ཞི་སའེ་ཧྲན་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-27 15:49ལ་འགྲུབ།

ཞི་སའེ་ཧྲན་ཆུས།

ཞི་སའེ་ཧྲན་ཆུས།
ཞི་སའེ་ཧྲན་ཆུས་ནི་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། འབྲི་ཆུའི་དབུས་རྒྱུད་ཀྱི་ལྷོ་ངོགས་དང་ཧོང་ཧྲི་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། ཤར་དང་དབྱང་ཞིན་རྫོང་གི་ཝའེ་ཡོན་ཁོའུ་གྲོང་རྡལ་དང་འབྲེལ་བ་དང་། ནུབ་དང་ཞ་ལུའུ་ཆུས་ཀྱི་ནན་ཧུའུ་ཞང་གཉིས་ཁྱིམ་མཚེས་ཡིན། ལྷོ་ཏ་ཡེ་གྲོང་ཁྱེར་སི་གོ་ཤང་དང་དབང་རེན་གྲོང་རྡལ་དང་འབྲེལ་ཡོད། བྱང་དུ་ཡུས་ཧྲུའེ་དང་ཡུས་ཁྲུན་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་ཡོད། ནུབ་བྱང་དང་ཧོང་ཧྲི་ཀང་ཁུལ་ཧྲིན་དབྱང་ཀང་དང་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ22.9དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ9.945ཡོད། སྤྱི་ལོ2012ལོའི་བར་ཞི་སའེ་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ112.39ཡོད་པའི་ནང་དུ་གྲོང་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ49.95དང་། གྲོང་འདབས་ཀྱི་རྒྱ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ62.44བཅས་ཟིན་ཡོད། ཆུས་ཡོངས་སུ་མི་འབོར་ཁྲི25.8ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西塞山区
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧོང་ཧྲི་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0714
སྦྲག་སྲིད་ཨང་རྟགས།
435000
གནས་ཡུལ།
འབྲི་ཆུའི་བར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ49.95
མི་འབོར།
མི་ཁྲི25.8(སྤྱི་ལོ2012ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞི་སའེ་ཧྲན།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཧོང་ཧྲི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
鄂B
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
420203
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཏ་ཡེ་རྫོང་ནི་སུང་རྒྱལ་རབས་ཀྱི་ཆན་ཏེ་སྲིད་ལོ་ལྔ་བའི(སྤྱི་ལོ967)སྔོན་ལ་བཙུགས། ལི་ཡུས་ཐང་ལྷོ་མའི་མགོ་གཙོ་ཡིན་པའི་སྐབས་སུ། མངའ་ཁོངས་སུ་གཏེར་ཁ་ཕུན་སུམ་ཚོགས་པ་དང་། བཙོ་སྦྱང་ལས་རིགས་དར་རྒྱས་ཆེ་བ། ཆིན་ཧྲན་ཁྲང་དང་ཝུའུ་ཁྲང་ཤང་གསུམ་ཟླ་སྒྲིལ་བྱས་ཏེ། གསར་དུ་རྫོང་གཅིག་བཙུགས། དབྱིན་ཧྲང་ནས་ད་བར་དུ“ལྕགས་ཐབ་བཙོ་སྦྱང”དར་རྒྱས་ཆེ་བ་ཞེས་པའི་ནང་དོན་ལྡན་པས། མིང་ལ་ཏ་ཡེ་རྫོང་ཞེས་བཏགས།

སུང་རྒྱལ་རབས་ནས་མིན་གོའི་བར། གྲོང་ཁྱེར་ས་གནས་ཀྱི་ཁོངས་གཏོགས་ཞིན་གོ་ལམ་དང་། ཞིན་གོ་ཀྲོའུ། ཝུའུ་ཁྲང་ཧྥུ། ཧུའུ་པེ་ཞིང་ཆེན་གྱི་ཏ་ཡེ་རྫོང་བཅས་ཡིན།

མིན་གོའི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཏ་ཡེ་རྫོང་ནི་ཧུའུ་ནན་དང་། ཧུའུ་པེ། ཅང་ཞི་བཅས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་ཆ་ཤས་ཤིག་ཡིན།

མིན་གོའི་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1930ལོར)ཏ་ཡེ་རྫོང་གི་སུའུ་ཝེ་ཨེད་སྲིད་གཞུང་བཙུགས་པ་དང་། སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ཁོངས་ཧུའུ་པེའི་ཤར་རྒྱུད་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཧུའུ་ནན་དང་། ཧུའུ་པེ། ཅང་ཞི་བཅས་ཞིང་ཆེན་གྱི་སུའུ་ཝེ་ཨེད་སྲིད་གཞུང་གི་ཧུའུ་པེ་ཤར་རྒྱུད་དོན་གཅོད་ཁང་དང་། ཧུའུ་ནན་དང་། ཧུའུ་པེ། ཅང་ཞི་བཅས་ཞིང་ཆེན་གྱི་ཧུའུ་པེ་ཤར་ལྷོའི་སུའུ་ཝེ་ཨེད་སྲིད་གཞུང་གི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)གོ་མིན་སྲིད་གཞུང་གིས་ཞིང་ཆེན་དང་རྫོང་གི་བར་དུ་ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། གྲོང་ཁྱེར་ས་གནས་ནི་ཧུའུ་པེ་ཞིང་ཆེན་གྱི་ཀྲོན་ཡོན་ལས་ཁུངས་གཉིས་པའི་ཏ་ཡེ་རྫོང་གི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོ)ཀྲོན་ཧྲུའུ་དང་པོའི་ཁོངས་སུ་བསྒྱུར། ལོ་དེའི་ཟླ10བར། ཏ་ཡེ་དགྲ་ལག་ཏུ་ཤོར་ཞིང་། འཇར་དམག་གིས་ཏ་ཡེ་རུ་སྲིད་དབང་རྫུས་མ་བཙུགས་ཏེ། “ཀྲུང་ཧྭ་མིན་གོའི་ཧུའུ་པེ་ཞིང་ཆེན་ཏ་ཡེ་རྫོང་སྲིད་གཞུང”ཟེར་བ་མ་ཟད། ཧྲི་ཧུའེ་ཡའོ་དང་ཧོང་ཧྲི་ཀང་གྲོང་རྡལ་གཉིས་སུ“ཧྲི་ཧོང་དཔེ་སྟོན་ཆུས”བཙུགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོར)ཞིན་སི་ཅུན་གྱི་ཧྲི་ཤོག་ལྔ་པའི་ལུའི་ཤོག14པས་ཏ་ཡེ་དང་དབྱང་ཞིན། ཧུའུ་པེའི་གྲོང་ཁྱེར་སོགས་སུ་སྔ་རྗེས་སུ་ཏ་ཧུའུ་སྲིད་དོན་ཨུ་ཡོན་ལྷན་ཁང་དང་། ཧུའུ་པེའི་སྲིད་དོན་ཨུ་ཡོན་ལྷན་ཁང་། དབྱང་ཏ་སྲིད་དོན་ཨུ་ཡོན་ལྷན་ཁང་བཅས་བཙུགས་པ་དང་། ཧུའུ་པེའི་ལྷོ་རྒྱུད་སྲིད་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་རེད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ8པའི་ཚེས15ཉིན་འཇར་པིན་གྱིས་མགོ་འདོགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། གོ་མིན་ཏང་ཏ་ཡེ་རྫོང་སྲིད་གཞུང་གིས་རྩིས་ལེན་བདག་སྤྲོད་བྱས་ཏེ་ཧྲི་ཧུའེ་ཡའོ་དང་ཧོང་ཧྲི་ཀང་གྲོང་རྡལ་གཉིས་བསྐྱར་དུ་བཀོད་སྒྲིག་བྱས་ནས་ཏ་ཡེ་རྫོང་གི་མངའ་འོག་ཏུ་གཏོགས་པ་རེད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོར)ཧྲི་ཧུའེ་ཡའོ་དང་ཧོང་ཧྲི་ཀང་གཉིས་ཟླ་སྒྲིལ་བཏང་ནས་ཧྲི་ཧོང་ཀྲེན་དུ་གྱུར་པ་དང་། དེ་ནི་ཏ་ཡེ་རྫོང་གི་ཁོངས་སུ་གཏོགས་ཡོད།

མིན་གོའི་སྲིད་ལོ38པའི(སྤྱི་ལོ1949ལོ)ཟླ5པའི་ཚེས1ཉིན་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཧྲི་ཧོང་ཀྲེན་བཅིངས་འགྲོལ་བཏང་བ་རེད། ཀྲུང་ཡོན་གནས་སྐབས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཧུའུ་པེའི་ཏ་ཡེ་དམིགས་བསལ་ས་ཁུལ་དོན་གཅོད་ཁང་གི་ཐད་གཏོགས་ཀྲུང་ཡོན་གནས་སྐབས་མི་དམངས་སྲིད་གཞུང་བཙུགས། ལོ་དེའི་ཟླ10པར། ཧུའུ་པེ་ཞིང་ཆེན་ཏ་ཡེ་བཟོ་གཏེར་དམིགས་བསལ་ས་ཁུལ་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1950ལོའི་ཟླ8པའི་ཚེས21ཉིན། ཞིང་ཆེན་ཁོངས་གཏོགས་ཀྱི་ཧོང་ཧྲི་གྲོང་ཁྱེར་བཙུགས།

སྤྱི་ལོ1959ལོའི་ཟླ1པོའི་ཚེས26ཉིན། ཏ་ཡེ་རྫོང་ཧོང་ཀང་ས་ཁུལ་ནས་ཧོང་ཧྲི་གྲོང་ཁྱེར་ལ་བགོས།

སྤྱི་ལོ1979ལོར་ཧོང་སི་ཝན་ཆུས་དང་། ཁྲེན་ཅ་ཝན་ཆུས། ཧྲི་ཧུའེ་ཡའོ་ཆུས་བཅས་ཧྲི་ཧུའེ་ཡའོ་ཁུལ་དུ་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1979ལོའི་ལོ་མཇུག་ཏུ་ཞི་སའེ་ཧྲན་ཀུང་ཧྲེའི་ཁོངས་སུ་བཅུག

སྤྱི་ལོ1994ལོའི་ལོ་མཇུག་ཏུ། ཏ་ཡེ་གྲོང་ཁྱེར་ཧོ་ཁོའུ་གྲོང་རྡལ་དེ་ཧྲི་ཧུའེ་ཡའོ་ཆུས་སུ་བགོས།

སྤྱི་ལོ2001ལོར། རྒྱལ་ཁབ་དམངས་སྲིད་པུའུ་ཡི་རེ་བ་ལྟར། ཧྲི་ཧུའེ་ཡའོ་ས་ཁུལ་དེ་ཞི་སའེ་ཧྲན་ཆུས་སུ་མིང་བསྒྱུར་བ་དང་། ཟླ12པའི་ཚེས16ཉིན་དངོས་སུ་སྒོ་བྱང་བཀལ།

2 སྲིད་འཛིན་ས་ཁུལ་དབྱེ་མཚམས།

སྤྱི་ལོ2000ལོར་ཧྲི་ཧུའེ་ཡའོ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང5དང་། གྲོང་རྡལ1ཤང2བཅས་ཡོད་པ་དང་། སྤྱིའི་མི་འབོར་ཁྲི24.4ཡོད།

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཞི་སའེ་ཧྲན་ཆུས་མངའ་ཁོངས་སུ་ཁྲོམ་གཞུང6དང་། གྲོང་རྡལ1 སྡེ་ཁུལ40 གྲོང་མིའི་ཨུ་ཡོན་ལྷན་ཁང16 གྲོང་མིའི་ཚོགས་ཆུང1608 སྡེ་མིའི་ཚོགས་ཆུང103བཅས་ཡོད། སྤྱི་ལོ2012ལོར་མང་ཆེ་བའི་ལམ་ལུགས་སྒྱུར་བཅོས་བྱས་རྗེས་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གཅིག་དང་། སྡེ་ཁུལ21 སྲིད་འཛིན་གྲོང་ཚོ15བཅས་ཡོད།


3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧོང་ཧྲི་གྲོང་ཁྱེར་ནི་ཤར་གྱི་གཞུང་ཐིག114°31′—115°30′བར་དང་། བྱང་གི་འཕྲེད་ཐིག29°30′—30°5′′བར་དུ་ཡོད་པ་དང་། ཞི་སའེ་ཧྲན་ཆུས་ནི་ཧོང་ཅིན་ཧྲན་གྱི་བྱང་འདབས་དང་། ཧོང་ཧྲི་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། ཞི་སའེ་ཧྲན་ཆུས་ཀྱི་ཤར་ནས་ཧོ་ཁོའུ་གྲོང་རྡལ་དང་། དབྱང་ཞིན་རྫོང་ཝེ་ཡོན་ཁོའུ་གྲོང་རྡལ་དང་འབྲེལ་ཡོད། ནུབ་ཏུ་པའེ་ཐ་ཡན་གྱི་བར་དང་། ཞ་ལུའུ་ཆུས་དང་ཐོན་ཁྲེང་ཧྲན་གསར་སྤེལ་ཁུལ་དང་འབྲེལ་ཡོད། ལྷོ་ནི་ཧོང་ཅིན་ཧྲན་དང་ནི་ཏ་ཡེ་གྲོང་ཁྱེར་ཝང་རེན་གྲོང་རྡལ་དང་འབྲེལ་ཞིང་། བྱང་དུ་ཧོང་ཀང་གྲོང་ཁྱེར་གྱི་ཆི་ཧྲུའེ་རྫོང་དང་ཆི་ཁྲུན་རྫོང་དང་འབྲི་ཆུའི་ཆོད་ཡོད། ནུབ་བྱང་ཧོང་ཧྲི་ཀང་དང་ས་མཚམས་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ22.9དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ9.945ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ112.39ཡོད་པ་དེའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ49.95དང་གྲོང་འདབས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ62.44ཡོད་པ་རེད།

3_2 གནམ་ཟླ།

ཞི་སའེ་ཧྲན་ཆུས་ནི་འཕྲེད་ཐིག་བར་མར་གནས་པ་དང་། ཉི་མའི་འགྱེད་འཕྲོའི་དུས་ཚིགས་རང་བཞིན་གྱི་ཁྱད་པར་ཆེ་བ། རྒྱ་མཚོ་དང་རིང་དུ་གྱེས་པ། སྐམ་སའི་ངོས་མང་ཆེ་བ་གཏེར་རི་ཡིན་པ་དང་། དཔྱིད་དུས་དང་དབྱར་དུས་ཀྱི་ས་ངོས་རྩུབ་ལ་བཞའ་ཚན་ཆེ་རུ་འགྲོ་བ། གཏད་རྒྱུག་ཤུགས་ཆེ་བ། ཨེ་ཤེ་ཡ་ཤར་མའི་དུས་རླུང་འཁོར་རྒྱུན་གྱི་ཤུགས་རྐྱེན་ཕོག་པ། གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་གྲང་བ་དང་དབྱར་ཁ་ཚ་བ་ཆེ་བ་དང་། ཉི་འོད་འབེལ་བ། ཚ་ནུས་ཕུན་སུམ་ཚོགས་པ། ཆར་ཆུ་འབེལ་བ། དེ་ནི་དཔེ་མཚོན་གྱི་ཚ་ཁུལ་ཕལ་བའི་ཨེ་ཤེ་ཡ་ཤར་མའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཤིག་རེད། ཞི་སའེ་ཧྲན་ཆུས་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ17ཡིན་པ་དང་། སད་མེད་དུས་ལོ་རེར་ཆ་སྙོམས་ཉིན264ཡོད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1382.6ཟིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཉིན132ཙམ་ཡིན།

3_3 མི་གྲངས་མི་རིགས།

སྤྱི་ལོ2012ལོའི་བར་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་ཞི་སའེ་ཧྲན་ཆུས་སུ་ཁྱོན་མི་ཁྲི25.8ཡོད་པ་རེད། ཞི་སའེ་ཧྲན་ཆུས་སུ་སོག་རིགས་དང་ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་མི་རིགས་ཁྱབ་ཡོད།

4 དཔལ་འབྱོར།

སྤྱི་ལོ2012ལོར་ཞི་སའེ་ཧྲན་ཆུས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར140.19ཟིན་པ་དེ་དུས་མཚུངས་ལས14%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར46.29བཏང་བ་དེ་དུས་མཚུངས་ལས15%འཕར། ཆུས་གཅིག་གྱུར་གྱི་གཞི་ཁྱོན་ཐོག་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.48ཟིན་པ་དེ་དུས་མཚུངས་ལས20%འཕར།། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.15ཟིན་ནས་དུས་མཚུངས་ལས15.9%འཕར་བ་དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.72ཟིན་ནས་དུས་མཚུངས་ལས17%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་གིསGDPབསྡུར་ཚད29.2%ཟིན་ཡོད།

5 སྤྱི་ཚོགས་ཀྱི་ལས་དོན།
5_1 སློབ་གསོ།

སྤྱི་ལོ2013ལོའི་ཟླ6པའི་བར་གྲོང་ཁྱེར་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ963ཡོད་པའི་ནང་མཐོ་སློབ་དཀྱུས་མ4དང་། དར་མའི་མཐོ་སློབ1 འབྲིང་རིམ་ལས་རིགས་སློབ་གྲྭ22སློབ་འབྲིང་དཀྱུས་མ138(མཐོ་རིམ་སློབ་འབྲིང30 དམའ་རིམ་སློབ་འབྲིང108 སློབ་ཆུང489 དམིགས་བསལ་སློབ་གསོའི་སློབ་གྲྭ3 བུ་བཅོལ་ཁང306བཅས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི50ཡོད་པ་དང་། དགེ་རྒན་དང་ལས་བཟོ་ཁྲི3.17ཡོད་པ་དེའི་ནང་ཆེད་བསྐོས་དགེ་རྒན་ཁྲི2.58ཡོད། སྤྱི་ལོ2013ལོར་ཞི་སའེ་ཧྲན་ཆུས་ཀྱི་ཚད་ལྡན་སློབ་གྲྭའི་འཛུགས་སྐྲུན་ལ་ཞིང་ཆེན་རིམ་པའི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

5_2 འཕྲོད་བསྟེན།

ཞི་སའེ་ཧྲན་ཆུས་སུ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཨེ་ཙེའི་ནད་དང་ཁྲག་འཇིབ་འབུ་སོགས་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་བཞིན་ཡོད།

5_3 འགྲིམ་འགྲུལ།

ཞི་སའེ་ཧྲན་ཆུས་ནི་ཧུའུ་པེ་ཤར་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་ཡིན། ཞི་སའེ་ཧྲན་ཆུས་ཀྱི་ཆུ་ཐོག་སྐྱེལ་འདྲེན་ཐད་ཝུའུ་ཧན་དང་ཁྲུང་ཆིང་བརྒྱུད་དེ་ནན་ཅིན་དང་ཧྲང་ཧའེ་ལ་བཏང་བ་དང་། གཞུང་ལམ106དང་རྒྱལ་ལམ316 དབྱི་ཧོང་མྱུར་བགྲོད་གཞུང་ལམ་དང་ཧོང་ཧྲི་གཞུང་ལམ་ཟམ་ཆེན་དང་སྦྲེལ་མཐུད་བྱས་ཡོད། ལྕགས་ལམ་ནི་ཅིན་ཀོང་དང་ཅིན་ཅིའུ་གཉིས་དང་འབྲེལ་ཡོད་པ་དང་། ཐད་ཀར་ཝུའུ་ཧན་དང་། ཧྲང་ཧའེ། པེ་ཅིན། ཀོང་ཏུང་བཅས་སུ་སླེབས་ཐུབ།

6 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2013ལོའི་བར་ཞི་སའེ་ཧྲན་ཆུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྲོང་ཁྱེར”དང་། “རྒྱལ་ཡོངས་ཀྱི་སྡེ་ཁུལ་འཛུགས་སྐྲུན་དཔེ་སྟོན་ཆུས”“རྒྱལ་ཡོངས་ཀྱི་འཆར་ལྡན་བུ་བཙའི་སྤུས་ལེགས་ཞབས་ཞུའི་སྔོན་ཐོན་ཆུས”“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”བཅས་ཀྱི་མཚན་སྙན་ཐོབ་པ་དང་། “ཞིང་ཆེན་ཡོངས་ཀྱིས་ཞི་མཐུན་སྡེ་ཁུལ་གྱི་སྔོན་ཐོན་གྲོང་ཁུལ”དང་། “ཞིང་ཆེན་ཡོངས་ཀྱིས་གཉིས་བཀུར་དཔེ་བཟང་ཆུས”“ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གྲོང་ཁྱེར”“ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གྲོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གྲོང་ཁུལ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2017ལོའི་ཟླ9པར་ཞི་སའེ་ཧྲན་ཆུས་ལ་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཐོབ་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གྲོང་ཁྱེར།