ཧོང་ཧྲི་ཀང་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-20 14:49ལ་འགྲུབ།

ཧོང་ཧྲི་ཀང་ཆུས།

ཧོང་ཧྲི་ཀང་ཆུས།
ཧོང་ཧྲི་ཀང་ཆུས་ནི་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ42.4ཡོད་པ་དང་། སྤྱི་ལོ2011ལོར་མི་འབོར་ཁྲི22ཡོད། མངའ་ཁོངས་སུ་ཧྭ་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་འབྲི་ཆུའི་བྱང་རྒྱུད་དོ་དམ་ཆུས། སྡེ་ཁུལ་གྲོང་ལྷན32བཙུགས་ཡོད་པ་རེད། ཧུའུ་པེའི་ཤར་ལྷོའི་མཚམས་སུ་གནས་པ་དང་ཁྲུའུ་ཝེ་ཝུའུ་ཐོའུ་ཡི་འགྲིམ་འགྲུལ་འབྲེལ་མཚམས་གལ་ཆེན་ཞིག་ཡིན། ཤར་ནི་འབྲི་ཆུ་དང་། ནུབ་ནི་ཚི་མཚེའུ་དང་འབྲེལ་ཡོད། ལྷོ་བྱང་ནི་རིས་སྐོར་ཡོད། ཧོང་ཧྲི་ཀང་ཆུའི་ཤར་རྒྱུད་ནི་འབྲི་ཆུ་ཡིན་པ་དང་། ས་དབྱིབས་ནི་ལྷོ་ནུབ་མཐོ་ཞིང་། ཤར་བྱང་དམའ་བ་ཡིན། ལྷོ་ནུབ་ནི་རི་བོའི་ཚོགས་ཡིན་ལ། ས་བབ་ཀྱང་མཐོ། ཆུས་ནང་ཁུལ་དུ་ཆིང་ཀང་མཚེའུ་དང་ཡ་ཨར་མཚེའུ་དང་ཆིང་ཧྲན་མཚེའུ་བཅས་ཡོད། ཧོང་ཧྲི་ཀང་ཆུས་ཀྱི་དཔལ་འབྱོར་བསྡོམས་འབོར་ཚང་མ་ཧོང་ཧྲི་གྲོང་ཁྱེར་གྱི་གྲོང་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁུལ་ཁག་གི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི“རྒྱལ་ཡོངས་སྡེ་ཁུལ་འཛུགས་སྐྲུན་དཔེ་སྟོན་ཆུས”དང“རྒྱལ་ཡོངས་ཞི་མཐུན་སྡེ་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁུལ”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄石港区
ཕྱི་ཡིག་གི་མིང་།
Huangshigang District
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ།
མངའ་ཁོངས།
ཧྲིན་ཚང་ཁྲོམ་གཞུང་དང་ཧོང་ཧྲི་ཀང་ཁྲོམ་གཞུང་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཚེ་ཧུའུ་ལམ་ཨང180
སྦྲག་སྲིད་ཨང་རྟགས།
43500
ས་ཁོངས་ཁ་པར་ཨང་རྟགས།
0714
གནས་ཡུལ།
ཧུའུ་པེའི་ཤར་ལྷོ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ42.4
མི་འབོར།
མི་ཁྲི22(སྤྱི་ལོ2011ལོར)
ཡུལ་སྐད།
ཧོང་ཧྲིའི་སྐད།
ནམ་ཟླ།
གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བ་དང་། དགུན་གྲང་བའི་དུས་ཡུན་ཐུང་བ་།
མཛེས་ལྗོངས་གྲགས་ཅན།
ཚེ་ཧུའུ་མཛེས་ལྗོངས་ཁུལ་དང་། ཧོང་ཧྲི་གཙང་འགྲམ་སྤྱི་གླིང་། ཆིང་ཧྲན་མཚེའུ་སྤྱི་གླིང་སོགས།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
རླངས་འཁོར་ཚབ་ཨང་།
鄂B
མེ་འཁོར་འབབ་ཚུགས།
ཧོང་ཧྲི་མེ་འཁོར་འབབ་ཚུགས།
སྲིད་འཛིན་ཚབ་ཨང་།
420202
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོར། ས་ཆ་འདི་ནི་ཅིའུ་ཅང་ནས་ཝུའུ་ཧན་བར་གྱི་གྲུ་ཁ་གཅིག་པུ་ཡིན་པས། རིམ་བཞིན་འགྲིམ་འགྲུལ་དར་རྒྱས་དང་ཚོང་ལས་དར་རྒྱས་ཀྱི་རྣམ་པ་ཆགས་ཡོད། མིང་ལ་ཧོང་ཧྲི་གྲུ་ཁ་ཟེར།

སྤྱི་ལོ1927ལོར་ཏ་ཡེ་རྫོང་ཧོང་ཧྲི་པའོ་ཡིན་པ་དང་། རྗེས་སུ་ཧོང་ཧྲི་ཀང་གྲོང་རྡལ་ཞེས་འབོད། སྤྱི་ལོ1948ལོར་ཧྲི་ཧུའེ་ཡའོ་དང་མཉམ་དུ་ཧྲི་ཧོང་གྲོང་རྡལ་ཞེས་འབོད། སྤྱི་ལོ1950ལོར་ཧོང་ཧྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། སྤྱི་ལོ1973ལོར་ཧོང་ཧྲི་ཀང་དང་ཧྲེང་དབྱང་གྲུ་ཁའི་ཁུལ་གཉིས་བཙུགས། སྤྱི་ལོ1979ལོར་དེ་གཉིས་ཧོང་ཧྲི་ཀང་དང་གཅིག་བསྡུས་བྱས་།

སྤྱི་ལོ1996ལོར་ཧོང་ཧྲི་ཀང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ41.8ཡོད་པ་དང་། མི་གྲངས་ཁྲི16ཙམ་ཡོད། དེའི་ཁོངས་སུ་ཁྲོམ་གཞུང4ཡོད་པ་སྟེ། ཧྲེང་དབྱང་གྲུ་ཁའི་ཁྲོམ་གཞུང་དང་། ཧྲེན་ཅ་ཡིང་ཁྲོམ་གཞུང་། ཧོང་ཆི་ཆའོ་ཁྲོམ་གཞུང་། ཧོང་ཧྲི་ཀང་ཁྲོམ་གཞུང་བཅས་ཡིན། ཆུས་སྲིད་གཞུང་ཧྲེན་ཞ་ལུའུ་རུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། ཧོང་ཧྲི་ཀང་ཆུས་སུ་མི་འབོར196569ཡོད་པའི་ནང་ཧྲེན་ཅ་ཡིང་ཁྲོམ་གཞུང་དུ་མི37583དང་། ཧོང་ཧྲི་ཀང་ཁྲོམ་གཞུང་དུ་མི70629 ཧོང་ཆི་ཆའོ་ཁྲོམ་གཞུང་དུ་མི40726 ཧྲེང་དབྱང་ཀང་ཁྲོམ་གཞུང་དུ་མི47631བཅས་ཡོད།

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཧོང་ཧྲི་ཀང་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ34.9ཡོད་པ་དང་། མི་གྲངས206849ཡོད། དེའི་ཁོངས་སུ་ཁྲོམ་གཞུང5དང་གྲོང་ལྷན38(ཧུའུ་པེའི་ས་མིང་དྲ་བའི་གྲངས་གཞི)ཡོད་པ་རེད། ཧོང་ཧྲི་སྲིད་གཞུང་དྲ་བའི་གྲངས་གཞི(འབྲི་ཆུའི་བྱང་རྒྱུད་དོ་དམ་ཁུལ་ཚུད་མེད་པ)རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ25.92དང་མི་འབོར196569ཡོད་པ་དང་ཁྱོན་སྡེ་ཁུལ36དང་གྲོང་མིའི་ཚོགས་ཆུང1571ཡོད་པ་རེད།

སྤྱི་ལོ2005ལོའི་ལོ་མཇུག་ཏུ་ཧོང་ཧྲི་ཀང་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང5ཡོད་པ་སྟེ། ཧྲེན་ཅ་ཡིང་ཁྲོམ་གཞུང་དང་། ཧོང་ཧྲི་ཀང་ཁྲོམ་གཞུང་། ཧོང་ཆི་ཆའོ་ཁྲོམ་གཞུང་། ཧྲེང་དབྱང་ཀང་ཁྲོམ་གཞུང་། ཧྭ་ཧུའུ་ཁྲོམ་གཞུང་བཅས་ཡོན། ཁྱོན་གྲོང་ལྷན43ཡོད།

སྤྱི་ལོ2010ལོར་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་ཐོག་ཧོང་ཧྲི་ཀང་ཆུས་སུ་རྒྱུན་སྡོད་མི་གྲངས224314ཡོད་པའི་ནང་ཧྲེན་ཅ་ཡིང་ཁྲོམ་གཞུང་དུ་མི46405དང་། ཧོང་ཧྲི་ཀང་ཁྲོམ་གཞུང་དུ་མི55831 ཧོང་ཆི་ཆའོ་ཁྲོམ་གཞུང་དུ་མི40619 ཧྲེང་དབྱང་ཀང་ཁྲོམ་གཞུང་དུ་མི46649 ཧྭ་ཧུའུ་ཁྲོམ་གཞུང་དུ་མི31214 ཅང་པེ་དོ་དམ་ཁུལ་དུ་མི3596བཅས་ཡོད།

སྤྱི་ལོ2012ལོའི་ཟླ3པའི་ཚེས13ཉིན་ཧོང་ཧྲི་ཀང་ཆུས་ཀྱིས་ཧྲེན་ཅ་ཡིང་དང་། ཧོང་ཧྲི་ཀང་། ཧོ་ཆི་ཆའོ། ཧྲེང་དབྱང་ཀང་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཞི་མེད་པར་བཟོས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧོང་ཧྲི་ཀང་ཆུས་སུ་ཁྲོམ་གཞུང4ཡོད་པ་སྟེ། ཧྲེན་ཅ་ཡིང་ཁྲོམ་གཞུང་དང་། ཧོང་ཧྲི་ཀང་ཁྲོམ་གཞུང་། ཧོང་ཆི་ཆའོ་ཁྲོམ་གཞུང་། ཧྲེང་དབྱང་ཀང་ཁྲོམ་གཞུང་། ཅང་པེ་དོ་དམ་ཁུལ་བཅས་གྲོང་མི་ཨུ་ལྷན38ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཧོང་ཧྲི་ཀང་ཆུས་ནི་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན། ཧུའུ་པེའི་ཤར་ལྷོའི་མཚམས་སུ་གནས་པ་དང་ཁྲུའུ་ཝེ་ཝུའུ་ཐོའུ་ཡི་འགྲིམ་འགྲུལ་འབྲེལ་མཚམས་གལ་ཆེན་ཞིག་ཡིན། ཤར་ནི་འབྲི་ཆུ་དང་། ནུབ་ནི་ཚི་མཚེའུ་དང་འབྲེལ་ཡོད་། ལྷོ་བྱང་ནི་རིའི་སྐོར་ཡོད།

3_2 ས་དབྱིབས།

ཧོང་ཧྲི་ཀང་ཆུའི་ཤར་རྒྱུད་ནི་འབྲི་ཆུ་ཡིན་པ་དང་། ས་དབྱིབས་ནི་ལྷོ་ནུབ་མཐོ་ཞིང་། ཤར་བྱང་དམའ་བ་ཡིན། ལྷོ་ནུབ་ནི་རི་བོའི་ཚོགས་ཡིན་ལ། ས་བབ་ཀྱང་མཐོ། ཆུས་ནང་ཁུལ་དུ་ཆིང་ཀང་མཚེའུ་དང་ཡ་ཨར་མཚེའུ་དང་ཆིང་ཧྲན་མཚེའུ་བཅས་ཡོད།

3_3 ནམ་ཟླ།

ཧོང་ཧྲི་ཀང་ཆུས་ནི་འཕྲེད་ཐིག་བར་མ་རུ་གནས་པ་དང་། ཉི་མའི་འགྱེད་འཕྲོའི་དུས་ཚིགས་རང་བཞིན་གྱི་ཁྱད་པར་ཆེ་བས། རྒྱ་མཚོ་དང་རིང་དུ་གྱེས་པ་དང་། སྐམ་ས་མང་ཆེ་བ་གཏེར་རི་ཡིན།

དཔྱིད་དབྱར་དུས་སུ་ས་ངོས་རྩུབ་ཅིང་བཞའ་ཚན་ཆེ་རུ་འགྲོ་བ་དང་གཏད་རྒྱུག་ཆེ་བ་མ་ཟད། ཨེ་ཤ་ཡ་ཤར་མའི་དུས་རླུང་འཁོར་རྒྱུན་གྱི་ཤུགས་རྐྱེན་ཐེབས་ནས་གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་གྲང་བ་དང་དབྱར་ཁ་ཚ་བ་ཆེ་བ། འོད་ཕོག་ཚད་མང་བ། ཚ་ནུས་ཕུན་སུམ་ཚོགས་པ། ཆར་ཆུ་འབབ་ཚད་མང་བ་བཅས་ཡོད་པས་དཔེ་མཚོན་གྱི་ཚ་ཁུལ་དང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཤིག་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད17℃ཡིན།

3_4 མི་གྲངས་མི་རིགས།

སྤྱི་ལོ2011ལོའི་ཟླ5པར་ཧོང་ཧྲི་ཀང་ཆུས་སུ་སྤྱིའི་མི་འབོར་ཁྲི22ཡོད་པ་དེའི་ནང་བཙའ་ལོ་རན་པའི་བུད་མེད་ཁྲི5.7ཡོད་པ་དང་གཉེན་སྒྲིག་བྱས་ཟིན་པའི་མི་ཁྲི3.9ཡོད།

སྤྱི་ལོ2011ལོར་ཧོང་ཧྲི་ཀང་ཁུལ་དུ་སོག་རིགས་དང་ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། པའེ་རིགས།ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་མི་རིགས་ཁག་ཁྱབ་ཡོད།

4 དཔལ་འབྱོར།

སྤྱི་ལོ2003ལོར་ཧོང་ཧྲི་ཀང་ཆུས་ཀྱིGDPདང་། ནོར་སྲིད་ཡོང་འབབ། གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སོགས་དམིགས་ཚད་གཙོ་བོ་ལོ་རེར་ཆ་སྙོམས12%ཡན་གྱི་མྱུར་ཚད་ཐོག་ནས་རིམ་འཕར་བྱུང་བ་དང་བསྡོམས་འབོར་ཚང་མ་ཧོང་ཧྲི་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2003ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར48.6ཟིན་པ་དེ་དུས་མཚུངས་ལས13.67%འཕར་ནས་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁུལ་ཁག་གི་ཨང་དང་པོར་སླེབས་པ་དང་། ས་ཁུལ་གྱི་ཁྲལ་འབབ་སྒོར་དུང་ཕྱུར5.5ཟིན་པ་དང་ལྗོངས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར2.22ཟིན་ཡོད། ཁོངས་གཏོགས་ཆུས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཆུས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་གྱི97%བཟུང་ནས་ལྗོངས་ཡོངས་ཀྱི་མ་འཇོག་དང་། ཁྲལ་བསྡུ། ལས་ཞུགས་བཅས་ཀྱི་གཙོ་གཟུགས་སུ་འགྱུར་བཞིན་ཡོད། ཁོངས་གཏོགས་ཆུས་ཀྱི་འཁལ་འཐག་དང་། སྨན་རྫས། བཟའ་བཅའ། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་བཟོ་ལས་ཀྱི་མ་ལག་དང་། “ཨར་འདམ” “ཧོང་ཧྲི་ཀང”བག་ལེབ། “སུང་ཧྭ”སོགས་གྲགས་ཅན་སྤུས་ལེགས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པ་དང་། ལྷག་པར་དུ་འཕྲོད་བསྟེན་རྒྱུ་ཆའི་སྨན་རྫས་ལས་རིགས་དང་། ཕུའུ་ཧུའེ་བཟོ་ཆས། ལི་ཁང་སྨན་བཟོ་བཅས་མཚོན་བྱེད་དུ་བྱས་པའི་དམངས་གཉེར་ཚན་རྩལ་ཁེ་ལས་འབོར་ཆེན་ཞིག་མགྱོགས་མྱུར་དར་རྒྱས་བྱུང་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།

5 འགྲིམ་འགྲུལ།

ཧོང་ཧྲི་ཆུས་ཀྱི་མྱུར་བགྲོད་གཞུང་ལམ་ལ་གཙོ་བོ་ཧྥུའུ་དབྱིན་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་བརྒྱུད་པ་དང་། ཞིང་ཆེན་ལམ S201དངS112ཧུའུ་པིན་ལམ་ཆེན། མགྲོན་བསུའི་ལམ་ཆེན་སོགས་ཡོད།

འབྲི་ཆུའི་ཟམ་ཆེན་གཉིས་ཡོད་དེ། ཧོང་ཧྲི་འབྲི་ཆུའི་གཞུང་ལམ་ཟམ་ཆེན(དེར་ཧོང་ཧྲི་འབྲི་ཆུའི་ཟམ་ཆེན་ཡང་ཟེར)དང་ཧུའུ་པེའི་ཤར་རྒྱུད་འབྲི་ཆུའི་གཞུང་ལམ་ཟམ་ཆེན་གཉིས་ཡོད་པ་དང་། ཧོང་ཧྲི་གྲོང་ཁྱེར་དང་འབྲི་ཆུའི་བྱང་རྒྱུད་ཀྱི་ཅའོ་ཧྲུའེ་རྫོང་གཉིས་སྦྲེལ་ཡོད།

གྲུ་ཁར་ཧོང་ཧྲི་ཧྲིན་ཅ་གྲུ་ཁ་ཡོད་པ་དང་། གཙོ་བོ་དངོས་ཟོག་སྐྱེལ་འདྲེན་གྱི་འགན་ཁུར་ཡོད།

6 ཐོབ་པའི་མཚན་སྙན།

སྤྱི་ལོ2002ལོར་རྒྱལ་ཡོངས་ཀྱི་ཁག་དང་པོའི“རྒྱལ་ཡོངས་ཀྱི་སྡེ་ཁུལ་འཛུགས་སྐྲུན་དཔེ་སྟོན་ཆུས”ཐོབ་པ་དང་སྤྱི་ལོ2009ལོར་སླར་ཡང“རྒྱལ་ཡོངས་ཀྱི་ཞི་མཐུན་སྡེ་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད། སྔ་གཞུག་ཏུ“ཞིང་ཆེན་ཡོངས་ཀྱི་ཞི་མཐུན་སྡེ་ཁུལ་འཛུགས་སྐྲུན་གྱི་དཔེ་སྟོན་ཆུས”དང“ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་སྤྱི་ཚོགས་ཅན་གྱི་དཔེ་སྟོན་ཆུས”“ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཚད་ལྡན་ཅན་གྱི་དོ་དམAAརིམ་པའི་ཚན་པ”“ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་ཆུས”“ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ཏང་འཛུགས་སྐྱོང་ལས་དོན་གྱི་དཔེ་སྟོན་ཆུས”“ཞིང་ཆེན་ཡོངས་ཀྱི་བདེ་འཇགས་རྫོང”“ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཚན་པ”“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་ཆུས”“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་དཔེ་སྟོན་ཆུས”“རྒྱལ་ཡོངས་ཀྱི་གཉེན་སྒྲིག་ཐོ་འགོད་ཚད་ལྡན་ཅན་གྱི་ཞབས་ཞུའི་དཔེ་སྟོན་ཆུས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2014ལོའི་ཟླ2པའི་ཚེས27ཉིན་ཧོང་ཧྲི་ཀང་ཆུས་ལ“ཧུའུ་པེ་ཞིང་ཆེན་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་དཔེ་སྟོན་ཆུས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁམས།