ཧྲི་ལུང་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-27 10:24ལ་འགྲུབ།

ཧྲི་ལུང་ཆུས།

ཧྲི་ལུང་ཆུས།
ཧྲི་ལུང་ཆུས་ནི་ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་ཁོངས་གཏོགས་སུ་ཁྲོམ་གཞུང4ཡོད། སྤྱི་ལོ2013ལོར་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ37.9དང་མི་འབོར་བསྡོམས་གྲངས་ཁྲི5.6ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ14.2དང་ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི635.9ཡིན། སྤྱི་ལོ2011ལོར་ཧྲི་ལུང་ཆུས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར139.4ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལས10.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18348ཟིན་པ་དང་ཞིང་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཁེ་གཙང་སྒོར6578ཡོད། གཞན་ཧྲི་ལུང་ཆུས་ཀྱི་མཛེས་ལྗོངས་གྲགས་ཅན་ནི་ཉང་རི་དང་། ཆིན་ཚའོ་ལིན། ཙུའུ་ཧྲིའི་ལྷ་ཁང་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石龙区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ4ཁོངས་སུ་གཏོགས།
སྲིད་གཞུང་གི་ས་གནས།
མི་དམངས་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0375
སྦྲག་སྲིད་ཨང་རྟགས།
467045
ས་གནས།
ཧོ་ནན་ཞིང་ཆེན་ཕིན་ཏིན་རི་བོའི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་གྲུ་བཞི་མ37.9ཡོད།(2013ལོར)
མི་གྲངས།
ཁྲི5.6ཡོད།(2013ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)D
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410404
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཞ་དང་ཧྲང་རྒྱལ་རབས་ཀྱི་དུས་སྐབས་ནི་ཡུས་ཀྲོའུ་ཡི་ཁོངས་སུ་གཏོགས་པ་དང་། ཀྲོའུ་ཤར་མའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག(སྤྱི་ལོའི་སྔོན་གྱི221ལོར)ལིའང་རྫོང་དུ་བཙུགས་པ་དང་། སན་ཁྲོན་ཅུན་གྱི་ཁོངས་སུ་གཏོགས།     

ཧན་དང་ཅིན་ཁོངས་ལིའང་རྫོང་ལ་གཏོགས་ཤིང་། ཧོ་ནན་ཅུན་ལ་དབང་།     

སུའེ་ཡི་སྲིད་ལོ་གཉིས་པ(སྤྱི་ལོ606ལོར)ཀྲི་ཁྲེང་རྫོང་དེ་ཁྲེང་ཞིའུ་རྫོང་དུ་བསྒྱུར་ཞིང་། དེ་ནི་ཁྲེང་ཞིའུ་རྫོང་གི་ཁོངས་སུ་གཏོགས།     

ཐང་ཀྲེན་ཀོན་གྱི་དུས་འགོར་ཁྲེན་ཞིའུ་རྫོང་དེ་ལིའང་རྫོང་དུ་བསྒྱུར།     སུང་། ཅིན། ཡོན་བཅས་ཀྱི་དུས་སྐབས་སུ་རུའུ་ཀྲོའུ་ཡི་ལིའང་རྫོང་གི་ཁོངས་སུ་གཏོགས།     

ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་རུའུ་ཀྲོའུ་རུ་བཅའ་སྡོད་བྱས།    

མིན་གོའི་སྲིད་ལོ་ཉི་ཤུ་རྩ་བཞི་པར(སྤྱི་ལོ1935ལོར)པའོ་ཧྥེང་རྫོང་གི་ཆང་ལས་ཁུལ་གྱི་ཁོངས་སུ་གཏོགས།    

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1936ལོར)ལུའུ་ཧྲན་རྫོང་གི་ཝ་ཝུའུ་ཆུས་ཀྱི་ཁོངས་སུ་གཏོགས།    

སྤྱི་ལོ1957ལོར་ཁུལ་འཐེན་ནས་ཞང་ལ་ཟླ་སྒྲིལ་བཏང་།     

སྤྱི་ལོ1960ལོར་ཧྲི་ལུང་ཆུས་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།     

སྤྱི་ལོ1973ལོའི་ཟླ3པར་ནུབ་ཁུལ་གྱི་སྒྲིག་གཞི་ཕྱིར་འཐེན་བྱས། “ལྔ་བདུན”ཀུང་ཧྲེས་ཕིན་ཏིན་ཧྲན་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པ་དང་། མངའ་ཁོངས་ཀྱི་སྲང་ལམ་དོན་གཅོད་ཁང4ཧན་ལིའང་སྲང་ལམ་དོན་གཅོད་ཁང་དུ་ཟླ་སྒྲིལ་བཏང་བ་དང་། ཕིན་ཏིན་ཧྲན་གྲོང་ཁྱེར་གྱི་ཞིན་ཧྭ་ཆུས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་ཚུད་ཡོད།    

སྤྱི་ལོ1997ལོར་ཕིང་ཏིང་ཧྲན་གྲོང་ཁྱེར་ཧྲི་ལུང་ཆུས་བཙུགས་པ་དེ་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 ས་ཁམས་ཁོར་ཡུག     
2_1 གནས་སའི་ཡུལ་ཁོངས།     

ཧྲི་ལུང་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་དབུས་རྒྱུད་དང་།   ཕིང་ཏིང་ཧྲན་ནུབ་རྒྱུད་དུ་གནས་ཡོད། ཤར་གྱི་གཞུང་ཐིག112°50′དང་། བྱང་གི་འཕྲེད་ཐིག33°53′37″བར་དུ་ཡོད་ཅིང་། མཐའ་འཁོར་ན་ལུའུ་ཧྲན་དང་པའོ་ཧྥེང་གི་ས་མཚམས་ལ་འབྲེལ་ཡོད། ཧན་ལེང་རྡོ་སོལ་གཏེར་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ37.9ཡོད།

2_2 ནམ་ཟླ།     

ཧྲི་ལུང་ཆུས་ནི་དྲོ་ཁུལ་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། དྲོད་ཁུལ་དུ་གནས་པ་དང་དུས་བཞི་ཁ་གསལ་བ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ14.2ཟིན་པ། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན213ཡོད་པ་དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི635.9ཡོད་པ་བཅས་རེད།     

2_3 ཆུ་དཔྱད།     

ཧྲི་ལུང་ཆུས་ཀྱི་ཆུ་བོ་ཚང་མ་ཧོའེ་ཧོ་ཆུ་བོའི་ཁོངས་སུ་གཏོགས་ཤིང་། ལོ་རེར་ཆ་སྙོམས་ཀྱི་རྒྱུག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1685ཡོད།     ཡིང་ཧོ་ནི་ཀྲའོ་ལིང་གྲོང་ཚོ་ནས་ཡིན་ཞིང་། ལུའུ་ཧྲན་རྫོང་ལིའང་ཝ་གྲོང་རྡལ་དང་། པའོ་ཧྥེང་རྫོང་མ་ཅེ་ནས་ཞུའེ་ཀྲོང་ནན་གྱི་ཧུའེ་དབྱང(ཀུའུ་ཡིང་གོ་ཏུའུ)བརྒྱུད་དེ་ཧྲ་ཧོ་ཆུ་བོའི་འགྲམ་དུ་གནས།     ཞ་ཀྲོང་གཙང་པོ་ནི་ཧོའུ་ལིང་གྲོང་ཚོ་ནས་ཡིན་ཞིང་།  ཆུ་བོ་ནུབ་བྱང་ཤར་ལྷོའི་ཕྱོགས་སུ་བཞུར་བ་དང་ཧྲི་ལུང་ཆུས་ཀྱི་ས་ཁོངས་སུ་རིང་ཚད་སྤྱི་ལེ5ཡོད་པ་རེད།     

3 རང་བྱུང་ཐོན་ཁུངས།     
3_1 གཏེར་རྫས་ཐོན་ཁུངས།    

སྤྱི་ལོ2013ལོར་སླེབས་སྐབས་ཧྲི་ལུང་ཆུས་སུ་རིགས་ཁག་གི་གཏེར་རྫས12རྩད་ཆོད་པ་དང་། མ་བཅོས་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར3.3ཟིན་པ། རྡོ་སོལ་འདུས་ཚད་སྤྱི་ལེ་ངོས་གྲུ་བཞི་མ28ཡོད་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི73.9%ཟིན་པ། རྩད་ཆོད་ཐུབ་པའི་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར1.5ཟིན་པ་བཅས་ནི་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་སོལ་ཞིང་ཆེན་པོ་གསུམ་གྱི་གྲས་ཤིག་རེད། རྡོ་ཐལ་རྡོའི་གསོག་ཚད་ཏུན་དུང་ཕྱུར2.5ཡོད་པ་དེས་ཕིང་ཏིང་ཧྲན་གྲོང་ཁྱེར་གྱི་གསོག་ཚད་ཀྱི་གཉིས་ཆ་གཅིག་ཟིན་པ་དང་། འཛེང་རྡོའི་གསོག་ཚད་ཏུན་ཁྲི3200ཟིན་པ། ཤན་ཝུའུ་བྲག་རྡོ་ཏུན་ཁྲི4000དང་ས་མྱགས་གཏེར་ཁ་ཏུན་ཁྲི6000ཡོད།     

3_2 ནགས་ལས་ཐོན་ཁུངས།     

ཧྲི་ལུང་ཆུས་སུ་ལུང་ཧྥུང་གཞིས་ཀ་དང་། ཨར་ཏའོ་ལིང་སྟར་ཀ་གླིང་། ལང་ཏུང་ཀོའུ་སེ་འབྲུ་གླིང་བཅས་ལྟེ་བར་བྱས་ནས་མཐའ་འཁོར་དུ་ཁྱབ་འགྱེད་དང་ས་ཚིགས་དང་སྦྲེལ་བའི་འདེབས་འཛུགས་གླིང་ཁུལ་ཆེན་པོ8ཆགས་ཡོད་པ་རེད། ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་བརྒྱ་ཆའི27.5ཟིན་པ་དང་། ནགས་ཚལ་དང་རི་རྒོད་སྔོ་ལྗང་ཅན་དུ་འགྱུར་ཚད་བརྒྱ་ཆའི92.2ཟིན་པ། བགྲོད་ལམ་སྔོ་ལྗང་ཅན་དུ་འགྱུར་ཚད་བརྒྱ་ཆའི98.1ཟིན་པ་བཅས་རེད།     

3_3 མི་འབོར།     

སྤྱི་ལོ2000ལོར་སླེབས་སྐབས་ཧྲི་ལུང་ཆུས་ཀྱི་མི་གྲངས་བསྡོམས་འབོར53499ཡོད། དེའི་ནང་སྐྱེས་པའི་མི་འབོར31174དང་བུད་མེད་ཀྱི་མི་འབོར22325ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད139.64:100ཡིན། ཐེམ་ཐོའི་མི་འབོར58557དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡུར་ཚད0.59% ཞིང་པའི་ཐེམ་ཐོ་མིན་པའི་མི་འབོར་བསྡུར་ཚད46.38%ཟིན། མི་འབོར་བསྡོམས་འབོར་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར23870ཡོད་པ་དང་། གྲོང་གསེབ་ཀྱི་མི་འབོར29629བཅས་ཡོད།     སྤྱི་ལོ2013ལོར་ཧྲི་ལུང་ཆུས་ཀྱི་སྤྱིའི་མི་འབོར་ཁྲི5.6ཡོད། 

4 དཔལ་འབྱོར།     
4_1 ཐོན་ལས་དང་པོ།     

སྤྱི་ལོ2009ལོར་ཧྲི་ལུང་ཆུས་ཀྱིས་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར29.3ཟིན་པ་དེ་སྤྱི་ལོ2008ལོ་ལས4.5%འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར135.3དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར10.1འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར14.1ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར0.9ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.8བཅས་ཡིན་པ་དེ་སྤྱི་ལོ2008ལོ་ལས3.1%དང་། 5.0% 5.8% 6.3% 6.2%/5བཅས་སོ་སོར་འཕར་ཡོད། སྤྱི་ལོ2009ལོར་ཧྲི་ལུང་ཆུས་ཀྱིས་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི20.1ཡོད། དབྱར་འབྲུ་ཏུན་ཁྲི99.05དང་སྟོན་འབྲུ་ཏུན་ཁྲི102.02ཡོད། སྲིང་བལ་ཐོན་ཚད་ཏུན175དང་། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི16.0སྔོ་ཚལ་དང་ཀྭ་རིགས་ཀྱི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི26.9བཅས་ཟིན་པ་དང་། རྡོ་ཐ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི3.9ཟིན་པ་དེ་དུས་མཚུངས་ལས17.4%འཕར་ཡོད།

4_2 ཐོན་ལས་གཉིས་པ།     

སྤྱི་ལོ2009ལོར་ཧྲི་ལུང་ཆུས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར103.3ཡོད་པ་དེ་སྤྱི་ལོ2008ལོ་ལས6.3%འཕར་ཡོད། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར85.8ཡོད་པ་དེ་སྤྱི་ལོ2009ལོ་ལས6.2%འཕར་ཡོད། རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར28.1ལེགས་གྲུབ་བྱུང་བ་དང་། ཐུན་མོང་གི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.2ཡིན། ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.3ལེགས་གྲུབ་ཟིན་པ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.1ལེགས་གྲུབ་ཟིན་ནས་སྤྱི་ལོ2008ལོ་ལས6.8%འཕར་ཡོད།     སྤྱི་ལོ2009ལོར་ཧྲི་ལུང་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.4ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2008ལོ་ལས16%འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར29.8བྱུང་བ་དེ་སྤྱི་ལོ2008ལོ་ལས4.5%འཕར་ཡོད།     

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2002ལོར་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2.7ཡིན་པ་དང་། མི་རེའི་ཆ་སྙོམས་ཀྱི་གསོག་དངུལ་སྒོར4500ཡིན།     སྤྱི་ལོ2009ལོར་ཧྲི་ལུང་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར50.9ཡོད་པ་དེ་སྤྱི་ལོ2008ལོ་ལས14.0%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར28.3ཡོད་པ་དེ་དུས་མཚུངས་ལས13.8%འཕར་ཡོད། གྲོང་གསེབ་ཏུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་6.6ཟིན་པ་དེ་དུས་མཚུངས་ལས་14.9%འཕར་ཡོད། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར9.6ཡོད་པ་དེ་སྤྱི་ལོ2008ལོ་ལས14.6%འཕར་ཡོད། སྡེབ་ཚོང་སིལ་ཚོང་ལས་རིགས་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར12.2ཡོད་པ་དེ་དུས་མཚུངས་ལས7.2%འཕར་ཡོད།     སྤྱི་ལོ2009ལོར་ཧྲི་ལུང་ཆུས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི470ཡོད་པ་དེ་སྤྱི་ལོ2008ལོ་ལས17.0%འཕར་བ་དང་དེའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི314ཟིན་པ་དེ་སྤྱི་ལོ2008ལོ་ལས28.5%འཕར་བ་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི117ཡིན།     སྤྱི་ལོ2009ལོར་ཧྲི་ལུང་ཆུས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི22.7ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2008ལོ་ལས15.0%འཕར་ཡོད། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི20ཟིན་ནས་སྤྱི་ལོ15.0%འཕར་བ་དང་། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི2.7ཟིན་ནས10.0%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར7.7ཡོད་པ་དེ་སྤྱི་ལོ2008ལོ་ལས་16.0%འཕར་ཡོད།     

5 འགྲིམ་འགྲུལ་འཕྲིན་སྐྱེལ།     

ཧྲི་ལུང་ཁུལ་དུ་ཧན་ལེང་ལྕགས་ལམ་དང་ཅའོ་ཀྲི་ལྕགས་ལམ།  ཧན་ལིའང་ལམ་དང་། ལི་ཀའོ་ལམ། མི་དམངས་ལམ། ནོར་བུའི་ལམ། མཚོ་སྐོར་ལམ་སོགས་སུ་ཐོག་མར་ཆགས་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་བ་ཡོད། འཕྲིན་གཏོང་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁ་པར་གྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད5000ཟིན་ནས་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་ཡོད། མ་དངུལ་སྒོར་ཁྲི1000ལྷག་ཙམ་བཏང་ནས་པའོ་ཧྲན་ལམ་སྣུར་སྲིང་དང་། ལིའུ་ཀྲོང་ཟམ་ཆེན་འཛུགས་སྐྲུན། མི་དམངས་ལམ་གྱི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་རེད།     

6 སྤྱི་ཚོགས་ལས་དོན།     
6_1 སློབ་གསོའི་བྱ་གཞག     

སྤྱི་ལོ2013ལོའི་བར་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ18ཡོད་པའི་ནང་སྤྱིར་བཏང་མཐོ་རིམ་སློབ་འབྲིང1དང་། ལྗོངས་ཐད་གཏོགས་དམའ་རིམ་སློབ་འབྲིང2སློབ་ཆུང11བུ་བཅོལ་ཁང1སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གྲྭ3བཅས་ཡོད་པ་རེད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ5837ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ839དང་། དམའ་རིམ་སློབ་འབྲིང་གི་སློབ་མ1005སློབ་ཆུང་གི་སློབ་མ3215བུ་བཅོལ་ཁང་གི་ཕྲུ་གུ562བཅས་ཡོད་པ་རེད། སློབ་ཆུང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཟིན་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད་སོ་སོར་བརྒྱ་ཆའི93.4དང་། བརྒྱ་ཆའི85.9ཟིན་ཡོད།     

6_2 རིག་གནས་འཕྲོད་བསྟེན།     

སྤྱི་ལོ2013ལོའི་བར་ཧྲི་ལུང་ཆུས་སུ་རིགས་ཁག་གི་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ1དང་། རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1བཅས་ཡོད་པ་དང་ཁྱོན་ཉར་ཚགས་བྱེད་ཚད་ཁྲི14.4ཟིན་ཡོད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས1དང་། རླབས་འབྲིང་རླུང་འཕྲིན་གཏོང་སའི་སྟེགས་བུ1བརྙན་འཕྲིན་ལས་ཁུངས1བཅས་ཡོད། ཆེད་ལས་ཡིག་ཚགས་ཁང3དང་། ལས་ཁུངས་དང་བྱ་ལས་སྡེ་ཚན13ཡོད།     སྤྱི་ལོ2013ལོའི་བར་ཧྲི་ལུང་ཆུས་སུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི114དང་འཕྲོད་བསྟེན་ལག་རྩལ་མི་སྣ267ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ58དང་། ནད་གཡོག295གྲོང་ཚོའི་འཕྲོད་བསྟེན་ཁང91བཅས་ཡོད་པ་རེད།     

6_3 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2013ལོའི་བར་ཧྲི་ལུང་ཆུས་ཀྱི་ལས་བཟོ་ཁྲི3.1དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི1.7སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ནང་ཞུགས་པ་དང་། ལས་བཟོ་པ་ཁྲི4ལས་ཤོར་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ནང་ཞུགས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་བསྡོམས་འབོར་ཁྲི12.5ཡོད་པའི་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་ཁྲི6.1དང་གྲོང་མི་ཁྲི5.4ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི23.7དང་ཐོབ་ཐང་ལེན་མཁན་གྱི་མི་གྲངས་ཁྲི2ཡོད།     སྤྱི་ལོ2013ལོའི་བར་ཧྲི་ལུང་ཆུས་ཀྱི་སྤྱི་ཚོགས་ཕན་བདེའི་གསོ་ཉར་ཚན་པ12དང་ཉལ་ཁྲི1358 གསོ་ཉར་མི་གྲངས965 གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྲི1.2ལོངས་སྤྱོད་བྱས་པ། འགན་སྲུང་བསྡོམས་འབོར་སྒོར་ཁྲི254 གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྲི1.9དང་འགན་སྲུང་བསྡོམས་འབོར་སྒོར་ཁྲི265བཅས་ཡོད།


དཔྱད་གཞིའི་ཡིག་ཆ།