ཧྥེང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-28 09:49ལ་འགྲུབ།

ཧྥེང་རྫོང་།

ཧྥེང་རྫོང་།
ཧྥེང་རྫོང་ལ་ཧྥེང་ཁྲེང་ཡང་ཟེར། ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་རྫོང་ཞིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས། ཅང་སུའུ་དང་། ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་སུ་གནས། ཤར་ངོས་ནི་ཐུང་ཧྲན་ཆུས་དང་ཕེ་རྫོང་ལ་འབྲེལ་ཡོད་པ་དང་། བྱང་ངོས་ནི་ཅིན་ཤང་དང་ཡུས་ཐའེ་རྫོང་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ནི་ཧུའེ་ཧྲན་དང་ཞའོ་རྫོང་གཉིས་ལ་འབྲེལ་ཡོད། ནུབ་ངོས་ནི་ཏན་རྫོང་ལ་འབྲེལ་ཡོད། ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁུལ་དང་ཧྭ་བྱང་བདེ་ཐང་གི་ཤར་ལྷོའི་མཐའ་མཚམས་སུ་གནས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧྥེང་རྫོང་།
རྒྱ་ཡིག་གི་མིང་།
丰县
ཕྱི་ཡིག་གི་མིང་།
Feng County
མིང་གཞན།
ཧྥེང་ཁྲེང་། ཧྥེང་དབྱི། ཀུའུ་ཧྥེང་། ཆིན་ཐའེ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཁྲོམ་སྲང་གསུམ་དང་གྲོང་རྡལ་བཅུ་གཉིས།
སྲིད་གཞུང་སྡོད་གནས།
ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་ཞིང་ཆེན་ཧྥེང་རྫོང་མི་དམངས་དབུས་ལམ་ཨང་རྟགས8པ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221700
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1450.2
མི་གྲངས།
ཁྲི95.05(སྤྱི་ལོ2018ལོ)
ཡུལ་སྐད།
ཞུས་ཀྲོའུ་སྐད།
ནམ་ཟླ།
དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
སྲིད་འཛིན་ཚབ་ཨང་།
320321
GDP
དམངས་སྒོར་དུང་ཕྱུར48380(སྤྱི་ལོ2018ལོ།)
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཧྥེང་རྫོང་མེ་འཁོར་འབབ་ཚུགས།
1 ངོ་སྤྲོད་རགས་བསྡུས། 

ཧྥེང་རྫོང་ལ་ཧྥེང་ཁྲེང་ཡང་ཟེར། ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་རྫོང་ཞིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས། ཅང་སུའུ་དང་། ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་སུ་གནས། ཤར་ངོས་ནི་ཐུང་ཧྲན་ཆུས་དང་ཕེ་རྫོང་ལ་འབྲེལ་ཡོད་པ་དང་། བྱང་ངོས་ནི་ཅིན་ཤང་དང་ཡུས་ཐའེ་རྫོང་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ནི་ཧུའེ་ཧྲན་དང་ཞའོ་རྫོང་གཉིས་ལ་འབྲེལ་ཡོད། ནུབ་ངོས་ནི་ཏན་རྫོང་ལ་འབྲེལ་ཡོད། ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁུལ་དང་ཧྭ་བྱང་བདེ་ཐང་གི་ཤར་ལྷོའི་མཐའ་མཚམས་སུ་གནས་ཡོད།

གནའ་བོའི་དུས་སུ་ཧྥེང་རྫོང་གི་མིང་ལ་ཧྥེང་དབྱི་དང་། ཆིན་ཐའེ། ཧྥེང་ཁྲེང་བཅས་འབོད་པ་དང་། གནའ་སྔ་མོའི་དུས་སུ་བྱ་ཁྱུང་ཆེན་ས་དེ་གར་བབས་པས་མིང་ཡང་དེ་ལྟར་དུ་ཐོགས་པར་གྲགས།

ཧྥེང་རྫོང་ལ་ཡུན་རིང་བའི་སྔོན་བྱུང་གི་ལོ་རྒྱུས་ལྡན་པ་སྟེ། “སྔོན་ལ་ཞུས་ཀྲོའུ་རྗེས་སུ་ཞོན་ཡང་ཡོད། ཧྥེང་རྫོང་ཁོ་ནས་ལོ་ངོ་དཔག་པར་དཀའ”ཞེས་པའི་བཤད་སྲོལ་ཡང་ཡོད། ཧན་ཀའོ་ཙུའུ་ལིའུ་པང་དང་ལྷ་ཡི་སློབ་དཔོན་ཀྲང་ཏའོ་ལིང་གི་ཕ་ཡུལ་ཡིན།

2 སྲིད་འཛིན་ཁོངས་བགོས།

ཧྥེང་རྫོང་ས་ཁོངས་ཀྱི་གྲུ་ལམ་གཙོ་བོ་སྟེ། ཕུའུ་ཞིན་གཙང་པོ་ནི་རིམ་པ་དྲུག་པའི་གྲུ་ལམ་ཡིན་པ་དང་། ཧུའུ་ཞི་ཅིན་ཧང་མིས་བཟོས་གཙང་པོ་དང་འབྲེལ་ཡོད། བར་ཐག་ལསྤྱི་ལེ་40ཡོད། སྤྱི་ལོ2019ལོར་ཧྥེང་རྫོང་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་ལས་ཨང་ཞེ་ལྔར་སླེབས་ཡོད། སྤྱི་ལོ2019ལོའི་ཟླ11པར་ཧྥེང་རྫོང་དེ་ཆུ་གྲོན་ཆུང་ཅན་གྱི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་གཞི་ལ་ལོན་པའི་རྫོང(ཁུལ)གི་མིང་ཐོ་སྐོར་ཁག་གཉིས་པའི་ནང་ཚུད་ཡོད།

སྤྱི་ལོ2015ལོའི་ལོ་མཇུག་བར་དུ། ཧྥེང་རྫོང་དུ་ཧྥེང་ཁྲེང་ཁྲོམ་སྲང་། སུན་ལོའུ་ཁྲོམ་སྲང་། ཀྲུང་ལི་དབྱང་སོགས་ཁྲོམ་སྲང་གསུམ་དང་། ཧྲོན་ཧུ་གྲོང་རྡལ། ཧོན་ཁོའུ་གྲོང་རྡལ། ཧྲི་ཀྲའེ་གྲོང་རྡལ། ཝང་ཀོའུ་གྲོང་རྡལ། ཧྲོའུ་ཅི་གྲོང་རྡལ། ཧྭ་ཧྲན་གྲོང་རྡལ། ཏ་ཧྲ་ཧོ་གྲོང་རྡལ། ལིའང་ཀྲའེ་གྲོང་རྡལ། ཧྥན་ལོའུ་གྲོང་རྡལ། ཀྲའོ་ཀྲོང་གྲོང་རྡལ སུང་ལོ་གྲོང་རྡལ། ཁྲང་ཏེན་གྲོང་རྡལ་

3 ས་བབ་ཆགས་ཚུལ།

ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས། ཅང་སུའུ་དང་། ཧྲན་ཏུང་། ཧོ་ནན། ཨན་ཧུའེ་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་སུ་གནས། ཤར་ངོས་ནི་ཐུང་ཧྲན་ཆུས་དང་ཕེ་རྫོང་ལ་འབྲེལ་ཡོད་པ་དང་། བྱང་ངོས་ནི་ཅིན་ཤང་དང་ཡུས་ཐའེ་རྫོང་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ནི་ཧུའེ་ཧྲན་དང་ཞའོ་རྫོང་གཉིས་ལ་འབྲེལ་ཡོད། ནུབ་ངོས་ནི་ཏན་རྫོང་ལ་འབྲེལ་ཡོད། ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ས་ཁུལ་དང་ཧྭ་བྱང་བདེ་ཐང་གི་ཤར་ལྷོའི་མཐའ་མཚམས་སུ་གནས་ཡོད། ཧྥེང་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1449.7ལྷག་ཙམ་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་སྤྱི་ལེ59.2ལྷག་ཙམ་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ46.6ལྷག་ཙམ་ཡོད་པ་རེད།

ཧྥེང་རྫོང་ནི་སེར་ཐིང་ཐིང་གི་བདེ་ཐང་ཞིག་ཡིན་པ་དང་། ས་བབ་མཐོ་ལ་ཁོད་སྙོམས། ས་ངོས་ཀྱི་མཐོ་ཚད་སྤྱིར་བཏང་སྨི34.5-48.2བར་ཡིན་པ་དང་། ལྷོ་ནུབ་ནི་བྱང་ཤར་ལས་ཅུང་མཐོ་བ་ཡོད།

ཧྥེང་རྫོང་ཁོངས་ཀྱི་ཆུ་རྒྱུན་ནི་སྔོན་ཆད་རང་བྱུང་གི་ཆུ་རྒྱུན་ཡིན་པ་དང་། ཤར་ནུབ་ཀྱི་ཕྱོགས་སུ་བསྐྱོད་ཅིང་། རྒྱལ་ཁབ་བཙུགས་རྗེས་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་ཏེ། གཙང་པོ་ཆེན་པོ་ས་མཚམས་བྱས་ཤིང་། ཤར་ལ་ཀྲེང་ཅི་ལྷོ་བྱང་གི་ཡན་ལག་ཆུ་བོ་ཡོད་པ་དང་། ནུབ་ནས་ཤར་དུ་བཞུར་བཞིན་ཡོད། ནུབ་ཏུ་ཧྥུའུ་ཞིན་ཆུ་བོའི་མ་ལག་ཡོད་པ་དང་ལྷོ་ནས་བྱང་དུ་བཞུར་བཞིན་ཡོད། ཏ་ཧྲ་ཆུ་བོའི་རྒྱུད་དུ་སྐ་རགས་དབྱིབས་ཀྱི་ཆུ་མཛོད་ཆགས་ཡོད།

4 ནམ་ཟླའི་ཆ་རྐྱེན།

ཧྥེང་རྫོང་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། དུས་བཞིའི་དབྱེ་བ་གསལ་བ་དང་། ཉི་འོད་ཕོག་ཚད་མང་བ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད15℃ཡས་མས་ཡིན་པ། གྲང་ངར་ཆེས་ཆེ་ཤོས་ཀྱི་ཟླ་བའི(ཟླ་བ་དང་པོ)ཆ་སྙོམས་དྲོད་ཚད-0.2℃ཡིན་པ་དང་། ཚ་བ་ཆེས་ཆེ་ཤོས་ཀྱི་ཟླ་བའི(ཟླ་བདུན་པ)ཆ་སྙོམས་དྲོད་ཚད27.3℃ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི630.4ཙམ་ཡིན་པ་དང་། སད་མེད་དུས་ཡུན་ཉིན200ཡས་མས་རིང་ཡིན།

5 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏུ་ཧྥེང་རྫོང་གི་རྒྱུན་སྡོད་མི་གྲངས་ཁྲི95.05ལ་སླེབས་ཡོད་པ་དང་། གྲོང་ཁྱེར་ཅན་གྱི་ཆུ་ཚད་ཀྱི53.8%བཟུང་ནས་ལོ་གོང་མ་ལས1.4%འཕར་ཡོད། ཧྥེང་རྫོང་གི་ཁོངས་སུ་རྒྱ་རིགས་དང་། སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། དབྱིས་རིགས། མིའོ་རིགས། ཞི་པོ་རིགས། ཅིང་ཕོ་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུའི་རིགས། ཐུང་རིགས། པའེ་རིགས། ཐུའུ་ཅ་རིགས། ཕུའུ་སྨི་རིགས། ཏའེ་རིགས། ལ་ཧུའུ་རིགས། ཏ་ཝོར་རིགས། ཆའང་རིགས། རི་མཐོའི་རིགས། ལི་རིགས། ནུའུ་རིགས། པུའུ་ལང་། ཧ་ཉི་རིགས། ཧ་སག་རིགས་སོགས་མི་རིགས་29ཡོད།

6 ཆབ་སྲིད་འགོ་ཁྲིད།

ཧྥེང་རྫོང་གི་ད་ལྟའི་ཆབ་སྲིད་འགོ་ཁྲིད་ཀྱི་གནས་ཚུལ།

རྫོང་ཏང་ཨུའི་ཧྲུའུ་ཅི། ལོའུ་ཧའེ།

རྫོང་དཔོན། ཀྲེང་ཁྲུན་ཝེ། 


དཔྱད་གཞིའི་ཡིག་ཆ།