ཁོང་ནི་སྤྱི་ལོ1960ལོའི་ཟླ1པོར་སྐྱེས། ཅང་ཞི་ཞིན་ཧྥུའི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་བརྒྱུད། མཚན་ཉིད་རིག་པའི་ཡོན་ཚད་ཐོབ། སྤྱི་ལོ1983ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1983ལོའི་ཟླ8པར་བྱ་བར་ཞུགས།
ད་ལྟ་ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་དང་། ཏང་ཙུའི་ཧྲུའུ་ཅི། ཧུའུ་པེ་ཞིང་ཆེན་སྤྱི་ཁྱབ་ཧུ་ཀྲང་དང་རྨ་ཆུའི་སྤྱི་ཁྱབ་ཧུ་ཀྲང་བཅས་ཡིན།
སྤྱི་ལོ1979ལོའི་ཟླ9པ་ནས་སྤྱི་ལོ1983ལོའི་ཟླ8པའི་བར། ཅང་ཞི་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་མར་ལེ་རིང་ལུགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཆེད་ལས་ལ་སློབ་སྦྱོང་བྱས།
སྤྱི་ལོ1983ལོའི་ཟླ8པ་ནས་སྤྱི་ལོ1989ལོའི་ཟླ4པའི་བར། ཅང་ཞི་ཞིང་ཆེན་ཏང་ཨུའི་ཞིང་ལས་སྲིད་ཇུས་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའི་ལས་སྒྲུབ་པ་དང་། ཀྲུའུ་རིན་གཞོན་པའི་ཁུ་ཡོན། ཀྲུའུ་རིན་ཁུ་ཡོན། ཁྲུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས། (སྤྱི་ལོ1987ལོའི་ཟླ1པོ་ནས་སྤྱི་ལོ1988ལོའི་ཟླ7པའི་བར། པེ་ཅིན་དཔལ་འབྱོར་འཕྲལ་སྦྱོང་སློབ་གྲྭ་ཆེན་མོའི་དེང་རབས་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས།)
སྤྱི་ལོ1989ལོའི་ཟླ4པ་ནས་སྤྱི་ལོ1992ལོའི་ཟླ3པའི་བར། ཅང་ཞིང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཁྲུའུ་རིམ་གཞོན་པའི་དྲུང་ཡིག་གི་འགན་བཞེས།
སྤྱི་ལོ1992ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ10པའི་བར། ཅང་ཞི་ཞིང་ཆེན་ཏང་ཨུའི་སྤྱི་སློབ་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་དང་།(ཁྲུའུ་རིམ་རྒན་པ།)ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཏང་འཛུགས་སྲིད་ཁྲིམས་ཁྲུའི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས། (སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ9པའི་བར། ཅང་ཞི་ཞིང་ཆེན་ནན་ཁྲང་རྫོང་ཨུའི་འགན་འཁྱེར་ཧྲུའུ་ཅི་གཞོན་པ།)
སྤྱི་ལོ1993ལོའི་ཟླ10པ་ནས་སྤྱི་ལོ1994ལོའི་ཟླ10པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུ་གཞུང་སྒྲུབ་ཐིན་གྱི་ཁྲུའུ་རིམ་རྒན་པའི་དྲུང་ཡིག་གི་འགན་བཞེས།
སྤྱི་ལོ1994ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ2པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་གཞོན་པའི་འགན་བཞེས། (སྤྱི་ལོ1995ལོའི་ཟླ10བ་ནས་སྤྱི་ལོ1997ལོའི་ཟླ8པའི་བར། ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་གཞུང་ལུགས་ཆེད་ལས་ནས་ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གཞིའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)
སྤྱི་ལོ1998ལོའི་ཟླ2པ་ནས་སྤྱི་ལོ1998ལོའི་ཟླ10པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་དྲུང་ཆེ་གཞོན་པ་དང་། གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
སྤྱི་ལོ1998ལོའི་ཟླ10པ་ནས་སྤྱི་ལོ2000ལོའི་ཟླ1པོའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་དྲུང་ཆེ་དང་། གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།
སྤྱི་ལོ2000ལོའི་ཟླ1པོ་ནས་སྤྱི་ལོ2000ལོའི་ཟླ12པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཀུའུ་དབྱང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2007ལོའི་ཟླ5པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཀུའེ་དབྱང་གྲོང་ཨུའི་ཧྲུའུ་ཅི། ཀུའེ་དབྱང་ཡན་ལག་དམག་ཁུལ(ཉེན་ཟོན་བདེ་སྲུང་ཁུལ།)ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས། (སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2003ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་པུའུ་རིམ་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་ཆེད་ལས་ལ་སློབ་སྦྱོང་བྱས།)
སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ6པའི་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀུའེ་དབྱང་གྲོང་ཨུའི་ཧྲུའུ་ཅི། ཀུའེ་དབྱང་ཡན་ལག་གི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2007ལོའི་ཟླ6པ་ནས་སྤྱི་ལོ2011ལོའི་ཟླ12པའི་བར།ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར།ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2012ལོའི་ཟླ2པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།
སྤྱི་ལོ2012ལོའི་ཟླ2པ་ནས་སྤྱི་ལོ2012ལོའི་ཟླ7པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2012ལོའི་ཟླ7པ་ནས་སྤྱི་ལོ2016ལོའི་ཟླ4པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ། ཧུའུ་པེ་རྐང་དམག་གྲ་སྒྲིག་དམག་ཞབས་མཁའ་འཕེན་མེ་སྒྱོགས་ཁྲི་ཤོག་དམག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2016ལོའི་ཟླ4པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ། ཧུའུ་པེ་རྐང་དམག་གྲ་སྒྲིག་དམག་ཞབས་མཁའ་འཕེན་མེ་སྒྱོགས་ཁྲི་ཤོག་དམག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ། ཧྲིན་ཀྲང་ཚབ་བྱེད་པ། ཏང་ཙུའི་ཁོངས་མི། ཧུའུ་པེ་རྐང་དམག་གྲ་སྒྲིག་དམག་ཞབས་མཁའ་འཕེན་མེ་སྒྱོགས་ཁྲི་ཤོག་དམག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི་ཟླ7པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ། ཏང་ཙུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཧུའུ་པེ་རྐང་དམག་གྲ་སྒྲིག་དམག་ཞབས་མཁའ་འཕེན་མེ་སྒྱོགས་དམག་ཁྲི་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2017ལོའི་ཟླ7པར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི་བཅས་ཡིན།
2018ལོའི་ཟླ1པོའི་ཚེས29ཉིན། ཧུའུ་པེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་བློ་མཐུན་ཝང་ཞའོ་ཏུང་ལགས་ཧུའུ་པེ་ཞིང་ཆེན་གྱི་ཧྲིན་ཀྲང་དུ་བདམས།