སྨི་ཧྲན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-16 10:24ལ་འགྲུབ།

སྨི་ཧྲན་གྲོང་ཁྱེར།

སྨི་ཧྲན་གྲོང་ཁྱེར།
སྨི་ཧྲན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་ཅི་ཞི་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཤར་ཕྱོགས་སུ་ཧུའུ་ལིན་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རུ་ཨུ་རུ་སུ་དང་ཞིན་ཁའེ་མཚེའུ་ཡི་ཁ་གཏད་དུ་ཡོད་ལ། ནུབ་ཏུ་བཟོ་ལས་ཀྱི་གཙོ་གནད་ས་ཁུལ་ཅི་ཞི་གྲོང་ཁྱེར་དང་འབྲེལ་ཡོད། བྱང་དུ་ཆི་ཐའེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད། ཞིན་ཁའེ་མཚེའུ་ཡི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དང་། ཐིའེ་ཞི་རང་བྱུང་སྲུང་སྐྱོང་ཁུལ། ཧྥེང་སྨི་རི་བོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
密山市
ཕྱི་ཡིག་གི་མིང་།
Mishan City(英语)Мишаньгород(俄语)
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་ཅི་ཞི་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
གྲོང་ཁུལ། ལན་ཀྲུའུ་ཧྲན་ཁུལ་གསར། སྨི་རི་ཁུལ།
སྲིད་གཞུང་གནས་ཡུལ།
གྲོང་ཁུལ་ཏུང་ཨན་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0467
སྦྲག་སྲིད་ཨང་རྟགས།
158300
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7724ཡོད།
མི་གྲངས།
ཁྲི43.38ཡོད།(སྤྱི་ལོ2013ལོ)
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཅི་ཞི་ཞིང་ཁའེ་ཧུའུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
སྨི་ཧྲན་འབབ་ཚུགས། སྨི་ཧྲན་ནུབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)E ཧེ(黑)R
སྲིད་འཛིན་ཚབ་གྲངས།
230382
1 ​ངོ་སྤྲོད།

སྨི་ཧྲན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་ཅི་ཞི་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཤར་ཕྱོགས་སུ་ཧུའུ་ལིན་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རུ་ཨུ་རུ་སུ་དང་ཞིན་ཁའེ་མཚེའུ་ཡི་ཁ་གཏད་དུ་ཡོད་ལ། ནུབ་ཏུ་བཟོ་ལས་ཀྱི་གཙོ་གནད་ས་ཁུལ་ཅི་ཞི་གྲོང་ཁྱེར་དང་འབྲེལ་ཡོད། བྱང་དུ་ཆི་ཐའེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད། ཞིན་ཁའེ་མཚེའུ་ཡི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དང་། ཐིའེ་ཞི་རང་བྱུང་སྲུང་སྐྱོང་ཁུལ། ཧྥེང་སྨི་རི་བོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད། སྤྱི་ལོ2014ལོ་བར་སྨི་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ9ཡོད་པ་དང་མི་འབོར་ཁྲི43.38ཡོད།

སྤྱི་ལོ2016ལོར་སྨི་ཧྲན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130ཟིན་པ་དེ་དུས་མཚུངས་ལས5.6%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར6ཡིན་པས23.2%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར41.2བཏང་ནས7.1%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར40.6ཡིན་པས10.4%འཕར། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར1.55ཟིན་ནས8.9%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.2ཡིན་པས3.8%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23626ཟིན་ནས7.7%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15193ཟིན་ནས7.6%འཕར་ཡོད། སྤྱི་ལོ2017ལོར། སྨི་ཧྲན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130.8963མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས5.6%འཕར་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཁུལ)གྱི་མིང་ཐོ་ཁག་གཉིས་པའི་ནང་ཚུད་ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོའི་ཟླ8པར་སྨི་ཧྲན་རྫོང་གིས་སྲིད་འཛིན་ཁུལ་དེ་མི་དམངས་ཀུང་ཧྲེ19རུ་བསྒྱུར་བ་དང་། དེའི་མངའ་འོག་ཏུ་རུ་ཆེན277དང་ཐོན་སྐྱེད་རུ་ཁག1695ཡོད།      སྤྱི་ལོ1988ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གྲོང་ཁྱེར་དུ་ཕྱིར་འཐེན་བྱས།      སྤྱི་ལོ1992ལོར་ཅི་ཞི་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག     སྤྱི་ལོ2008ལོར་སྨི་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གྲོང་རྡལ7དང་། ཡུལ་ཚོ9(དེའི་ནང་ནས་མི་རིགས་ཡུལ་ཚོ1) 

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2014ལོ་བར་སྨི་ཧྲན་གྲོང་ཁྱེར་གྱི་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ9(དེའི་ནང་མི་རིགས་ཡུལ་ཚོ1)ཡོད་པ་སྟེ། ཧའེ་ཐའེ་གྲོང་རྡལ། ཀྲི་དབྱི་གྲོང་རྡལ། ཞིན་ཁའེ་གྲོང་རྡལ། ཏང་པི་གྲོང་རྡལ། སྨི་ཧྲན་གྲོང་རྡལ། ལེན་ཀྲུའུ་ཧྲན་གྲོང་རྡལ། ཕེ་ཏེ་གྲོང་རྡལ།  ཧྥུ་ཡོན་ཡུལ་ཚོ། དབྱང་མུའུ་ཡུལ་ཚོ། ལིའུ་མའོ་ཡུལ་ཚོ། ཐའེ་ཕིན་ཡུལ་ཚོ། ཧོ་ཕིན་ཡུལ་ཚོ། ཁྲེང་ཙི་ཧོ་ཡུལ་ཚོ། ཞིན་ཁའེ་ཧུའུ་ཡུལ་ཚོ། པའེ་ཡུས་ཝན་ཡུལ་ཚོ། ཁོ་པ་པན་ཡུལ་ཚོ་བཅས་ཡིན།

4 གནས་ཡུལ།

སྨི་ཧྲན་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག 131°14 ′ནས133°8 ′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག 45°1′ནས45°55′བར་དུ་གནས་ཡོད། ནུབ་ཕྱོགས་ཅི་ཞི་གྲོང་ཁྱེར་དང་འབྲེལ་བ། བྱང་ཕྱོགས་ཆི་ཐའེ་ཧོ་གྲོང་ཁྱེར་དང་འབྲེལ་བ། ཤར་ངོས་ཧུའུ་ལིན་གྲོང་ཁྱེར་དང་འབྲེལ་བ། ལྷོ་ཕྱོགས་སུ་ཨུ་རུ་སུ་དང་ཤིན་ཁའེ་མཚེའུ་དང་ཁ་སྤྲོད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ7724ཡོད། 

5 གནམ་གཤིས།

སྨི་ཧྲན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཅི་ཞི་གྲོང་ཁྱེར་ནི་འཕྲེད་ཐིག་བར་མའི་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ཤར་ངོགས་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། དྲོད་ཁུལ་དབུས་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཡོད། དུས་བཞིའི་གནམ་གཤིས་འགྱུར་ལྡོག་མངོན་གསལ་དོད་པ་དང་། དཔྱིད་དུས་ཐན་པ་ཆེ་བ་དང་རླུང་ཆེན་པོ་ལྡང་སླ་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་ཉུང་བ། སྟོན་དུས་གྲང་ངར་ཆེ་བ་དང་དྲོད་ཚད་ཆག་པ། རྟག་ཏུ་འཁྱགས་སྐྱོན་ཐོན་པ། དགུན་དུས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ་བཅས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ3.5-4.2བར་དུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཆག་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཏུའུ10ཡི་དྲོད་ཚད2450℃ནས2720℃བར་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་སད་མེད་དུས་ཀྱི་ཉིན140ཡས་མས་སུ། ས་ཁུལ་མང་ཆེ་བའི་ཐོག་མའི་སད་དེ་ཟླ9པའི་ཟླ་སྨད་དུ་བྱུང་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི520-550བར་ཡིན་པ་དང་དབྱར་དུས་ཀྱི་ཆར་ཆུས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི60%ཡན་ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད་ཀྱི65%ཡས་མས་ཡིན། 

6 མི་གྲངས།

སྤྱི་ལོ2013ལོའི་བར་མི་འབོར་ཁྲི43.38ཟིན་ཡོད། རྒྱ་རིགས་ཕུད་ད་དུང་ཁྲའོ་ཞན་དང་། ཧུའེ་རིགས། མན་ཇུ་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད།

7 དཔལ་འབྱོར།

སྤྱི་ལོ2016ལོར་སྨི་ཧྲན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130ཟིན་པ་དེ་དུས་མཚུངས་ལས5.6%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར6ཡིན་པས23.2%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར41.2བཏང་ནས7.1%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར40.6ཡིན་པས10.4%འཕར། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར1.55ཟིན་ནས8.9%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.2ཡིན་པས3.8%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23626ཟིན་ནས7.7%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15193ཟིན་ནས7.6%འཕར་ཡོད། 

སྤྱི་ལོ2017ལོར་སྨི་ཧྲན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130.8963ཟིན་པ་དེ་དུས་མཚུངས་ལས5.6%འཕར་ཡོད། 

8 སྤྱི་ཚོགས་ལས་དོན།
8_1 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2013ལོར་སྨི་ཧྲན་གྲོང་ཁྱེར་གྱིས་སྐྲུན་བཞིན་པའི་གྲོང་ཁྱེར42གསར་སྤེལ་བྱས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི86.5ཟིན་ནས་མ་དངུལ་སྒོར་དུང་ཕྱུར11.8བཏང་ཡོད། མ་དངུལ་སྒོར་ཁྲི9500བཏང་ནས་གྲོན་ཆུང་སྤྱོད་གོ་ཆོད་པའི་སྡོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི3.6བསྐྲུན་པ་དང་ཁང་གླ་ཁེ་བའི་སྡོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི2བཀོད་སྒྲིག་བྱས་ཡོད། མ་དངུལ་སྒོར་ཁྲི3348བཏང་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་འདུ་འགོད་ལག་ལེན་བསྟར་བ་དང་གྲོང་གསེབ་ཀྱི་སྡོད་ཁང2366དང་སྟར་པ4656སྒྱུར་བཀོད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར2.2བཏང་ནས“མཁོ་འདོན་གསུམ་དང་བཅོས་སྐྱོང་གཉིས”ཀྱི་འདུ་འགོད་ལག་ལེན་བསྟར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི345ཟིན་པ་དང་གད་སྙིགས་གཙང་སེལ་གྱི་ལས་གྲྭའི་སྤྱི་འབོར་གྱི60%ཟིན་ཡོད། མ་དངུལ་སྒོར་ཁྲི2533བཏང་ནས་ཁྲོམ་གཞུང7ཕྱོགས་བསྡུས་སྒྱུར་བཀོད་བྱས་པ་དང་ཆུ་འཁྱིལ4བཅོས་སྒྲིག་བྱས་ཡོད། མ་དངུལ་སྒོར་ཁྲི1090བཏང་བ་དང་། མིང་ཧྭ་ཐོག་ཁང་སྟར་པ11དང་ལངས་ངོས་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་ཐོག་ཁང་སྟར་པ21བཅས་ཡོད། མ་དངུལ་སྒོར་ཁྲི527བཏང་ནས་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་ལེགས་བཅོས་བྱས་ཡོད། མ་དངུལ་སྒོར་ཁྲི390བཏང་ནས་གྲོང་ཁུལ་སྔོ་འགྱུར་དང་། མཛེས་བཟོ། དྭངས་གསལ་བཅས་ཡོང་བ་བྱས་ཡོད། ནུས་བསྲི་སྙིགས་འཕྲིའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

8_2 སློབ་གསོ།

སྤྱི་ལོ2012ལོར་སྨི་ཧྲན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི6700བཏང་ནས་མཐར་འོས་འགན་སློབ་གསོའི་སློབ་གྲྭ8ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། གཞུང་བཙུགས་བུ་བཅོལ་ཁང5དང་། གྲོང་གསེབ་དགེ་རྒན་གྱི་ལས་ཤག6 སློབ་མའི་ཟ་ཁང་དང་ཉལ་ཁང3བཅས་གསར་དུ་བསྐྲུན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གྲྭའི་རླངས་འཁོར57ཚད་ལྡན་ངང་གཉེར་སྐྱོང་བྱས།

སྤྱི་ལོ2013ལོར་སྨི་ཧྲན་སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད་ཀྱི85%ཟིན་པ་དང་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ཚད་ལོན་ཚད་ཀྱི100%ཟིན་ཡོད། 

8_3 འཕྲོད་བསྟེན།

སྤྱི་ལོ2012ལོར་སྨི་ཧྲན་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཡོད། མ་དངུལ་སྒོར་ཁྲི1334བཏང་བའི་སྨྱོ་ནད་འགོག་བཅོས་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་། མ་དངུལ་སྒོར་ཁྲི1100བཏང་བའི་དབྱི་སི་ལམ་ཆོས་ཁང་གིས་ལས་གྲྭ་གཙོ་བོ་ལེགས་སྒྲུབ་བྱས། མ་དངུལ་སྒོར་ཁྲི150བཏང་བའི་ཟས་རིགས་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་ལྟེ་གནས་སྤྱོད་འགོ་ཚུགས།

སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།

9 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་སྨི་ཧྲན་གྲོང་ཁྱེར་གྱི་དམངས་འཚོའི་མ་དངུལ་སྒོར་དུང་ཕྱུར12.2ཟིན་ནས7.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས6518འཕར་སྣོན་བྱུང་བ་དང་། ལས་ཀ་ཤོར་ཚད་བརྒྱ་ཆའི3.5ནང་ཚུན་དུ་ཚོད་འཛིན་བྱས་ཡོད། གྲོང་གསེབ་ཀྱི་འགན་བཅོལ་གསར་པའི་ནང་ཞུགས་ཚད་ཀྱི97.5%ཟིན་པ་དང་རྨང་གཞིའི་རྒན་གསོའི་དངུལ་སྒོར་ཁྲི2274.7སྤྲད་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད་ཀྱི100%ཟིན་པ་དང་ཁ་གསབ་དངུལ་སྒོར་ཁྲི6543སྤྲད། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣར་ཁ་གསབ་སྒོར་ཁྲི3136མང་དུ་བཏང་བ་དང་མི་རེར་ཟླ་རེར་ཆ་སྙོམས་མ་དངུལ་སྒོར246མང་དུ་བཏང་ཡོད། ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ཚད་གཞི་དེ་གླ་ཕོགས་བསྡོམས་འབོར་གྱི་བརྒྱ་ཆའི4ནས་བརྒྱ་ཆའི5བར་མཐོ་རུ་བཏང་། ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་མི་སྣའི་རྒན་གསོའི་དངུལ་སྒོར་དུང་ཕྱུར3.3སྤྲད་པ། འབྲུ་རིགས་དང་། སོན་བཟང་། ཞིང་ལས་འཕྲུལ་ཆས་སོགས་ཞིང་འབྲེལ་ཁ་གསབ་སྒོར་དུང་ཕྱུར2.1སྤྲད་པ། མ་མཐའི་འཚོ་བ་འགན་ལེན་དང་། རོགས་སྐྱོབ། ཁ་གསབ། ལོ་ན་མཐོ་བའི་ཕོགས་སྣོན་སོགས་སྒོར་ཁྲི8085སྤྲད།


དཔྱད་གཞིའི་ཡིག་ཆ།