སུའེ་ཉིང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-28 10:06ལ་འགྲུབ།

སུའེ་ཉིང་རྫོང་།

སུའེ་ཉིང་རྫོང་།
སུའེ་ཉིང་རྫོང་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། རྫོང་གི་མིང་ནི་ཆུ་རྒྱུད་ཀྱི་སུའེ་ཆུ་བདེ་འཇགས་ཡོང་པའི་སྨོན་འདུན་གྱིས་སུའེ་ཉིང་ཞེས་ཐོབ་པར་གྲགས། ཅང་སུའུ་ཞིང་ཆེན་གྱི་ནུབ་བྱུང་རྒྱུད་དང་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས། ཞུས་ཀྲོའུ་གྲོང་ཁྱེར་གྱི“གཤོག་ཟུང”ཞེས་པའི་གྲུབ་ཚུལ་ཁྲོད་ཀྱི་གཤོག་པ་གལ་ཆེན་ཞིག་ཡིན། ནུབ་བྱང་རྒྱུད་དང་ཤར་རྒྱུད་ཁག་སོ་སོ་དེ་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་ཆུས་དང་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས། སུའུ་ཡུས་ཆུས་བཅས་ལ་ས་མཚམས་འབྲེལ་ཡོད། བྱང་རྒྱུད་དེ་སུའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་རྒྱུད་དང་ནུབ་རྒྱུད་སོ་སོ་ནས་ཨན་ཧུའེ་ཞིང་ཆེན་སི་རྫོང་དང་ལིན་པེ་རྫོང་གཉིས་ལ་འབྲེལ་ཡོད། སུའེ་ཉིང་རྫོང་ལ་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གཉིས་ཡོད་པ་སྟེ། ཅང་སུའུ་སུའེ་ཉིང་དཔལ་འབྱོར་གསར་སྤེལ་ཁུལ་དང་ཞུས་ཀྲོའུ་ཡི་མཁའ་འགྲུལ་གྲུ་ཁའི་དཔལ་འབྱོར་གསར་སྤེལ་ཁུལ་གཉིས་སོ།། བཟོ་ལས་གླིང་ཆེན་པོ་བཞི་སྟེ་ཉིང་ཅང་བཟོ་ལས་གླིང་དང་། པ་ལི་ལྕགས་རིགས་འཕྲུལ་གློག་ཐོན་ལས་གླིང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་། ཐའོ་ལན་རྫས་འགྱུར་བཟོ་ལས་གླིང་བཅས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སུའེ་ཉིང་རྫོང་།
རྒྱ་ཡིག་གི་མིང་།
睢宁县
ཕྱི་ཡིག་གི་མིང་།
Suining County
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་གྱི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར།
མངའ་ཁོངས་།
ཁྲོམ་སྲང་གསུམ་དང་གྲོང་རྡལ་བཅོ་ལྔ།
སྲིད་གཞུང་སྡོད་གནས།
སུའེ་ཧུ་ཁྲོམ་སྲང་ཡུང་ཁང་ལམ་གྱི་ཨང་རྟགས1པ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221200
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1773
མི་གྲངས།
ཁྲི145(སྤྱི་ལོ2018ལོ)
ཡུལ་སྐད།
ཞུས་ཀྲོའུ་སྐད། སུའེ་ཉིང་སྐད།
ནམ་ཟླ།
དུས་རླུང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
སྲིད་འཛིན་ཚབ་ཨང་།
320324
GDP
དམངས་སྒོར་དུང་ཕྱུར577(སྤྱི་ལོ2018ལོ)
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
སུའེ་ཉིང་མེ་འཁོར་འབབ་ཚུགས། ཀོན་དབྱིན་གནམ་གྲུའི་ཐང་གི་མེ་འཁོར་འབབ་ཚུགས།
1 ངོ་སྤྲོད་རགས་བསྡུས།

སུའེ་ཉིང་རྫོང་ནི་ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། རྫོང་གི་མིང་ནི་ཆུ་རྒྱུད་ཀྱི་སུའེ་ཆུ་བདེ་འཇགས་ཡོང་པའི་སྨོན་འདུན་གྱིས་སུའེ་ཉིང་ཞེས་ཐོབ་པར་གྲགས། ཅང་སུའུ་ཞིང་ཆེན་གྱི་ནུབ་བྱུང་རྒྱུད་དང་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས། ཞུས་ཀྲོའུ་གྲོང་ཁྱེར་གྱི“གཤོག་ཟུང”ཞེས་པའི་གྲུབ་ཚུལ་ཁྲོད་ཀྱི་གཤོག་པ་གལ་ཆེན་ཞིག་ཡིན། ནུབ་བྱང་རྒྱུད་དང་ཤར་རྒྱུད་ཁག་སོ་སོ་དེ་ཞུས་ཀྲོའུ་གྲོང་ཁྱེར་ཐུང་ཧྲན་ཆུས་དང་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས། སུའུ་ཡུས་ཆུས་བཅས་ལ་ས་མཚམས་འབྲེལ་ཡོད། བྱང་རྒྱུད་དེ་སུའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་རྒྱུད་དང་ནུབ་རྒྱུད་སོ་སོ་ནས་ཨན་ཧུའེ་ཞིང་ཆེན་སི་རྫོང་དང་ལིན་པེ་རྫོང་གཉིས་ལ་འབྲེལ་ཡོད། སུའེ་ཉིང་རྫོང་ལ་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གཉིས་ཡོད་པ་སྟེ། ཅང་སུའུ་སུའེ་ཉིང་དཔལ་འབྱོར་གསར་སྤེལ་ཁུལ་དང་ཞུས་ཀྲོའུ་ཡི་མཁའ་འགྲུལ་གྲུ་ཁའི་དཔལ་འབྱོར་གསར་སྤེལ་ཁུལ་གཉིས་སོ།། བཟོ་ལས་གླིང་ཆེན་པོ་བཞི་སྟེ་ཉིང་ཅང་བཟོ་ལས་གླིང་དང་། པ་ལི་ལྕགས་རིགས་འཕྲུལ་གློག་ཐོན་ལས་གླིང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་། ཐའོ་ལན་རྫས་འགྱུར་བཟོ་ལས་གླིང་བཅས་ཡིན།

ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་ནི་སུའེ་ཉིང་རྫོང་ཀོན་དབྱིན་གྲོང་རྡལ་དུ་གནས་པ་དང། ཞུས་སུའུ་ཧོའེ་ཡན་གྲོང་ཁྱེར་དབར་གྱི་ལྕགས་ལམ་དེ་སུའེ་ཉིང་བརྒྱུད་དགོས་པར་མ་ཟད། མྱུར་བགྲོད་ལྕགས་ལམ་གྱི་ས་ཚིགས་གཉིས་ཀྱང་བཙུགས་ཡོད།

སུའེ་ཉིང་རྫོང་དུ་ཧྲུའེ་ཡུའེ་དགོན་དང་། པའེ་ཐང་གཙང་པོའི་འདམ་རའི་སྤྱི་གླིང་། ཧྥང་ཝན་འདམ་རའི་སྤྱི་གླིང་། སུའེ་ཉིང་སྤྱི་གླིང་། ཧུའེ་ཧྲན་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད།

སུའེ་ཉིང་རྫོང་ནི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གི་སྟོབས་ཤུགས་ཆེ་བའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)ཞིག་ཡིན་ལ། སྤྱི་ལོ2018ལོར་སུའེ་ཉིང་རྫོང་རྒྱལ་ཡོངས་ཀྱི་མ་རྐང་འཇོག་པའི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་དོན་དྲུག་པ་དང་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང་གྱ་དྲུག་པར་སླེབས་ཡོད། སྤྱི་ལོ2019ལོའི་ཟླ12པར“2019ལོའི་རྒྱལ་ཁབ་སྐྱེད་ཚལ་གྱི་རྫོང་མཁར”དུ་བདམས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་བར་དུ། སུའེ་ཉིང་རྫོང་གི་ཁོངས་སུ་སུའེ་ཁྲེང་ཁྲོམ་སྲང་དང་། སུའེ་ཧུ་ཁྲོམ་སྲང་། ཅིན་ཁྲེང་ཁྲོམ་སྲང་བཅས་ཁྲོམ་སྲང་གསུམ་དང་། ལི་ཅི་གྲོང་རྡལ་དང་། ཀོན་ཧྲན་གྲོང་རྡལ། ཆིའུ་ཅི་གྲོང་རྡལ། ལིང་ཅི་གྲོང་རྡལ། ཧྲ་ཙུའོ་གྲོང་རྡལ། ལེང་ཅི་གྲོང་རྡལ། ཝེ་ཅི་གྲོང་རྡལ། ཀུའུ་ཅི་གྲོང་རྡལ། ཡའོ་ཅི་གྲོང་རྡལ། ཧྲོང་ཀོའུ་གྲོང་རྡལ། ཝང་ཅི་གྲོང་རྡལ། ལན་ཧྲན་གྲོང་རྡལ། ཐའོ་ཡོན་གྲོང་རྡལ། ཆིང་ཨན་གྲོང་རྡལ་བཅས་གྲོང་རྡལ་བཅོ་ལྔ་ཡོད་པ་རེད། རྫོང་སྲིད་གཞུང་ནི་སུའེ་ཧུ་ཁྲོམ་སྲང་ཡུང་ཁང་ལམ་གྱི་ཨང་རྟགས1པར་གནས་ཡོད།

3 ས་བབ་གནས་ཚུལ།

སུའེ་ཉིང་རྫོང་ནི་ཅང་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་དང་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། རྫོང་མཁར་ནས་ཞུས་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་སྤྱི་ལེ80ཡོད། ཤར་དུ་སུའུ་ཆན་གྲོང་ཁྱེར་ལ་འབྲེལ་པ་དང་ནུབ་ཏུ་ཐུང་ཧྲན་ཆུས་དང་འབྲེལ། ལྷོ་དང་ནུབ་ཏུ་ཨན་ཧུའེ་སི་རྫོང་དང་ལིན་པེ་རྫོང་གཉིས་ལ་ས་མཚམས་འབྲེལ་ཡོད། བྱང་དུ་སུའེ་ཀྲོའུ་གྲོང་ཁྱེར་དང་མཚམས་འབྲེལ་ཡོད། རྫོང་ཡོངས་ཀྱི་ཤར་ནུབ་རིང་ཚད་ལ་སྤྱི་ལེ75ཙམ་ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ55ཙམ་ཡོད།

སུའེ་ཉིང་རྫོང་ནི་དབྱི་མེང་རི་རྒྱུད་དང་ཧོའེ་ཧའེ་བདེ་ཐང་གི་འབྲེལ་མཚམས་སུ་གནས་ཤིང་། སྤྱིའི་ས་བབ་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་དལ་བུར་གསེག་ཡོད་པ་དང་། དེའི་མངའ་ཁོངས་སུ་ནུབ་བྱང་དང་། ནུབ་རྒྱུད། ནུབ་ལྷོ་བཅས་སུ་རི་དམའ་ཐར་ཐོར་ཡོད་པ་ཕུད། དེ་ཕན་ཆད་ཚང་མ་སེར་ཐིང་ཐིང་གི་བདེ་ཐང་ཡིན། ཀུའུ་དབྱི་གྲོང་རྡལ་གྱི་པི་ཧྲན་རི་བོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི204.7ཡོད་པ་དེ་ནི་རྫོང་ཡོངས་ཀྱི་ས་བབ་ཆེས་མཐོ་ཤོས་རེད། བདེ་ཐང་ས་ཁུལ་གྱི་ས་བབ་མཐོ་ཚད་ཆ་སྙོམས་ཀྱི་སྨི28.3དང་། ནུབ་བྱང་གི་ས་བབ་ཆེས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྨི37.2དང་ཤར་ལྷོའི་ས་བབ་དམའ་ཤོས་ལ་སྨི18.5ཙམ་ཡོད་པ་རེད།

4 ནམ་ཟླའི་ཆ་རྐྱེན།

སུའེ་ཉིང་རྫོང་ནི་འཕྲེད་ཐིག་བར་མ་དང་རྒྱ་མཚོ་དང་སྐམ་སའི་མཚམས། གནམ་གཤིས་བར་བརྒལ་ཁུལ་བཅས་སུ་ཁེལ་ཡོད་པས། དེ་ནི་དུས་རླུང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། ཉི་མའི་རྩིབས་འཕྲོ་དང་། རླུང་ཁམས་ཆེན་པོའི་འཁོར་རྒྱུན། ས་དབྱིབས་ཀྱི་ཁྱད་ཆོས་བཅས་ཀྱི་ཕྱོགས་བསྡུས་ནུས་པའི་རྐྱེན་གྱིས་ས་གནས་དེའི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། དཔྱིད་དུས་དྲོད་ཚད་འཕར་ཚད་མགྱོགས་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་དྲོད་ཚད་ཆག་པ་སྔ་བ། དགུན་དུས་གྲང་ངར་ཆེ་ལ་གངས་ཆར་ཉུང་། དུས་བཞིའི་དཔྱིད་ཀ་དང་སྟོན་ཀ་ཐུང་ལ། དགུན་ཁ་དང་དབྱར་ཁ་རིང་བའི་ཁྱད་ཆོས་ལྡན།

5  ཆབ་སྲིད་འགོ་ཁྲིད།

སུའེ་ཉིང་རྫོང་གི་ད་ལྟའི་འགོ་ཁྲིད་ཀྱི་གནས་ཚུལ།    

རྫོང་ཏང་ཨུའི་ཧྲུའུ་ཅི། ཅ་ཞིན་རྨིན། 

རྫོང་དཔོན་ཚབ་མ། ཞུའེ་ཡུང་། 


དཔྱད་གཞིའི་ཡིག་ཆ།