ཅ་ཝང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 10:21ལ་འགྲུབ།

ཅ་ཝང་ཆུས།

ཅ་ཝང་ཆུས།
ཅ་ཝང་ཆུས་ལ་ཆན་ཁྲེང་ཆུས་ཟེར་ཞིང་། ཅང་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཞུས་ཀྲོའུ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་སུའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ལ། ལྷོ་རྒྱུད་དང་ནུབ་བྱང་རྒྱུད་དུ་ཐུང་ཧྲན་ཆུས་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཧྲན་ཏུང་ཞིང་ཆེན་གྱི་ཙའོ་ཀྲོང་གྲོང་ཁྱེར་དང་འབྲེལ་ཡོད། ཅ་ཝང་ཆུས་ནི་སྤྱི་ལོ1952ལོར་བཙུགས་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅ་ཝང་ཆུས།
རྒྱ་ཡིག་གི་མིང་།
贾汪区
ཕྱི་ཡིག་གི་མིང་།
Jiawang District
མིང་གཞན།
ཆོན་ཁྲེང་ཆུས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་སྲང་བདུན། གྲོང་རྡལ་ལྔ།  ཞུས་ཀྲོའུ་བཟོ་ལས་གླིང་ཁུལ།
སྲིད་གཞུང་སྡོད་གནས།
ལའོ་ཁོང་ཁྲོམ་སྲང་གི་ཆན་ཝེ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221011
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ690
མི་གྲངས།
ཁྲི52.12(སྤྱི་ལོ2017ལོ།)
ཡུལ་སྐད།
ཞུས་ཀྲོའུ་སྐད།
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
སྲིད་འཛིན་ཚབ་ཨང་།
320305
GDP
དམངས་སྒོར་དུང་ཕྱུར340
གནམ་གྲུའི་ཐང་།
ཞུས་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཞུས་ཀྲོའུ་མེ་འཁོར་འབབ་ཚུགས། ཞུས་ཀྲོའུ་མེ་འཁོར་འབབ་ཚུགས་ཤར་མ། ཅ་ཝང་མེ་འཁོར་འབབ་ཚུགས།
1 ངོ་སྤྲོད་རགས་བསྡུས།

ཅ་ཝང་ཆུས་ལ་ཆན་ཁྲེང་ཆུས་ཟེར་ཞིང་། ཅང་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཞུས་ཀྲོའུ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་སུའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ལ། ལྷོ་རྒྱུད་དང་ནུབ་བྱང་རྒྱུད་དུ་ཐུང་ཧྲན་ཆུས་དང་འབྲེལ་ཡོད། བྱང་ཕྱོགས་ནི་ཧྲན་ཏུང་ཞིང་ཆེན་གྱི་ཙའོ་ཀྲོང་གྲོང་ཁྱེར་དང་འབྲེལ་ཡོད། ཅ་ཝང་ཆུས་ནི་སྤྱི་ལོ1952ལོར་བཙུགས་པ་ཡིན།

ཅ་ཝང་ཆུས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། ཧྲང་རྒྱལ་རབས་དང་ཀྲོའུ་རྒྱལ་རབས་ཀྱི་སྔོན་ནས་བཟུང་ས་དེ་རུ་མིའི་རིགས་གཏན་སྡོད་བྱས་མྱོང་ཡོད། མིང་རྒྱལ་རབས་ཀྱི་ཝན་ལི་ལོ་ཡི་སྐབས་སུ་ས་ཆ་དེ་རུ་ཆུ་རྩྭ་རྒྱས་ཤིང་བྱང་ཤར་གྱི་ཆུ་མིག་འཕྱུར་བས་རྒྱ་སྐད་དུ་ཝང་ཞེས་པའི་ཁྱད་ཆོས་ལྡན་པའི་གཙང་པོ་བྱུང་། དེ་བས་ཁྱད་ཆོས་ཀྱི་སྒོ་ནས་ཅ་ཝང་ས་ཆ་ལ་ཆོན་ཁྲེང་མཁར་ཞེས་འབོད་པ་བྱུང་། ས་ཆ་དེ་ནི་ཝང་གཙང་པོ་ལ་གཏད་ནས་གནས་པ་དང་རུས་ཅ་ཅན་གྱི་མི་མང་པོ་ས་དེ་རུ་འཚོ་སྡོད་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ས་ཆ་དེ་ལ“ཅ་ཅ་ཝང”ཞེས་འབོད་པ་བྱུང་བ་དང་། དེའི་རྗེས་སུ་རིམ་བཞིན་དུ་རང་མིས་རང་ས་ལ“ཅ་ཝང”ཞེས་འབོད་པར་གྱུར། ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཞུས་ཁྲི་ལོ་བརྒྱད་པར་ཧུའུ་ཨེན་ཞེ་ཞུ་བས་ཅ་ཅ་ཝང་དུ་ཁྲོན་པ་བརྐོས་ཤིང་གཏེར་ཁ་སྔོག་འདོན་བྱས་པ་དང་། ཅ་ཝང་གི་ལོ་བརྒྱའི་རྡོ་སོལ་སྔོག་འདོན་ལོ་རྒྱུས་ཀྱི་ཁ་ཕྱེ། ཀོང་ཞུས་ཁྲི་ལོ་ཉེར་བཞི་པར་ཅ་ཝང་རྡོ་སོལ་གཏེར་ཁ་ཀུང་སི་བཙུགས་པ་དང་དེ་ནས་བཟུང་དངོས་སུ“ཅ་ཝང”ཞེས་འབོད་ཅིང་། “ལོ་བརྒྱའི་རྡོ་སོལ་གྲོང”ཞེས་འབོད་སྲོལ་ཡོད།

ཅ་ཝང་ཆུས་ལ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི“སྟོབས་ཆེན་གྲོང་རྡལ་སྟོང”གི་མཚན་སྙན་ཐོབ་པའི་ཏ་ཝུའུ་གྲོང་རྡལ་དང་ཆིང་ཧྲན་ཆོན་གྲོང་རྡལ་ཡོད་ལ། ཆུས་ནང་ཁུལ་དུ་ཕན་ཨན་མཚེའུ་ཡི་མཛེས་ལྗོངས་ཁུལ་དང་ཏ་ཏུང་རི་བོའི་མཛེས་ལྗོངས་ཁུལ། ཧྲང་ཀུང་མཚེའུ་ཡི་མཛེས་ལྗོངས་ཁུལ། ཀྲུའུ་ཏན་དགོན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད་པས“ཞུས་ཀྲོའུ་རྒྱབ་ཀྱི་མེ་ཏོག་ལྡུམ་ར”ཞེས་བརྗོད་ཀྱིན་ཡོད། ཅ་ཝང་ཆུས་ནི་ཞུས་ཀྲོའུ་ཡི་ཚོང་ཟོག་འགྲེམས་སྟོན་དང་། ཚོང་དོན། སྣོད་བཅུད། ཡུལ་སྐོར་བཅས་ཀྱི་ལྟེ་གནས་ཡིན་པ་དང་ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཆུས་ཆེ་གྲས་ཀྱི་་གྲས་ཀྱང་ཡིན་ལ། ཞུས་ཀྲོའུ་གྲོང་ཁྱེར་གྱི་འཕེལ་རྒྱས་གོམ་ཁ་མགྱོགས་ཤོས་ཀྱི་ཆུས་ཀྱི་གྲས་ཤིག་ཀྱང་ཡིན།

ཅ་ཝང་ཆུས་ནི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཆུས་སྐོར་ཁག་དང་པོ་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ཆེ་བའི་རྫོང་ལས་གྲྭའི་ཚོད་ལྟའི་ཆུས། ཅང་སུའུ་ཞིང་ཆེན་གྱི་གསར་གཏོད་རྣམ་པའི་ཚོད་ལྟའི་ཆུས་བཅས་ཡིན། སྤྱི་ལོ2019ལོར་ཅ་ཝང་ཆུས་དེ་རྒྱལ་ཡོངས་ཀྱི་མ་རྐང་འཇོག་པའི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་གྲས་ཀྱི་ཨང་བཅོ་བརྒྱད་པ་དང་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཆེ་བའི་ཆུས་ཀྱི་ཨང་དོན་དགུ་པར་སླེབས་ཡོད།

2 སྲིད་འཛིན་ཁོངས་བགོས།                                   

སྤྱི་ལོ2018ལོར་ཅ་ཝང་ཆུས་ཀྱི་ཁོངས་གཏོགས་ཏ་ཆོན་དང་། ལའོ་ཁོང་། ཏ་ཝུའུ། ཕན་ཨན་ཧུའུ། ཏ་མེན། ཏ་ཧོང་ཧྲན། ཀྲུའུ་ཆི་ཧྲན་བཅས་ཁྲོམ་སྲང་དོན་གཅོད་ཁྲུའུ་བདུན་དང་དེ་བཞིན་ཆིང་ཧྲན་ཆོན་དང་། པེན་ཐང་། ཅང་ཀྲོང་། ཐ་ཧྲན། ཙི་ཀྲོང་བཅས་གྲོང་རྡལ་ལྔ། ཞུས་ཀྲོའུ་བཟོ་ལས་གླིང་ཁུལ་ལྔ་བཅས་ཡོད། དེའི་ནང་དུ་ཏ་མེན་ཁྲོམ་སྲང་དང་ཧོང་ཧྲན་རི་བོའི་ཁྲོམ་སྲང་གི་དོན་གཅོད་ཁྲུའུ་གཉིས་ཞུས་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུས་ཀྱིས་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས་ཡོད། ཆུས་སྲིད་གཞུང་ནི་ལའོ་ཁོང་ཁྲོམ་སྲང་གི་ཆན་ཝེ་ལམ་དུ་ཆགས་ཡོད།

3 ནམ་ཟླའི་ཆ་རྐྱེན།

ཅ་ཝང་ཆུས་ནི་འཕྲེད་ཐིག་བར་མའི་རྒྱུད་དུ་གནས་པ་དང་། དེ་ནི་ཚ་ཁུལ་བྱང་མ་དང་དྲོད་འཇམ་ས་རྒྱུད་ཀྱི་བར་བརྒལ་ས་རྒྱུད་ཡིན་ཞིང་། བརླན་བཤེར་ཆེ་བ་དང་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁུལ་དུ་གནས་ཡོད་པས། དུས་བཞིའི་དབྱེ་བ་གསལ་བ་དང་། ཉི་འོད་ཕོག་ཚད་མང་བ། དབྱར་དགུན་གྱི་དུས་ཚིགས་ཅུང་རིང་བ། སྟོན་དཔྱིད་ཀྱི་དུས་ཚིགས་ཅུང་ཐུང་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཡིན།

4 ཆབ་སྲིད་འགོ་ཁྲིད།

ཅ་ཝང་ཆུས་ཀྱི་ད་ལྟའི་ཆབ་སྲིད་འགོ་ཁྲིད་ཀྱི་གནས་ཚུལ།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་ཚབ་མ། དབྱང་མིང་།

རྒྱུན་ལས་ཆུས་ཀྲང་གཞོན་པ་། ལུའི་ཞོན་རུའེ།

ཆུས་ཀྲང་གཞོན་པ། ཧོང་ཅེ། ཀྲའོ་ཀྲི་ཀང་། ཀེང་ཝེ། ཀྲོའུ་ཧྥེང་། མིའོ་ཀུའོ་ཆིང་།

དཔྱད་གཞིའི་ཡིག་ཆ།