ཅང་ཁྲའོ་ལིའང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-02-21 10:03ལ་འགྲུབ།

ཅང་ཁྲའོ་ལིའང་།

ཅང་ཁྲའོ་ལིའང་།
ཅང་ཁྲའོ་ལིའང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1957ལོའི་ཟླ8པར་སྐྱེས་ཤིང་། ཧུའུ་ནན་སྨི་ལུའོ་ཡི་མི་ཡིན། སྤྱི་ལོ1974ལོའི་ཟླ12པར་ལས་ཀར་ཞུགས་པ་དང་། སྤྱི་ལོ1981ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒋超良
སྐྱེས་ཡུལ།
ཧུའུ་ནན་ལེ་ལུའོ།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་དུས།
སྤྱི་ལོ1957ལོའི་ཟླ8པ།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1974ལོའི་ཟླ12པ་ནས་སྤྱི་ལོ1978ལོའི་ཟླ8པའི་བར་ཧུའུ་ནན་ཞིང་ཆེན་ཡུའེ་དབྱང་ས་ཁུལ་བཟོ་རྩལ་མཛེས་རྩལ་བཟོ་གྲྭའི་བཟོ་པ་ཡིན།

སྤྱི་ལོ1978ལོའི་ཟླ8པ་ནས་སྤྱི་ལོ1981ལོའི་ཟླ8པའི་བར་ཧུའུ་ནན་ནོར་དཔལ་སློབ་གླིང་ནོར་སྲིད་ཚན་ཁག་ཏུ་ནོར་སྲིད་ཆེད་ལས་སློབ་སྦྱོང་བྱས་པ།

སྤྱི་ལོ1981ལོའི་ཟླ8པ་ནས་སྤྱི་ལོ1995ལོའི་ཟླ8པའི་བར་ཀྲུང་གོ་ཞིང་ལས་དངུལ་ཁང་འཆར་འགོད་པུའུ་ཡི་ཁོའོ་ཡོན། ཀྲུའུ་རེན་ཁོའོ་ཡོན། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་། ཀྲུའུ་རེན་ལས་རོགས་པ། ཀྲུའུ་རེན་གཞོན་པ། ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ2པ་ནས་སྤྱི་ལོ1996ལོའི་ཟླ4པའི་བར་ཀྲུང་གོའི་ཞིང་ལས་དངུལ་ཁང་རྒྱལ་སྤྱིའི་ལས་སྒོ་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ཡི་འགན་བཞེས།

སྤྱི་ལོ1996ལོའི་ཟླ4པ་ནས་སྤྱི་ལོ1997ལོའི་ཟླ3པའི་བར་ཀྲུང་གོ་མི་དམངས་དངུལ་ཁང་གི་དངུལ་ཁང་སིའི་སི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ3པ་ནས་སྤྱི་ལོ1998ལོའི་ཟླ11པའི་བར་ཀྲུང་གོ་མི་དམངས་དངུལ་ཁང་ཧྲེན་ཀྲེན་དམིགས་བསལ་ཁུལ་ཡན་ལག་དངུལ་ཁང་གི་ཧང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ1998ལོའི་ཟླ11པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར་ཀྲུང་གོ་མི་དམངས་དངུལ་ཁང་ཀོང་ཀྲོའུ་ཡན་ལག་དངུལ་ཁང་གི་ཧང་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2002ལོའི་ཟླ9པའི་བར་ཀྲུང་གོའི་མི་དམངས་དངུལ་ཁང་གི་ཧང་ཀྲང་གི་ལས་རོགས་དང་། ཏང་ཨུའི་ཨུ་ཡོན་དང་གཞུང་ལས་ཐིང་གི་ཀྲུའུ་རེན། ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན། བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། (དེའི་རིང་སྤྱི་ལོ2002ལོའི་ཟླ3པ་ནས་སྤྱི་ལོ2002ལོའི་ཟླ5པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང )

སྤྱི་ལོ2002ལོའི་ཟླ9པ་ནས་སྤྱི་ལོ2004ལོའི་ཟླ5པའི་བར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2004ལོའི་ཟླ5པ་ནས་སྤྱི་ལོ2008ལོའི་ཟླ9པའི་བར་འགྲིམ་འགྲུལ་དངུལ་ཁང་གི་ཏུང་ཧྲི་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་(དེའི་རིང་སྤྱི་ལོ2008ལོའི་ཟླ5པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ2008ལོའི་ཟླ9པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཏུང་ཧྲི་ཀྲང་གཞོན་པ་དང་། ཧང་ཀྲང་། ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2014ལོའི་ཟླ8པའི་བར་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཏུང་ཧྲི་ཀྲང་དང་ཏང་ཨུའི་ཧྲུའུ་ཅི(དེའི་རིང་སྤྱི་ལོ2013ལོའི་ཟླ10པ་ནས་སྤྱི་ལོ2013ལོའི་ཟླ12བར་རྒྱལ་སྲུང་སློབ་ཆེན་གྱི་འཐབ་ཇུས་བགྲོ་གླེང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ2014ལོའི་ཟླ8པ་ནས་སྤྱི་ལོ2014ལོའི་ཟླ9པའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གི་འོས་མིར་བདམས།

སྤྱི་ལོ12014ལོའི་ཟླ9པ་ནས་སྤྱི་ལོ2014ལོའི་ཟླ6པའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་འགོ་འཛིན་ལས་ཚབ་པ། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ6པའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ11པནས་སྤྱི་ལོ2017ལོའི་ཟླ1པོའི་བར་ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ-2020ལོའི་ཟླ2པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི། ཀྲུང་གོ་མི་དམངས་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོ་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་གཏོང་སྤྲོད་གཙང་རྩིས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན།

2 ​བསྐོ་འཐེན་གནས་ཚུལ།

སྤྱི་ལོ2020ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཅང་ཁྲའོ་ལིའང་ལགས་ཀྱིས་ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་འཁུར་བའི་ཐག་བཅད། 

དཔྱད་གཞིའི་ཡིག་ཆ།