ཞུས་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 10:19ལ་འགྲུབ།

ཞུས་ཀྲོའུ་གྲོང་ཁྱེར།

ཞུས་ཀྲོའུ་གྲོང་ཁྱེར།
​ཞུས་ཀྲོའུ་གྲོང་ཁྱེར་ཏེ། བསྡུས་མིང་ལ་ཞུས་ཟེར་ཞིང་། གནའ་བོའི་དུས་སུ་མིང་ལ་ཕེང་ཁྲེང་ཞེས་འབོད་པ་རེད། ཅང་སུའུ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཅང་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་ཧྭ་བྱང་བདེ་ཐང་གི་ཤར་ལྷོའི་རྒྱུད། འབྲི་ཆུའི་ཟུར་གསུམ་གླིང་གི་བྱང་གཤོག་ཏུ་ཆགས་ཡོད། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དེ་དེའི་ས་ཁོངས་ནང་ནས་བརྒལ་ཡོད་ལ། ལུང་ཧའེ་ལྕགས་ལམ་དང་ཅིན་ཧུའུ་ལྕགས་ལམ་གྱི་མ་ལམ་ཆེན་པོ་གཉིས་ཞུས་ཀྲོའུ་རུ་བསྣོལ་ཡོད། དེར“ཞིང་ཆེན་ལྔའི་འབྲེལ་མཚམས”ཞེས་པའི་འབོད་སྲོལ་ཡོད། ཞུས་ཀྲོའུ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་མཛེས་ལྗོངས་ཡུལ་སྐོར་གྲོང་ཁྱེར། ཀྲུང་ཧྭ་ཤར་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོ། ཧྭ་ཤར་ས་ཁུལ་གྱི་དཔལ་འབྱོར་དང་ཚན་རིག་སློབ་གསོ། རིག་གནས། དངུལ་རྩ། སྨན་བཅོས། ཕྱི་ཕྱོགས་ཚོང་དོན་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞུས་ཀྲོའུ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
徐州
ཕྱི་ཡིག་གི་མིང་།
Xuzhou,Hsuchow
མིང་གཞན།
ཕེང་ཁྲེང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྭ་ཏུང་ས་ཁུལ། ཅང་སུའུ་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ལྔ། རྫོང་གསུམ། རྫོང་རིམ་པའི་གྲོང་ཁྱེར་གཉིས།
སྲིད་གཞུང་སྡོད་གནས།
ཡུན་ལུང་ཆུས་ཀྱི་ཁུ་ནུ་ལམ་གྱི་ཨང་རྟགས1པ།
ས་ཁོངས་ཁ་པར་ཨང་གྲངས།
0516(+86)
སྦྲག་སྲིད་ཨང་རྟགས།
221000-221700
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ11258
མི་གྲངས།
ཁྲི880.2
ནམ་ཟླ།
དྲོད་ཁུལ་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏C
གནམ་གྲུའི་ཐང་།
ཞུས་ཀྲུའུ་ཀོན་ཡུན་རྒྱལ་སྤྱིའི་གནམ་གྲུའི་ཐང་། ཞུས་ཀྲུའུ་མཁའ་དམག་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཞུས་ཀྲུའུ་མེ་འཁོར་འབབ་ཚུགས་ཤར་མ།ཞུས་ཀྲུའུ་མེ་འཁོར་འབབ་ཚུགས་ཤར་མ། ཞུས་ཀྲུའུ་མེ་འཁོར་འབབ་ཚུགས་ནུབ་མ། ཞུས་ཀྲུའུ་མེ་འཁོར་འབབ་ཚུགས་བྱང་མ།
1 ངོ་སྤྲོད་རགས་བསྡུས།

ཞུས་ཀྲོའུ་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་ཆེན་པོ་ལྡན་པའི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ། ཏི་ཡའོ་དུས་སྐབས་སུ་ཕེང་ཙུའུ་ཏ་ཕེང་མིང་པའི་རྒྱལ་ཁབ་བཙུགས་པ་དེ། ཅང་སུའུ་ཡི་མངའ་ཁོངས་སུ་བཙུགས་པའི་གྲོང་ཁྱེར་ཆེས་སྔ་བ་དེ་ཡིན། ཞུས་ཀྲོའུ་ཡི་ལོ་རྒྱུས་ཐོག་ཧྭ་ཞ་ཀྲོའུ་དགུ་ཡི་གྲས་ཤིག་ཡིན་པ་དང་། གནའ་སྔ་མོ་ནས་བཟུང་བྱང་ཕྱོགས་རྒྱལ་ཁབ་ཀྱི་ལྡེ་མིག་དང་ལྷོ་རྒྱལ་ཁབ་ཀྱི་སྒོ་ཁྱིམ་ལྟ་བུའི་ཁྱད་ཆོས་ལྡན་པས། དམག་དོན་པ་དག་གིས་འཐབ་རྩོད་མང་དུ་བྱེད་པའི་ས་ཆ་ཞིག་ཡིན་ལ་ཚོང་གི་འདུ་འཛི་ཤིན་ཏུ་བྲིན་པའི་ཚོང་ལས་ལྟེ་བ་ཞིག་ཀྱང་ཡིན། ཐོག་མཐའ་བར་གསུམ་དུ་ཧོའེ་ཧའེ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བའང་ཡིན། ཞུས་ཀྲོའུ་ལ་ལོ་ངོ6000ལྷག་ཙམ་གྱི་ཤེས་རིག་དཔལ་ཡོན་གྱི་ལོ་རྒྱུས་དང་ལོ་ངོ2600སྔོན་ནས་གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་ཡོད་པས། དེ་ནི་སྐད་གྲགས་ཡོད་པའི་རྒྱལ་པོ་དག་གི་འཁྲུངས་ཡུལ་ཡང་ཡིན། “རྒྱལ་རབས་དགུའི་གོང་མ་ཞུས་ཀྲོའུ་བ”ཞེས་པའི་བཤད་སྲོལ་ཡང་ཡོད། ཞུས་ཀྲོའུ་ནི་ཧན་རྒྱལ་རབས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ཞིང་། ཕེང་ཙུའུ་དང་ལིའུ་པང་གི་ཕ་ཡུལ་ཡིན་ལ། ཞང་ཡུས་སོགས་ཀྱིས་རྒྱལ་སའང་ས་དེ་རུ་འཛུགས་མྱོང་། དེ་ལྟ་བུའི་རྐྱེན་གྱིས་ཞུས་ཀྲོའུ་ལ་ཤུལ་བཞག་རིག་གནས་དང་གནའ་ཤུལ་གྲགས་ཅན་སོགས་མང་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པས། “ཤར་ཕྱོགས་ཀྱི་ཨ་ཐེན་སི”ཞེས་པའི་འབོད་སྲོལ་ཡང་ཡོད།

ཞུས་ཀྲོའུ་ཡི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11258ཡོད་པ་དང་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3037ཡོད། ས་བབ་ནི་གཙོ་བོ་བདེ་ཐང་ཡིན་པ་དང་། བདེ་ཐང་གི་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི90%བཟུང་ཡོད། དེའི་ཁོངས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ལྔ་དང་། རྫོང་གསུམ། རྫོང་རིམ་པའི་གྲོང་ཁྱེར་གཉིས་བཅས་ཡོད།    ཞུས་ཀྲོའུ་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་དང་། ཧོའེ་ཧའེ་དཔལ་འབྱོར་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་བྱང་གཤོག་ལྟེ་བའི་གྲོང་ཁྱེར། ཞུས་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁྱེར། རྒྱལ་སྤྱིའི་ནུས་རྒྱུ་གསར་པའི་རྟེན་གཞི། “ཀྲུང་གོའི་ལས་གྲྭའི་འཕྲུལ་ཆས་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡང་ཡོད། ཞུས་ཀྲོའུ་ལ་རྒྱལ་ཡོངས་ཀྱི་ཤེས་རིག་དཔལ་ཡོན་གྱི་གྲོང་ཁྱེར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་བྱ་དགའ་སོགས་ཀྱི་མཚན་སྙན་ཡང་སྔ་རྗེས་སུ་ཐོབ་པ་རེད།

2 ས་བབ་གནས་ཚུལ།

ཞུས་ཀྲོའུ་ནི་ཧྭ་པེ་བདེ་ཐང་གི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ210ཙམ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ140ཙམ་ཡོད། ཞུས་ཀྲོའུ་ཡི་ས་དབྱིབས་ནི་བདེ་ཐང་གཙོ་བོ་ཡིན་པ་དང་། བདེ་ཐང་གི་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི90%བཟུང་ཡོད། བདེ་ཐང་གི་སྤྱིའི་ས་བབ་ཆགས་དབྱིབས་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཆག་ཡོད། ཆ་སྙོམས་གཟར་ཚད་1/7000-1/8000ཡིན་པ་དང་། ས་བབ་མཐོ་ཚད་སྤྱིར་བཏང་རྒྱ་མཚོའི་ངོས་ལས་སྨི30-50བར་ཡིན། ཞུས་ཀྲོའུ་ཡི་དབུས་རྒྱུད་དང་ཤར་རྒྱུད་དུ་རི་མ་ཐང་ཉུང་ཤས་ཡོད།

ཞུས་ཀྲོའུ་ནི་ཀུའུ་ཧོའེ་ཆུ་བོའི་ཡན་ལག་ཆུ་བོ་དབྱི་ཆུ་བོ་དང་། ཧྲུའུ་ཆུ་བོ། སི་ཀྲུའུ་ཆུ་བོ་བཅས་ཀྱི་སྨད་རྒྱུད་དུ་གནས་པ་དང་། རྨ་ཆུའི་ཆུ་ལམ་རྙིང་པ་དེ་དབྱེ་མཚམས་སུ་བྱས་ནས་བྱང་རྒྱུད་ཀྱི་དབྱི་ཆུ་བོ་དང་། ཧྲུའུ་ཆུ་བོ། སི་ཀྲུའུ་ཆུ་བོ། ལྷོ་རྒྱུད་ཀྱི་ཐུང་ཆུ་བོ་དང་ཨན་ཧོ་ཆུ་བོ་བཅས་ཀྱི་ཆུ་རྒྱུད་གྲུབ་ཡོད། མངའ་ཁོངས་སུ་ཆུ་བོ་མང་པོས་འཕྲེད་གཞུང་དྲ་རྒྱ་འཐེན་ཡོད། མཚེའུ་དང་ཆུ་མཛོད་སྐར་ཚོགས་ལྟར་བཀྲམ་པ་དང་། རྨ་ཆུས་འཕྲེད་དུ་བརྟོལ་པ། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་ལྷོ་བྱང་འཕྲེད་དུ་བརྒལ་བ་སོགས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད།

3 ནམ་ཟླའི་ཆ་རྐྱེན།

ཞུས་ཀྲོའུ་ནི་དྲོད་ཁུལ་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་བ་གསལ་ཞིང་། དབྱར་ཁར་ཚ་གདུག་ཆེན་པོ་མེད་ལ། དགུན་ཁར་གྲང་ངར་མེད། ལོའི་དྲོད་ཚད14℃ལྷག་ཙམ་ཡིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2284ནས2495བར་ཡིན་པ་དང་། ཉི་འོད་ཕོག་ཚད་ཀྱིས52%ནས་57%བར་བཟུང་ཡོད་པ་ཡིན། ལོ་རེར་ཆ་སྙོམས་སད་མེད་ཀྱི་དུས་ཡུན་ཉིན200ནས220བར་ཡིན་ལ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི800ནས930བར་ཡིན། དབྱར་དུས་སུ་ཆར་པ་བབས་ཚད་ཀྱིས་ལོ་ཧྲིལ་པོའི56%བཟུང་ཡོད། དུས་བཞིའི་ནང་དཔྱིད་ཀ་དང་སྟོན་ཀ་ཐུང་བ། དགུན་ཁ་དང་དབྱར་ཁ་རིང་བ། དཔྱིད་དུས་གནམ་གཤིས་འགྱུར་ལྡོག་ཆེ་ལ། དབྱར་དུས་དྲོད་ཚད་མཐོ་ལ་ཆར་ཆུ་མང་། སྟོན་དུས་གནམ་གཤིས་མཐོ་ལ་དགུན་དུས་གྲང་ངར་ཆེ་བ་བཅས་ཀྱི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན།

4 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཞུས་ཀྲོའུ་ཡི་རྒྱུན་སྡོད་མི་གྲངས་ཁྲི880.2ཡོད་པ་དང་། མི་རིགས་གཙོ་བོ་རྒྱ་རིགས་མང་པ་དང་། གྲངས་ཉུང་མི་རིགས47ལྷག་ཙམ་ཡོད། རྒྱུན་སྡོད་མི་གྲངས2026ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་གྲངས་གྱི0.02%བཟུང་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཞུས་ཀྲོའུ་གྲོང་ཁྱེར་གྱི་ད་ལྟའི་འགོ་ཁྲིད་གནས་ཚུལ།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།    ཀྲོའུ་ཐིའེ་ཀེན།

ཧྲི་ཀྲང་། ཀྲའོ་ལིན།

གྲོང་ཁྱེར་ཆབ་གྲོས་ཀྱི་ཀྲུའུ་ཞི། ཝང་ཧའོ།

ཧྲི་ཀྲང་གཞོན་པ། ལི་ཡན། ཞུས་ཏུང་ཧའེ། པི་ཡུས་རུའེ། ཀྲའོ་ལི་ཆུན། ཀྲའོ་ཞིན་ཡིའུ། ཝང་ཝུན་ཧྲེང་།

རྒྱུན་ལས་ཧྲི་ཀྲང་གཞོན་པ། ཝང་ཨན་ཧྲུན།

གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཝུའུ་ཞིན་ཧྥུ།

དཔྱད་གཞིའི་ཡིག་ཆ།