ཆོན་ཧྲན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:19ལ་འགྲུབ།

ཆོན་ཧྲན་ཆུས།

ཆོན་ཧྲན་ཆུས།
ཆོན་ཧྲན་ཆུས་ནི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ལ། ཡུན་ལུང་མཚོ་དང་ཡུན་ལུང་རི་བོ་གཉིས་ཆུས་དེའི་དཀྱིལ་དབུས་སུ་གནས་ཡོད། མངའ་ཁོངས་ཀྱི་ཆོན་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཡོད་པ་ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་རེད། ཆོན་ཧྲན་ཆུས་ཀྱི་མངའ་ཁོངས་སུ་ཅང་སུའུ་ཞིང་ཆེན་ཅང་པེ་ས་ཁུལ་དང་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་རྒྱལ་ཁབ་རིམ་པའི་སློབ་ཆེན་ཚན་རྩལ་གླིང་གཅིག་པུ་སྟེ་ཀྲུང་གོ་གཏེར་ལས་སློབ་ཆེན་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་ཡོད་ལ། ཧོའེ་ཧའེ་གཡུལ་འགྱེད་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། ལ་ལེ་རི་བོའི་ཧན་རྒྱལ་རབས་ཀྱི་བང་སོ། ཧན་རྒྱལ་རབས་ཀྱི་རྡོ་བརྐོས་སྒྱུ་རྩལ་ཁང་སོགས་རང་བྱུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཀྱང་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆོན་ཧྲན་ཆུས།
རྒྱ་ཡིག་གི་མིང་།
泉山区
ཕྱི་ཡིག་གི་མིང་།
Quanshan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་སྲང་བཅུ་བཞི།
སྲིད་གཞུང་སྡོད་གནས།
ཞུས་ཀྲོའུ་གྲོང་ཁྱེར་བཅིངས་འགྲོལ་ལྷོ་ལམ་ཨང་རྟགས189པ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ100
མི་གྲངས།
ཁྲི73.23(སྤྱི་ལོ2018)
ནམ་ཟླ།
དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
ཡུལ་སྐད།
ཞུས་ཀྲོའུ་སྐད།
རླངས་འཁོར་ཚབ་ཨང་།
苏C
ཆབ་སྲིད་ཚབ་ཨང་།
320311
 GDP
དམངས་སྒོར་དུང་ཕྱུར624.56(སྤྱི་ལོ2018ལོ།)
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཞུས་ཀྲོའུ་མེ་འཁོར་འབབ་ཚུགས། ཞུས་ཀྲོའུ་མེ་འཁོར་འབབ་ཚུགས་ཤར་མ།
1 ལོ་རྒྱུས་རགས་བསྡུས།

ཆོན་ཧྲན་ཆུས་ནི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ལ། ཡུན་ལུང་མཚོ་དང་ཡུན་ལུང་རི་བོ་གཉིས་ཆུས་དེའི་དཀྱིལ་དབུས་སུ་གནས་ཡོད། མངའ་ཁོངས་ཀྱི་ཆོན་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཡོད་པ་ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་རེད།

ཆོན་ཧྲན་ཆུས་ཀྱི་མངའ་ཁོངས་སུ་ཅང་སུའུ་ཞིང་ཆེན་ཅང་པེ་ས་ཁུལ་དང་ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་རྒྱལ་ཁབ་རིམ་པའི་སློབ་ཆེན་ཚན་རྩལ་གླིང་གཅིག་པུ་སྟེ་ཀྲུང་གོ་གཏེར་ལས་སློབ་ཆེན་རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་ཡོད་ལ། ཧོའེ་ཧའེ་གཡུལ་འགྱེད་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། ལ་ལེ་རི་བོའི་ཧན་རྒྱལ་རབས་ཀྱི་བང་སོ། ཧན་རྒྱལ་རབས་ཀྱི་རྡོ་བརྐོས་སྒྱུ་རྩལ་ཁང་སོགས་རང་བྱུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཀྱང་ཡོད།

ཆོན་ཧྲན་ཆུས་ནི་ཞུས་ཀྲོའུ་ཡི་དཔལ་འབྱོར་དང་སློབ་གསོ། སྨན་བཅོས་བཅས་ཀྱི་ལྟེ་གནས་ཡིན་པ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བས་ཆུས་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། རྒྱལ་ཡོངས་ཀྱི་ཚན་རྩལ་སྔོན་ཐོན་ཆུས། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་ཆེ་བའི་ཆུས་ཀྱི་ལས་གྲྭའི་ཚོད་ལྟ་ཆུས། ཅང་སུའུ་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་སྔོན་ཐོན་ཆུས། ཅང་སུའུ་ཞིང་ཆེན་གྱི་གསར་གཏོད་ཚོད་ལྟ་བྱེད་གནས་ཆུས་བཅས་ཀྱང་ཡིན།

ཆོན་ཧྲན་ཆུས་ནི་འབྲི་ཆུའི་བྱང་རྒྱུད་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྟོབས་ཤུགས་ཆེ་བའི་ཆུས་སྔོན་གྲས་ཡིན་ལ་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁུལ་རྩེ་གྲས་སུ་ཐོན་པར་ཧུར་བརྩོན་བྱེད་བཞིན་ཡོད།

སྤྱི་ལོ2015ལོར་ཆོན་ཧྲན་ཆུས་དེ་ཞུས་ཀྲོའུ་ཀུའུ་ལོའུ་ཆུས་རྗེས་ཀྱི་རྒྱལ་ཁབ་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་གནས་སྤོ་སྒྱུར་བཀོད་ཚོད་ལྟ་བྱ་ཡུལ་གཉིས་པར་གྱུར།

2 སྲིད་འཛིན་ཁོངས་བགོས།

ཆོན་ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ110ཡོད་པ་དང་། དེའི་ཁོངས་སུ་ཡུང་ཨན་དང་། ཝང་ལིན། ཧུའུ་པིན། ཞི་བདེ། ཁུའེ་ཧྲན། ཏོན་ཀྲོང་། ཀྲའེ་ཧྲན། ཐའེ་ཧྲན། ཅིན་ཧྲན། ཆི་ལི་ཀུའུ། ཧུ་ཧྭ། སུའུ་ཧྲན། ཐའོ་ཀྲོང་། ཕང་ཀྲོང་སོགས་ཁྲོམ་སྲང་བཅུ་བཞི་ཡོད་པ་དང་། དེའི་འོག་ཏུ་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་བརྒྱ་དང་བཅུ་བཞི་བཙུགས་ཡོད། སྤྱི་ལོ2018ལོར་ཆོན་ཧྲན་རི་ཁུལ་གྱི་ཐེམ་ཐོའི་མི་གྲངས་ཁྲི56.85སླེབས་པ་དང་རྒྱུན་སྡོད་མི་གྲངས་ཁྲི73.23ལ་སླེབས་ཡོད།

3 ས་བབ་གནས་ཚུལ།

ཆོན་ཧྲན་ཆུས་ནི་ཞུས་ཀྲོའུ་གྲོང་ཁྱེར་གྲོང་ཁུལ་གྱི་ལྷོ་ནུབ་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་ནི་ཡུན་ལུང་ཆུས་དང་འབྲེལ་ཡོད། བྱང་ངོས་ནི་ཀུའུ་ལོའུ་ཆུས་དང་འབྲེལ་ཡོད་ལ། ལྷོ་ནུབ་ནི་ཐུང་ཧྲན་ཆུས་འབྲེལ་ཡོད། ཆུས་ཁོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ110བཟུང་ཡོད་པ་རེད།    ཆོན་ཧྲན་ཆུས་ནི་སྒང་འབུར་དང་། རི་མ་ཐང་། བདེ་ཐང་། སྒང་ས། ཆུ་བོ་བཅས་གཞི་གཅིག་ཏུ་འདུས་ཡོད། ཅིན་ཧྲན་ཁྲོམ་སྲང་དང་། ཀྲའེ་ཧྲན་ཁྲོམ་སྲང་། སུའུ་ཧྲན་ཁྲོམ་སྲང་། ཧུ་ཧྭ་ཁྲོམ་སྲང་སོགས་ཁྲོམ་སྲང་དོན་གཅོད་ཁྲུའུ་ནི་རི་དམའ་བ་དང་རི་མ་ཐང་ཁུལ་དུ་གནས་པ་དང་། དེའི་ཕན་ཆད་བདེ་ཐང་དང་སྒང་ཁུལ་ཡིན། ཆོན་ཧྲན་ཆུས་ཁོངས་སུ་ཡུན་ལུང་རི་བོ་དང་། ཐའེ་ཧྲན་རི་བོ། ཧན་ཧྲན་རི་བོ། ཏ་ཧྲན་རི་བོ་སོགས་རི་རྒྱུད་ཕུད། ཆུས་ནང་ཁུལ་གྱི་ས་དབྱིབས་མང་ཆེ་བ་བདེ་ཐང་ཡིན།

4 ནམ་ཟླའི་ཆ་རྐྱེན།

ཆོན་ཧྲན་ཆུས་ནི་དྲོད་རྒྱུད་ཁུལ་བྱང་མར་གནས་པ་དང་། དྲོད་ཁུལ་གྱི་བརླན་གཤེར་ཆེ་བ་དང་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིའི་དབྱེ་བ་གསལ་བ་དང་། དཔྱིད་འཇམ་ལ་སྟོན་དྲོ། དགུན་གྲང་ལ་དབྱར་ཚ་བ་བཅས་ཀྱི་ཁྱད་ཆོས་ལྡན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཏུའུ14.5ཡིན་པ། ལོ་རེའི་དྲོད་ཚད་མཐོ་ཤོས་ཏུའུ30ཡིན་པའམ་ཡང་ན་ཏུའུ་གྲངས30ཅན་གྱི་ཉིན་གྲངས59ལྷག་ཙམ་ཡོད། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2280-2440བར་ཡིན་པ་དང་། ལོ་རེར་སད་མེད་དུས་ཡུན་ཉིན210རིང་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི802.4ཡས་མས་ཡིན།

ཆོན་ཧྲན་ཆུས་ཀྱི་མངའ་ཁོངས་སུ་རྨ་ཆུ་དང་། ཏིང་ཝན་ཆུ་བོ། ཐོ་ཐུན་ཆུ་བོ། ཤིན་ཆུ་སོགས་ཀྱི་ཆུ་བོ་མང་པོས་དྲ་རྒྱ་འཐེན་ཡོད་ལ། གཞན་ཡང་ཆུའི་ཡུར་བུ་དང་། ཟམ་པ། ཆུའི་འགག་སྒོ་སོགས་ཀྱི་སྒྲིག་བཀོད་ཀྱིས་ཆོན་ཧྲན་ཆུས་ཀྱི་ཆུ་ཐོན་གསོ་སྤེལ་ལས་དོན་ལ་ཆ་རྐྱེན་བཟང་པོ་མཁོ་འདོན་བྱས་ཡོད། ཆོན་ཧྲན་ཆུས་ཀྱི་ཆུ་ཁོངས་གསོ་སྤེལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང340ལྷག་ཙམ་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཆོན་ཧྲན་ཆུས་ཀྱི་ད་ལྟའི་འགོ་ཁྲིད་གནས་ཚུལ།

ཆུས་ཏང་ཨུའི་ཧྲུའུ་ཅི། ཝུའུ་ཝེ་ཏུང་།

ཆུས་ཀྲང་། ཚའེ་ཁྲེང་ཡན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆབ་སྲིད། ས་གནས། ཆུས། ཆོན་ཧྲན་ཆུས།