའེ་ཀྲོའུ་ཅུན་གྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཅིན་ཏུང་ལམ་གྱི་ཧོའེ་དབྱང་དམག་གི་ཁོངས་སུ་གཏོགས་པ་རེད།

ཡོན་མིང་ཆིང་བཅས་ཀྱི་དུས་སྐབས་སུ་ཧོའེ་ཨན་ཧྥུ་སྒར་གྱི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་ལོ་འགོར་འབྲི་ཆུའི་ལྷོ་རྒྱུད་ཞིང་ཆེན་གྱི་ཆ་ཤས་ཤིག་ཏུ་གཏོགས་པ་ཡིན།

ཁང་ཞི་ཁྲི་ལོ་དྲུག་པར(སྤྱི་ལོ1667ལོར)ཅང་ནན་ཞིང་ཆེན་དེ་ཅང་སུའུ་དང་ཨན་ཧུའེ་ཞིང་ཆེན་གཉིས་སུ་བགོས་ཤིང་། ཅང་སུའུ་ཞིང་ཆེན་གྱི་ཧོའེ་ཨན་ཧྥུ་སྒར་ཏུ་གཏོགས་པར་གཏན་ཁེལ་བྱས།

ཆིང་རྒྱལ་རབས་ཀྱི་དུས་འགོར་མིང་ལ་ཞུས་ཀྲོའུ་རུ་བསྒྱུར།

ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས་ནས་ཀྲོའུ་ཧྥུའུ་ལམ་ལུགས་མེད་པར་བཟོས་པ་དང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་སུ་གཏོགས་ཤིང་། རྗེས་སུ་ཧོའེ་དབྱིན་ཆེད་ཧྲུའུ་ཡི་ཁོངས་སུ་བཅུགས་པ་རེད།

མི་དམངས་ཀྱི་གསར་བརྗེའི་འཐབ་རྩོད་ཁྲོད་བཙུགས་པའི་སུའུ་རྫོང་དང་སུའུ་ཆན་རྫོང་ནི་ཧྭ་ཀྲུང་དམག་ཁུལ་གྱི་ཡན་ལག་དམག་ཁུལ་དྲུག་པས་འགོ་ཁྲིད་བྱས་ཤིང་། ཧོའེ་ཧའེ་ཁུལ་དུ་གཏོགས་པར་བྱས།

བཅིངས་འགྲོལ་བཏང་རྗེས་སྔར་བཞིན་ཧོའེ་དབྱིན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་སྔའི་སུའུ་ཆན་བྱང་རྒྱུད་ཀྱི་དབྱི་ཧོ་ཆུ་བོའི་བྱང་ངོས་སུ་སུའེ་པེ་རྫོང(ད་ལྟའི་ཞིན་དབྱི་གྲོང་ཁྱེར)དུ་ལོག་པ་དང་སུའུ་ཆན་རྫོང་གི་གཞི་ཁྱོན་དེ་སྔོན་ལས་ཆུང་དུ་ཕྱིན་ཡོད། སྤྱི་ལོ1940ལོའི་ཟླ8པའི་བར་དུ། འཇར་འགོག་དམག་འཁྲུག་གི་གནས་བབ་ཀྱི་དགོས་མཁོ་དང་བསྟུན་ཆེད། ཐུང་དབྱང་གི་མངའ་ཁོངས་སུ་དབྱིན(དབྱང)སུའུ(ཆན)ཧའེ(ཏུང་ཧའེ)མཉམ་འགོག་དོན་གཅོད་ཁང་བཙུགས།

སྤྱི་ལོ1942ལོའི་ཟླ4པར་ཅང་སུའུ་བྱང་རྒྱུད་དོན་གཅོད་ཁང་བཙུགས།

སྤྱི་ལོ1943ལོའི་ཟླ8པ་ནས་ཟླ9པའི་བར། སོ་སོར་ཐུང་དབྱང་དང་སུའུ་པེ་རྫོང་གཉིས་ལ་དབྱེ་ཞིབ་བྱས།

སྤྱི་ལོ1949ལོར་པེ་རྫོང་གི་ས་ཁུལ་མང་ཆེ་བ་དང་ཐུང་དབྱང་གི་ཆུས་ལྔ(ཡན་ཅི་དང་དབྱིན་ཕིན། མིའོ་ཐོའུ་སོགས་སྔར་བཞིན་ཧུའུ་དབྱང་རྫོང་གི་དོ་དམ་ཁོངས་སུ་གཏོགས)མཉམ་འབྲེལ་བྱས་ནས་ཞིན་ཨན་རྫོང་བཙུགས་པ་དང་། སུའུ་པེ་སྲིད་འཛིན་ས་ཁུལ་གྱི་ཧོའེ་དབྱིན་ཀྲོན་ཆུས་སུ་གཏོགས། ཕྱིས་སུ་ཧོ་ནན་ཞིང་ཆེན་ཞིན་ཨན་རྫོང་གི་མིང་དང་གཅིག་མཚུངས་སུ་གྱུར་པས། སྤྱི་ལོ1952ལོར་སྲིད་དོན་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས། མིང་ལ་ཞིན་དབྱི་རྫོང་ཞེས་བཏགས། (མངའ་ཁོངས་སུ་ཞིན་དབྱི་ཆུ་བོ་ཞེས་པའི་ཆུ་བོ་ཞིག་བཞུར་བཞིན་ཡོད་པས་མིང་ལའང་དེ་ལྟར་དུ་བཏགས། )

སྤྱི་ལོ1953ལོའི་རྗེས་ནས། ཞིན་དབྱི་ནི་ཧོའེ་དབྱིན་ཀྲོན་ཆུས་ནས་ཞུས་ཀྲོའུ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག

སྤྱི་ལོ1983ལོའི་ཟླ3པར། ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་ཞིང་། ཞིན་དབྱི་ནི་ཞུས་ཀྲོའུ་རྫོང་དྲུག་གི་གྲས་ཤིག་ཏུ་གྱུར། སྲིད་གཞུང་དེ་ཞིན་ཨན་གྲོང་རྡལ་དུ་བཙུགས།

སྤྱི་ལོ1990ལོའི་ཟླ2པར། རྫོང་དེ་བཅོས་ནས་གྲོང་ཁྱེར་བསྒྱུར་པ་དང་། ཞིན་དབྱི་ཡི་ཁོངས་སུ་ཤང་དང་གྲོང་རྡལ་ཉེར་དྲུག་ཡོད་པ་རེད།

སྤྱི་ལོ1998ལོར། ཞིན་དབྱིའི་གྲོང་ཁྱེར་འབྲིང་གྲས་ཀྱི་འཆར་འགོད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཆོག་མཆན་ཐོབ།

སྤྱི་ལོ2015ལོའི་ཟླ3པར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས《གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་བརྡ་ཐོ》བཏང་ནས་ཞིན་དབྱི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་དུ་བདམས་པ་རེད།

2 ཆབ་སྲིད་ཁོངས་བགོས།

སྤྱི་ལོ1990ལོའི་ཟླ2པར། ཞིན་དབྱི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཤང་དང་གྲོང་རྡལ་ཉེར་དྲུག་ཡོད་པ་དང་། སྤྱི་ལོ1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིན་དབྱི་གྲོང་ཁྱེར་གྱི་གྲོང་ཁྱེར་འབྲིང་གྲས་ཀྱི་འཆར་གཞིར་ཆོག་མཆན་བཀོད་དེ། སྤྱི་ལོ2005ལོའི་ལོ་མཇུག་བར་དུ། ཆུས་དབྱེ་ལེགས་སྒྲིག་བྱས་རྗེས་ཞིན་དབྱི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ་བཅུ་དྲུག་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་ང་གསུམ། སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་བཅུ་གཅིག གསར་སྤེལ་ཁུལ་གཉིས། མ་ལིན་རི་བོའི་མཛེས་ལྗོངས་ཁུལ་གྱི་དོ་དམ་ཁྲུའུ་བཅས་ཡོད།

སྤྱི་ལོ2013ལོའི་ཟླ9པར། ཞིན་དབྱི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཝ་ཡའོ་གྲོང་རྡལ་དང་། ཚའོ་ཆའོ་གྲོང་རྡལ། ཡའོ་ཝན་གྲོང་རྡལ། མ་ལིན་ཧྲན་གྲོང་རྡལ། ཧྲའོ་ཏན་གྲོང་རྡལ། ཀའོ་ལིའུ་གྲོང་རྡལ། ཧྲོང་ཐང་གྲོང་རྡལ། གྲུ་ཁའི་གྲོང་རྡལ། ཧོ་ཀོའུ་གྲོང་རྡལ། ཆི་ཕན་གྲོང་རྡལ། ཞིན་ཏེན་གྲོང་རྡལ། ཧྲི་ཅི་གྲོང་རྡལ། ཨ་ཧུའུ་གྲོང་རྡལ། བཅས་གྲོང་རྡལ་བཅུ་གསུམ།   ཞིན་ཨན་ཁྲོམ་སྲང་། སྨར་ཁམས་ཁྲོམ་སྲང་། པེ་ཀོའུ་ཁྲོམ་སྲང་། ཐང་ཏེན་ཁྲོམ་སྲང་བཅས་ཁྲོམ་སྲང་དོན་གཅོད་ཁྲུའུ་བཞི།  ཅང་སུའུ་ཞིན་དབྱི་དཔལ་འབྱོར་གསར་སྤེལ་ཁུལ་དང་ཞི་ཞིན་མཐོ་རིམ་གསར་སྤེལ་ཁུལ་བཅས་གསར་སྤེལ་ཁུལ་གཉིས་ཡོད་པ་རེད།

3 འཛུགས་སྐྲུན་འབྲས་བཟང་།

སྤྱི་ལོ2015ལོའི་ཟླ3པར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་བརྡ་ཐོ》བཏང་ནས་ཞིན་དབྱི་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆུང་འབྲིང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་དུ་གྱུར་ཡོད། སྤྱི་ལོ2019ལོའི་ཟླ3པར། སྐོར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ས་ཁུལ་གྱི་རྫོང་གི་མིང་ཐོའི་ནང་ཚུད་པ་རེད། སྤྱི་ལོ2019ལོར། ཞིན་དབྱི་ནི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང58པ་དང་། དཔལ་འབྱོར་འགྲན་རྩོད་ནུས་པའི་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང63པ། རྒྱལ་ཡོངས་ཀྱི་མ་རྐང་འཇོག་པའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང69པ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང48པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང71པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང53པ། རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་ཨང69པ་བཅས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། 

4 མི་འབོར་གནས་ཚུལ། 
4_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཞིན་དབྱི་གྲོང་ཁྱེར་དུ་རྒྱུན་སྡོད་མི་འབོར་ཁྲི91.19ཡོད་པ་དེ་དུས་མཚུངས་ལས0.2%མར་ཆག་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི51.16ལ་སླེབས་པ་དེ་དུས་མཚུངས་ལས2.3%ཡར་འཕར་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱིས56.1%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.36གིས་མཐོ་རུ་ཕྱིན་ཡོད། 

4_2 མི་རིགས།

ཤིན་དབྱི་གྲོང་ཁྱེར་ནི་གྲངས་ཉུང་མི་རིགས་ཁ་ཐོར་དང་འདྲེས་སྡོད་ཁུལ་ཞིག་ཡིན་པ་དང་སྤྱི་ལོ2015ལོར་ཤིན་དབྱི་ལ་གྲངས་ཉུང་མི་རིགས21ཡོད་པ་དང་། ཁྱོན་དུད་ཚང677དང་མི་གྲངས1133ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.0012%བཟུང་ཡོད། གྲོང་རྡལ16ཏུ་ཁ་ཐོར་ངང་གནས་སྡོད་བྱས་ཡོད། ཞིན་དབྱི་གྲངས་ཉུང་མི་རིགས་ནི་གཙོ་བོ་ཧུའེ་རིགས(མི་གྲངས723)ཡིན་པ་དང་། དེས་གྲོང་ཁྱེར་ཡོངས་ཀྱི་གྲངས་ཉུང་མི་རིགས་སྤྱིའི་མི་འབོར་གྱི71%བཟུང་ཡོད། གྲངས་ཉུང་མི་རིགས་གཞན་དག་མང་ཆེ་བ་ནི་ཡུན་ནན་དང་། ཀུའེ་ཀྲོའུ། སི་ཁྲོན་སོགས་ས་ཁུལ་ནས་གཉེན་སྒྲིག་བྱས་པའི་བུད་མེད་དང་། གནས་སྤོས་དུད་ཚང་། དེ་བཞིན་གསར་དུ་ལས་ཞུགས་བྱེད་མཁན་བཅས་རེད། 

5 འགོ་ཁྲིད་གནས་ཚུལ།    

ཞིན་དབྱི་གྲོང་ཁྱེར་གྱི་ད་ལྟའི་འགོ་ཁྲིད་གནས་ཚུལ།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།  ཀའོ་ཧྲན།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲང་ཁྲང་ཀྲེང་།

གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཁྲེན་ཐང་ཆིན། 

ཧྲི་ཀྲང་གཞོན་པ། ཀྲོའུ་ཧྲུའུ་པིང་། ཡོན་ཁྲུན་རྨིན། མ་ལིན། ཀའོ་གཡོད། ཀྲང་ཧན་རུང་། ཅིན་ཅང་ཧུང་། ཝང་ཅིང་ཁྲེང་། (ལས་ཁུར) ཧན་ཅན་ཀྲུང་། (ལས་ཁུར) དབྱང་ཡུང་། (གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མི) 

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲེང་ཡན་ཧྥང་།

6 ཕྱོགས་བསྡུས་དཔལ་འབྱོར།

སྤྱི་ལོ2018ལོར་ཞིན་དབྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར653.32ལ་སླེབས་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར73.82ལ་སླེབས་ནས2.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར261.91ལ་སླེབས་ནས0.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར317.59ལ་སླེབས་ནས8.0%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར71644ལ་སླེབས་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་དེའི་དངུལ་བརྗེས་འཛའ་ཐང་ལྟར་ཨ་སྒོར10420ལ་ཕབ་རྩིས་བརྒྱབ་ཡོད།

སྤྱི་ལོ2018ལོར་ཞིན་དབྱི་ཡི་ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི་11.3:40.1:48.6ཡིན་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་GDPཡི་བསྡུར་ཚད་བཟུང་ཚད48.6%ལ་སླེབས་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.4ཡིས་མཐོ་རུ་ཕྱིན་པ་དང་བསྡུར་ཚད་དེ་ཞུས་ཀྲོའུ་ཡི་རྫོང(གྲོང་ཁྱེར)ལྔའི་ཆུས་གཉིས་པའི་ཁྲོད་མཐོ་ཤོས་ཡིན་པ་རེད། དེའི་ནང་དངུལ་རྩའི་ལས་རིགས་དང་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སོགས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སོ་སོར11.5%དང27.2%ནས་འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས33གསར་དུ་འཕར་སྣོན་བྱུང་བ་དང་། ལག་རྩལ་མཐོ་གསར་གྱི་ཁེ་ལས28གསར་དུ་འཕར་སྣོན་བྱུང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས10.2%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད30.8%བཟུང་བ་དང་འཕར་ཚད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་བརྒྱ་ཆའི་གྲངས19.1གིས་མགྱོགས་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་བཟུང་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.7གྱིས་འཕར་ཡོད།

སྤྱི་ལོ2018ལོར་ཞིན་དབྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས3.1%འཕར་བའི་ནང་བཟོ་ལས་མ་འཇོག་དུས་མཚུངས་ལས4.4%འཕར་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྒྱ་ཆའི་གྲངས1.3ལས་མགྱོགས་པ་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས567ཡོད་པ་དང་མ་འཇོག་བསྡོམས་འབོར16.6%འཕར་བ་དེའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས477ཡོད་པ་དང་མ་འཇོག་བསྡོམས་འབོར24.8%འཕར་ཡོད།

སྤྱི་ལོ2018ལོར་ཞིན་དབྱི་རུ་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར52.38སླེབས་པ་དེ་དུས་མཚུངས་ལས10.1%འཕར་བ་དང་། ནོར་སྲིད་ཀྱིས་དམངས་འཚོར་སྤྱད་པའི་གཏོང་སྒོ་སྒོར་དུང་ཕྱུར83.43ལ་སླེབས་པ་དེ་དུས་མཚུངས་ལས4.2%འཕར་བ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་བསྡུར་ཚད་ཀྱི83.8%བཟུང་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར41.75ལ་སླེབས་ནས27.0%འཕར་བ་དང་། འཕར་ཚད་སྤྱི་ལོ2017ལོའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས39.8འཕར་ཡོད། ཁྲལ་འབབ་ཀྱིས79.7%བཟུང་བ་དང་། ཁྲལ་རིགས་གཙོ་བོའི་ཁྲོད་ཀྱི་གནས་ཐང་འཕར་ཁྲལ་ཁྲོད་ཀྱི་སྒོར་དུང་ཕྱུར15.67བཟུང་པ་དེ་སྤྱི་ལོ2017ལོའི་དུས་མཚུངས་དང་བསྡུར་ན52.1%འཕར་བ་དང་། ཁེ་ལས་ཀྱི་ཐོབ་ཁྲལ14.5% སྒེར་འབབ་དཔྱ་ཁྲལ490.7%  ཁང་ཁྲལ99.5%འཕར་བ་བཅས་རེད།

སྤྱི་ལོ2019ལོར་ཞིན་དབྱི་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང58པ་དང་། དཔལ་འབྱོར་འགྲན་རྩོད་ནུས་པའི་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང63པ། རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང69པ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང48པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང71པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང53པ། རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་རྒྱའི་ཨང69པ་བཅས་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། ཅང་སུའུ། རིག་གནས། མི་རིགས།