ཞུས་ཀྲོའུ་ཀུའུ་ལོའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:17ལ་འགྲུབ།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས།
ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། སྤྱི་ལོ1938ལོར་བཙུགས། མིང་དངོས་ལ་ཞུས་ཀྲོའུ་ཆུས་དང་པོ་ཟེར་པ་དང་ཞུས་ཀྲོའུ་གྲོང་ཁུལ་གྱི་གནའ་བོའི་མཁར་གྲོང་ཞིག་ཡིན། སྤྱི་ལོ1955ལོར་ཆུས་དེའི་མངའ་ཁོངས་སུ་མིང་རྒྱལ་རབས་ཀྱི་བཟོ་སྐྲུན་ཏེ་ཀུའུ་ལོའུ་ཞེས་པ་ཡོད་པས་མིང་ཡང་ཀུའུ་ལོའུ་ཆུས་སུ་བསྒྱུར། ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ཀྱི་ལྷོ་ཕྱོགས་དེ་ཞུས་ཀྲོའུ་གྲོང་ཁུལ་གྱི་ལྟེ་གནས་ལ་ཉེ་བ་དང་། བྱང་ངོས་ནི་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོར་ཐུག་ཡོད། ཤར་ངོས་ནི་ཀྱི་ཅིན་ཧུའུ་ལྕགས་ལམ་ལ་གཏད་ཡོད། ནུབ་ངོས་ནི་ཆོན་ཧྲན་རི་ཁུལ་དང་འབྲེལ་ཡོད། ཆུས་ནང་ཁུལ་དུ་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་། ཀུའེ་ཧྲན་ཧན་རྒྱལ་རབས་ཀྱི་བང་སོ། ཞུས་ཀྲོའུ་ཧན་ཁྲེང་མཁར། རྨ་ཆུའི་གནའ་ལམ། ཅིའུ་ལི་ཧྲན་གནའ་བོའི་གཡུལ་ས། ཀུའུ་ཕེང་ཁྲེང་མཁར་ས་འོག་གྲོང་ཁྱེར། ཧོང་ལོའུ་ཐོག་མཁར། ཀྲེན་ཧོ་ཡི་ལྕགས་གླང་སོགས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་གནའ་བོའི་རྗེས་ཤུལ་དང་མཛེས་ལྗོངས་ཁུལ་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞུས་ཀྲོའུ་ཀུའུ་ལོའུ་ཆུས།
རྒྱ་ཡིག་མིང་།
鼓楼区
ཕྱི་ཡིག་གི་མིང་།
Gulou District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་སྲང་དོན་གཅོད་ཁྲུའུ་དགུ།
སྲིད་གཞུང་སྡོད་གནས།
ཕའེ་ལོའུ་ཁྲོམ་སྲང་ཅིའུ་ལུང་ཧུའུ་མཚོ་ལམ།
ཆུས་ཁོངས་ཁ་པར་ཨང་རྟགས།
0516
སྦྲག་སྲིད་ཨང་རྟགས།
221005
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ 90.8
མི་གྲངས།
ཁྲི38.45(སྤྱི་ལོ2016ལོ།)
ཡུལ་སྐད།
ཞུའུ་ཀྲོའུ་སྐད།
ནམ་ཟླ།
དྲོད་ཁུལ་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
 GDP
དམངས་སྒོར་དུང་ཕྱུར251(སྤྱི་ལོ2017ལོ།)
མེ་འཁོར་འབབ་ཚུགས།
ཞུའུ་ཀྲོའུ་མེ་འཁོར་འབབ་ཚུགས། ཞུའུ་ཀྲོའུ་མེ་འཁོར་འབབ་ཚུགས་ཤར་མ།
གནམ་གྲུའི་ཐང་།
ཞུའུ་ཀྲོའུ་ཀོན་དབྱིན་རྒྱལ་སྤྱིའི་གནམ་གྲུའི་ཐང་།
1 ངོ་སྤྲོད་རགས་བསྡུས།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་།  སྤྱི་ལོ1938ལོར་བཙུགས། མིང་དངོས་ལ་ཞུས་ཀྲོའུ་ཆུས་དང་པོ་ཟེར་པ་དང་ཞུས་ཀྲོའུ་གྲོང་ཁུལ་གྱི་གནའ་བོའི་མཁར་གྲོང་ཞིག་ཡིན། སྤྱི་ལོ1955ལོར་ཆུས་དེའི་མངའ་ཁོངས་སུ་མིང་རྒྱལ་རབས་ཀྱི་བཟོ་སྐྲུན་ཏེ་ཀུའུ་ལོའུ་ཞེས་པ་ཡོད་པས་མིང་ཡང་ཀུའུ་ལོའུ་ཆུས་སུ་བསྒྱུར།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ཀྱི་ལྷོ་ཕྱོགས་དེ་ཞུས་ཀྲོའུ་གྲོང་ཁུལ་གྱི་ལྟེ་གནས་ལ་ཉེ་བ་དང་། བྱང་ངོས་ནི་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོར་ཐུག་ཡོད། ཤར་ངོས་ནི་ཀྱི་ཅིན་ཧུའུ་ལྕགས་ལམ་ལ་གཏད་ཡོད། ནུབ་ངོས་ནི་ཆོན་ཧྲན་རི་ཁུལ་དང་འབྲེལ་ཡོད། ཆུས་ནང་ཁུལ་དུ་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོ་དང་། ཀུའེ་ཧྲན་ཧན་རྒྱལ་རབས་ཀྱི་བང་སོ། ཞུས་ཀྲོའུ་ཧན་ཁྲེང་མཁར། རྨ་ཆུའི་གནའ་ལམ། ཅིའུ་ལི་ཧྲན་གནའ་བོའི་གཡུལ་ས། ཀུའུ་ཕེང་ཁྲེང་མཁར་ས་འོག་གྲོང་ཁྱེར། ཧོང་ལོའུ་ཐོག་མཁར། ཀྲེན་ཧོ་ཡི་ལྕགས་གླང་སོགས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་གནའ་བོའི་རྗེས་ཤུལ་དང་མཛེས་ལྗོངས་ཁུལ་མང་པོ་ཡོད།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་སུ་གྲོང་ཁྱེར་ཡོངས་ཀྱི་ཆེས་འདུ་འཛི་ཆེ་བའི་ཕེང་ཁྲེང་ཐང་ཆེན་དང་། ཧོའེ་ཧའེ་ཐང་ཆེན་ཏེལྟེ་བའི་ཚོང་ཚོམས་ཆེན་པོ་གཉིས་ཡོད། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཆར་འགོད་བྱས་པའི་ཞུས་ཀྲོའུ་ཡི་ཀྲུང་གོའི་ལེ་དབར་བརྒྱད་ཀྱི་རྒྱལ་སྤྱིའི་ཁྱིམ་ཆས་ཉོ་ཚོང་དངོས་མང་བཤམས་སྟོན་ལྟེ་གནས་བཅས་ཡོད་པས་ཞུས་ཀྲོའུ་གྲོང་ཁྱེར་གྱི་ཚོང་དོན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ཀུའུ་ལོའུ་ཁུལ་ནི་ཞུས་ཀྲོའུ་གྲོང་ཁྱེར་གྱི་དངུལ་རྩ་དང་། ཚོང་ལས། འགྲིམ་འགྲུལ་ལྟེ་གནས་ཡིན་ལ། ཞུས་ཀྲོའུ་གྲོང་ཁྱེར་གྱི་ཆེས་ཆེ་བའི་ལྟེ་བའི་ཆུས་ཀྱི་གྲས་ཤིག་ཀྱང་ཡིན།

སྤྱི་ལོ2014ལོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས《གྲོང་ཁུལ་གྱི་བཟོ་ལས་ཆུས་རྙིང་པ་གནས་སྤོ་སྒྱུར་བཀོད་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཏངས་པར་ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ནི་ཀྲུང་གོའི་གནས་སྤོ་བསྒྱུར་བཀོད་བཟོ་ལས་ཆུས་ཉེར་གཅིག་གི་ནང་དུ་ཚུད་པའི་ཅང་སུའུ་ཞིང་ཆེན་གྱི་ཆུས་གཅིག་པུ་དེ་ཡིན། ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ཀྱིས་ཞུས་ཀྲོའུ་གྲོང་ཁྱེར་གྱི་དེང་རབས་ཚོང་དོན་ལ་སྣེ་ཁྲིད་དེ། རིག་གནས་ཡུལ་སྐོར་དང་སྣོད་བཅུད་འཕེལ་རྒྱས་དང་སྲུང་སྐྱོབ། དཔལ་འབྱོར་ཁུལ་འཛུགས་སྐྲུན། དེང་རབས་ཚོང་ཟོག་འགྲེམས་སྟོན་དང་གཅིག་སྡུད་ལ་ནུས་པ་བླ་ན་མེད་པ་འདོན་བཞིན་ཡོད།

2 སྲིད་འཛིན་ཁོངས་བགོས།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་སུ་ཕི་ཕ་དང་། ཧོང་ལུའུ། ཧོན་ཁྲེང་། ཧྥེང་ཚའེ། ཕའེ་ལོའུ། ཐུང་ཕེ། ཅིའུ་ལི། ཅིན་རི་ཟམ་པ། ཏུང་ཧོན་བཅས་ཁྲོམ་སྲང་དོན་གཅོད་ཁྲུའུ་དགུ་ཡོད་པ་དེའི་ནང་ཅིན་ཧྲན་ཟམ་པ་དང་ཧོན་ཁྲེང་ཤར་མའི་ཁྲོམ་སྲང་དོན་གཅོད་ཁྲུའུ་ནི་ཞུས་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་དོ་དམ་བྱས་པ་དང་ཆུས་སྲིད་གཞུང་ནི་ཕའེ་ལོའུ་ཁྲོམ་སྲང་ཅིའུ་ལུང་ཧུའུ་མཚོ་ལམ་དུ་བཅའ་སྡོད་བྱས་ཡོད།

3 རང་བྱུང་ཐོན་ཁུངས།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་སུ་ཅིའུ་ལི་ཧྲན་རི་བོ་དང་། པ་ཝང་རི་བོ། ཕི་ཕ་རི་བོ་སོགས་མུ་འབྲེལ་རི་བོ་བརྒྱད་ཡོད། མིས་བཟོས་གཙང་པོ་ཆེན་པོ་དང་། གནའ་བོའི་རྨ་ཆུ། ཏིང་དབན་གཙང་པོ་སོགས་ཆུ་བོ་ལྔ་ཕན་ཚུན་འབྲེལ་ནས་ཡོད། རི་ཆུ་རྒྱན་དུ་སྤུད་པ་དང་ཆུ་བོའི་འགྲམ་ངོགས་ཀྱི་ལྗང་མདོག་གསོན་ཤུགས་ཀྱིས་རྒྱན་པའི་ཀུའུ་ལོའུ་ཆུས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།

སྤྱི་ལོ2015ལོའི་ལོ་མཇུག་བར་དུ་སྔ་རྗེས་སུ་རུས་སྦལ་རི་བོའི་མཛེས་ལྗོངས་ཁུལ་དང་། ཞུས་ཀྲོའུ་གྲོང་ཁྱེར་གྱི་གེགས་འགོག་སྤྱི་གླིང་། ཞུས་ཡུན་ཆུ་བོ། ཅིན་མ་གཙང་པོའི་རྒྱུད་ཀྱི་སྤྱི་གླིང་། ཏིང་དབན་གཙང་པོའི་རྒྱུད་ཀྱི་མཛེས་ལྗོངས། ཁྲུའུ་ཡོན་སོགས་སྤྱི་གླིང་གི་སྤྲོ་གསེང་གླིང་སོགས་འཛུགས་བསྐྲུན་བྱས། རྨ་ཆུའི་བྱང་ལམ་གྱི་སྤང་ལྗོངས་དང་། རྡོ་སོལ་གྲུ་ཁའི་ལམ་གྱི་སྤང་ལྗོངས། ཞང་ཧོ་ལམ་གྱི་ཁྲོམ་སྲང་གི་སྤང་ལྗོངས། ཞང་ཧོ་སྤྱི་གླིང་། ཞ་ཏེན་ལམ་གྱི་སྤང་ལྗོངས། རུན་ཧོ་སྐྱེད་ཚལ་གྱི་སྤང་ལྗོངས་བཅས་སྤང་ཐང་བཅུ་ལྷག་ཙམ་གསར་སྐྲུན་བྱས་ཡོད།

4 ཆབ་སྲིད་འགོ་ཁྲིད།

ཞུས་ཀྲོའུ་ཀུའུ་ལོའུ་ཆུས་ཀྱི་འགོ་ཁྲིད་ངོ་སྤྲོད།

ཆུས་ཀྲང་ཚབ་མ། ཀུང་ཝེ་ཧྥང་།

ཆུས་ཀྲང་གཞོན་པ། དབྱང་ཏ་ཕིན། ལི་ཅིན་པའོ། ཀྲུའུ་ཝུན་ཧྥེང་། ལི་ཆང་། ཧྥང་ཡིའུ་ཏུང་། ཡན་ཞིན་དབྱིན། ཧྲའོ་ཅན་ཅུན། ཝུའུ་སུའུ་ཝེ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། རིག་གནས། ཡུལ་ཁམས། རི་བོ། ཆུས།