ཐུང་ཧྲན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:23ལ་འགྲུབ།

ཐུང་ཧྲན་ཆུས།

ཐུང་ཧྲན་ཆུས།
ཐུང་ཧྲན་ཆུས་ཀྱི་གནའ་བོའི་མིང་ལ་ཕེང་ཁྲེང་ཅུན་ཟེར་ཞིང་། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། མངའ་ཁོངས་སུ་ཝེ་ཧྲན་མཚེའུ་ཐུང་ཧྲན་གླིང་ཕྲན་ཡོད་པས་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། བྱང་རྒྱུད་ནི་ཧྲན་ཏུང་ཞིང་ཆེན་གྱི་ཝེ་ཧྲན་རྫོང་དང་ཙའོ་ཀྲོང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རྒྱུད་ནི་ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་ལིན་པེན་རྫོང་ལ་འབྲེལ་ཡོད། ཤར་རྒྱུད་ནི་སུའེ་ཀྲོའུ་གྲོང་ཁྱེར་དང་སུའེ་ཉིང་རྫོང་ལ་འབྲེལ་ཞིང་། ནུབ་རྒྱུད་ནི་ཞའོ་རྫོང་དང་ཧྥེང་རྫོང་། ཕེ་རྫོང་བཅས་ལ་འབྲེལ་ཡོད། ཐུང་ཧྲན་ཆུས་ནི་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་སུ་ཡོད་པ་དང་། གནའ་དུས་སུ“ཞིང་ཆེན་ལྔའི་བགྲོད་ལམ”ཞེས་པའི་མཚན་སྙན་ཡོད་པའི་འགག་སྒོ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟ་གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་འགྲུལ་ལམ། སྦུབས་ལམ་བཅས་ཀྱི་ལམ་སྟབས་བདེ་བཟོས་ཡོད། ཐུང་ཧྲན་ཆུས་ནང་ཁོངས་གི་ཞུས་ཀྲོའུ་མཐོ་གསར་ཆུས་ནི་ཅང་སུའུ་བྱང་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་མཐོ་གསར་ཆུས་ཐོག་མ་དེ་ཡིན་པ་དང་། ལྗོངས་ནང་ཁུལ་དུ་གཡེང་ཧྲུའེ་མཚེའུ་དང་། ལུའེ་ལེའང་ཧྲན་མཛེས་ལྗོངས་ཁུལ། ཧན་རྒྱལ་པོས་གྲི་རྩེད་ཆུ་མིག ཕེང་ཙུའུ་ཡི་གཞིས་གྲོང་། ཁྲུའུ་ཝང་རི་བོའི་ཧན་རྒྱལ་རབས་ཀྱི་བང་སོའི་ཚོགས་པ། ཆན་ཧྥོ་བྲག་ཕུག་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐུང་ཧྲན་ཆུས།
རྒྱ་ཡིག་གི་མིང་།
铜山区
ཕྱི་ཡིག་གི་མིང་།
Tongshan District
མིང་གཞན།
པེང་ཁྲེང་ཅོན། ཕེང་ཁྲེང་རྫོང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་སྲང་བཅུ་གཅིག གྲོང་རྡལ་བཅུ་བདུན། ཞུས་ཀྲོའུ་ཀའོ་ཞིན་ཆུས།
སྲིད་གཞུང་སྡོད་གནས།
ཐུང་ཧྲན་ཆུས་ཆན་ཧྥུའུ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2003.98
ཡུལ་སྐད།
ཞུས་ཀྲོའུ་སྐད།
ནམ་ཟླ།
དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
GDP
དམངས་སྒོར་དུང་ཕྱུར1090.66(སྤྱི་ལོ2018ལོ།)
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་། ཞུས་ཀྲོའུ་དམའ་དམག་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཞུས་ཀྲོའུ་མེ་འཁོར་འབབ་ཚུགས། ཞུས་ཀྲོའུ་མེ་འཁོར་འབབ་ཚུགས་ཤར་མ།
1 ​ངོ་སྤྲོད་རགས་བསྡུས།

ཐུང་ཧྲན་ཆུས་ཀྱི་གནའ་བོའི་མིང་ལ་ཕེང་ཁྲེང་ཅུན་ཟེར་ཞིང་། ཅང་སུའུ་ཞིང་ཆེན་གྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། མངའ་ཁོངས་སུ་ཝེ་ཧྲན་མཚེའུ་ཐུང་ཧྲན་གླིང་ཕྲན་ཡོད་པས་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་རེད། བྱང་རྒྱུད་ནི་ཧྲན་ཏུང་ཞིང་ཆེན་གྱི་ཝེ་ཧྲན་རྫོང་དང་ཙའོ་ཀྲོང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རྒྱུད་ནི་ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་ལིན་པེན་རྫོང་ལ་འབྲེལ་ཡོད། ཤར་རྒྱུད་ནི་སུའེ་ཀྲོའུ་གྲོང་ཁྱེར་དང་སུའེ་ཉིང་རྫོང་ལ་འབྲེལ་ཞིང་། ནུབ་རྒྱུད་ནི་ཞའོ་རྫོང་དང་ཧྥེང་རྫོང་། ཕེ་རྫོང་བཅས་ལ་འབྲེལ་ཡོད།

ཐུང་ཧྲན་ཆུས་ནི་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་སུ་ཡོད་པ་དང་། གནའ་དུས་སུ“ཞིང་ཆེན་ལྔའི་བགྲོད་ལམ”ཞེས་པའི་མཚན་སྙན་ཡོད་པའི་འགག་སྒོ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟ་གཞུང་ལམ་དང་། ལྕགས་ལམ། ཆུ་ལམ། མཁའ་འགྲུལ་ལམ། སྦུབས་ལམ་བཅས་ཀྱི་ལམ་སྟབས་བདེ་བཟོས་ཡོད། ཐུང་ཧྲན་ཆུས་ནང་ཁོངས་གི་ཞུས་ཀྲོའུ་མཐོ་གསར་ཆུས་ནི་ཅང་སུའུ་བྱང་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་མཐོ་གསར་ཆུས་ཐོག་མ་དེ་ཡིན་པ་དང་། ལྗོངས་ནང་ཁུལ་དུ་གཡེང་ཧྲུའེ་མཚེའུ་དང་། ལུའེ་ལེའང་ཧྲན་མཛེས་ལྗོངས་ཁུལ། ཧན་རྒྱལ་པོས་གྲི་རྩེད་ཆུ་མིག ཕེང་ཙུའུ་ཡི་གཞིས་གྲོང་། ཁྲུའུ་ཝང་རི་བོའི་ཧན་རྒྱལ་རབས་ཀྱི་བང་སོའི་ཚོགས་པ། ཆན་ཧྥོ་བྲག་ཕུག་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།

ཐུང་ཧྲན་རི་བོ་ནི་ཞུས་ཀྲོའུ་ཡི་ཚན་རྩལ་དང་། འཕྲིན་གཏོང་། ཕྱི་ཕྱོགས་ཚོང་དོན་ལྟེ་གནས་བཅས་ཡིན་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཆུས་ཆེ་གྲས་ཤིག་ཡིན་ལ། ཅང་སུའུ་ཞིང་ཆེན་གྱི་གསར་གཏོད་རྣམ་པའི་ཚོད་ལྟའི་ཆུས་ཤིག་ཀྱང་ཡིན།

སྤྱི་ལོ2019ལོར་ཐུང་ཧྲན་ཆུས་ཆུས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དེ་ཀྲུང་གོའི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་ཨང་ཉེར་བརྒྱད་པར་སླེབས་ནས་ཅང་སུའུ་བྱང་རྒྱུད་ཀྱི་ཨང་དང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས“སུའུ་པེ་ཆུས་དང་པོ”ཞེས་བརྗོད་ཀྱི་ཡོད། སྤྱི་ལོ2019ལོར་ཐུང་ཧྲན་ཆུས་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་སོ་བདུན་པ་དང་། རྒྱལ་ཡོངས་ཀྱི་མ་རྐང་འཇོག་པའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་ཉེར་དྲུག་པ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་ཞེ་དགུ་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་ལྔ་བཅུ་པར་སླེབས་ཡོད།

2 སྲིད་འཛིན་ཁོངས་བགོས།

ཐུང་ཧྲན་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་གནས་སུ་གནས། བྱང་རྒྱུད་ནི་ཧྲན་ཏུང་ཞིང་ཆེན་གྱི་ཝེ་ཧྲན་རྫོང་དང་ཙའོ་ཀྲོང་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རྒྱུད་ནི་ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཆའོ་ཆུས་དང་ལིན་པེན་རྫོང་ལ་འབྲེལ་ཡོད། ཤར་རྒྱུད་ནི་སུའེ་ཀྲོའུ་གྲོང་ཁྱེར་དང་སུའེ་ཉིང་རྫོང་ལ་འབྲེལ་ཞིང་། ནུབ་རྒྱུད་ནི་ཞའོ་རྫོང་དང་ཧྥེང་རྫོང་། ཕེ་རྫོང་བཅས་ལ་འབྲེལ་ཡོད། ཐུང་ཧྲན་ཆུས་ཀྱི་མངའ་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ64.5ལྷག་ཙམ་ཡོད་པ་དང་། ལྷོ་བྱང་གི་རིང་ཚད་སྤྱི་ལེ61.5ལྷག་ཙམ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1877ལྷག་ཙམ་ཡོད།

3 ས་བབ་གནས་ཚུལ།

ཐུང་ཧྲན་ཆུས་ཀྱི་ནུབ་བྱང་དང་ཤར་ལྷོའི་རྒྱུད་དེ་བདེ་ཐང་གི་བར་དུ་ཐུག་ཡོ་པ་དང་། ས་བབ་ཁོད་སྙོམས་པ། ཆུ་བོས་དྲ་རྒྱ་འཐེན་ཡོད། བྱང་ཤར་དང་ལྷོ་ནུབ། ཤར་ལྷོའི་ས་ཁུལ་ཁ་ཤས་ནི་རི་མ་ཐང་ཡིན་པ་དང་། དེ་ནི་དབྱི་མེང་རི་ཁུལ་གྱི་ལྷོ་མཐའ་ནས་བཤུ་ཟད་ཐེབས་པའི་ལྷག་རོ་ཡིན། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དེ་ཆུས་ཁོངས་ཀྱི་བྱང་རྒྱུད་དུ་འཕྲེད་བརྒལ་བྱས་ཡོད། རྨ་ཆུ་ནི་ས་ཁོངས་ནང་དུ་ནུབ་བྱང་ནས་ཤར་ལྷོར་བརྒལ་ཡོད་པའི་ས་དབྱིབས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་གྲུབ་ཡོད།    ཐུང་ཧྲན་ཆུས་ཀྱི་ས་ཁོངས་ནང་གི་ཆུ་བོ་གཙོ་བོར་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་། རྨ་ཆུ། ཀྲེང་ཅི་ཆུ་བོ་སོགས་ཡོད་ལ། ས་འོག་གི་ཆུ་ནི་གཙོ་བོ་སོབ་ཐོར་བྲག་རིགས་ཀྱི་ཁུང་སྲུབས་ཆུ་དང་ཐཱན་སྐྱུར་ཚྭ་བྲག་རིགས་ཀྱི་བྲག་ཞུན་ཆུ་སོགས་ཡིན།

4 ནམ་ཟླའི་ཆ་རྐྱེན།

ཐུང་ཧྲན་ཆུས་ནི་སེར་ཐིང་ཐིང་གི་བདེ་ཐང་དང་དེའུ་འབུར་དམའ་བའི་འབྲེལ་མཚམས་སུ་གནས་པ་དང་། དྲོད་འཇམ་ཁུལ་གྱི་བརླན་གཤེར་དང་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2283ཙམ་ཡིན་པ་དང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི868.6ལྷག་ཙམ་ཡིན། སད་མེད་དུས་ཡུན་ཆ་སྙོམས་ཀྱི་ཉིན210རིང་ཡིན།

གནམ་གཤིས་དེ་དྲོད་ཁུལ་ལྷོ་མའི་ལུའུ་ཧོའེ་ཆུས་སུ་གཏོགས་པ་དང་། འབྲི་ཆུའི་འབབ་རྒྱུད་དང་རྨ་ཆུའི་འབབ་རྒྱུད་ཀྱི་བར་བརྒལ་རང་བཞིན་གྱི་ཁྱད་ཆོས་ལྡན། དེའི་ཁྱད་ཆོས་གཙོ་བོ་ནི་གནམ་གཤིས་དྲོ་ཞིང་འཇམ་པ་དང་། ཉི་འོད་ཕོག་ཚད་མོད་པ། ཆར་ཆུ་འབབ་ཚད་ཅུང་མང་བ། དུས་བཞིའི་དབྱེ་བ་གསལ་བ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད13.9℃ཡིན་པ་དང་། ཟླ་དང་པོ་ནི་ཆེས་གྲང་ཤོས་ཀྱི་དུས་ཡིན་ལ། ཟླ་རེར་ཆ་སྙོམས་དྲོད་ཚད་-0.4℃ཡིན། ཟླ7པ་ནི་ཚ་བ་ཆེས་ཆེ་བའི་དུས་ཡིན་ལ། ཟླ་རེའི་ཆ་སྙོམས་དྲོད་ཚད26.8℃ལྷག་ཙམ་ཡིན། 

5 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ4པའི་བར་དུ་ཐུང་ཧྲན་ཆུས་ཀྱི་ཁོངས་སུ་ཁྲོམ་སྲང་དོན་གཅོད་ཁྲུའུ12ཡོད་པ་སྟེ། ཐུང་ཧྲན་ཁྲོམ་སྲང་། ཆུས་གསར་ཁྲོམ་སྲང་། སན་པའོ་ཁྲོམ་སྲང་། དབྱི་ཨན་ཁྲོམ་སྲང་། ལི་གོ་ཁྲོམ་སྲང་། ཀྲང་ཅི་ཁྲོམ་སྲང་། ཆི་ཁྲེང་ཁྲོམ་སྲང་། གློག་བཟོ་གྲྭའི་ཁྲོམ་སྲང་། ཀྲང་ཧྲོང་ལོའུ་ཁྲོམ་སྲང་། སན་ཧོ་ཅན་ཁྲོམ་སྲང་། ཐའོ་ཏུན་ཁྲོམ་སྲང་། པིན་ཧུའུ་ཁྲོམ་སྲང་བཅས་ཡིན་པ་དང་། གྲོང་རྡལ་ཡང་བཅོ་བརྒྱད་ཡོད་དེ། ཀྲང་ཅི་ཀྲེན་གྲོང་རྡལ་དང་། ཐང་ཀྲང་གྲོང་རྡལ། ཧྥང་ཚུན་གྲོང་རྡལ། དབྱི་ཀྲོང་གྲོང་རྡལ། ཞུས་ཀྲོང་གྲོང་རྡལ། ཏ་ཞུས་གྲོང་རྡལ། ཏན་ཅི་གྲོང་རྡལ། ཧན་ཝང་གྲོང་རྡལ། ཏ་ཕེང་གྲོང་རྡལ། ལིའུ་ཅི་གྲོང་རྡལ། ཀྲེང་ཅི་གྲོང་རྡལ། ཧོང་ཅི་གྲོང་རྡལ། ཧོ་ཆའོ་གྲོང་རྡལ། མའོ་ཀྲེན་གྲོང་རྡལ། ལིའུ་ཤིན་གྲོང་རྡལ། ལིའུ་ཆོན་གྲོང་རྡལ། མ་ཕོ་གྲོང་རྡལ། ལི་གོ་གྲོང་རྡལ་བཅས་པའོ།། དེ་མིན་གཞན་མཚོ་འགྲམ་ཞིང་ར་ཞིག་དང་། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཆུས་ཏེ་ཞུས་ཀྲོའུ་མཐོ་གསར་ཆུས་ཡོད། ཐུང་ཧྲན་ཆུས་ཀྱི་ཁོངས་སུ་ད་དུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་སུམ་བརྒྱ་ཉེར་ཅིག་ཡོད་པའི་ནང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཉིས་བརྒྱ་གོ་གསུམ་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་ཉེར་བརྒྱད་ཡོད། ཆུས་སྲིད་གཞུང་ནི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཐུང་ཧྲན་ཆུས་ཀྱི་ཧྥུའུ་ཆན་ལམ་དུ་ཆགས་ཡོད།

6 ཆབ་སྲིད་འགོ་ཁྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ཝང་ཝེ་ཧྥེང་།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་། ལིའུ་ཀོང་རྨིན།


དཔྱད་གཞིའི་ཡིག་ཆ།