ཀྲའོ་ཡོན་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-16 10:24ལ་འགྲུབ།

ཀྲའོ་ཡོན་རྫོང་།

ཀྲའོ་ཡོན་རྫོང་།
ཀྲའོ་ཡོན་རྫོང་ནི་ཏ་ཆིང་གྲོང་ཁྱེར་གྱི་རྫོང་ཞིག་གི་མིང་ངོ་མ་ཡིན་ལ་རྗེས་སུ་ཀུའུ་ཨེར་ལུའོ་སི་ཟེར་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུང་ནང་གཙང་པོ་གཉིས་ཀྱི་གཡོན་ངོགས་སུ་གནས་པ་དང་། ཁྲང་ཁྲུན་དང་། ཧ་ཨེར་པིན། ཏ་ཆིང་བཅས“ཅིན་སན་ཅའོ”ཡི་ལྟེ་གནས་ཡིན་ལ། ཏ་ཆིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཅིན་ཐའེ་ཙོའི“ཀྲའོ་ཅི་ཝང་ཙེའི”ས་ཆ་ཡིན་ཞིང་། ལོ6000ལྷག་ཙམ་གྱི་ཤེས་རིག་ལྡན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ4198ཡོད་པ། སྤྱི་ལོ2013ལོའི་བར་མི་འབོར་ཁྲི47.58དང་། ཀྲའོ་ཡོན་རྫོང་ནི་མི་རིགས་མང་བའི་རྫོང་ཞིག་ཡིན་པ་དང་། མི་རིགས21དང་མངའ་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ16 ཞིང་ནགས་འབྲོག་ཉ་ར་བ6བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
肇源县
ཕྱི་ཡིག་གི་མིང་།
Zhaoyuan County
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
གྲོང་རྡལ8 ཡུལ་ཚོ6
སྲིད་གཞུང་གནས་ཡུལ།
ཀྲའོ་ཡོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0459
སྦྲག་སྲིད་ཨང་རྟགས།
166500
གནས་ཡུལ།
ཏ་ཆིང་གྲོང་ཁྱེར་ཀྱི་ཤར་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4198ཡོད།
མི་གྲངས།
ཁྲི47.58ཡོད།(སྤྱི་ལོ2013ལོ)
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)E
སྲིད་འཛིན་ཚབ་གྲངས།
230622
1 ངོ་སྤྲོད།

ཀྲའོ་ཡོན་རྫོང་ནི་ཏ་ཆིང་གྲོང་ཁྱེར་གྱི་རྫོང་ཞིག་གི་མིང་ངོ་མ་ཡིན་ལ་རྗེས་སུ་ཀུའུ་ཨེར་ལུའོ་སི་ཟེར་བ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུང་ནང་གཙང་པོ་གཉིས་ཀྱི་གཡོན་ངོགས་སུ་གནས་པ་དང་། ཁྲང་ཁྲུན་དང་། ཧ་ཨེར་པིན། ཏ་ཆིང་བཅས“ཅིན་སན་ཅའོ”ཡི་ལྟེ་གནས་ཡིན་ལ། ཏ་ཆིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཅིན་ཐའེ་ཙོའི“ཀྲའོ་ཅི་ཝང་ཙེའི”ས་ཆ་ཡིན་ཞིང་། ལོ6000ལྷག་ཙམ་གྱི་ཤེས་རིག་ལྡན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ4198ཡོད་པ། སྤྱི་ལོ2013ལོའི་བར་མི་འབོར་ཁྲི47.58དང་། ཀྲའོ་ཡོན་རྫོང་ནི་མི་རིགས་མང་བའི་རྫོང་ཞིག་ཡིན་པ་དང་། མི་རིགས21དང་མངའ་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ16 ཞིང་ནགས་འབྲོག་ཉ་ར་བ6བཅས་ཡོད། 

སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པའི་གྲས་སུ་བཅུག་ཡོད། 

2 ལོ་རྒྱུས་འཕེལ་རྒྱས།

སྤྱི་ལོ1947ལོའི་ཟླ2པའི་ཚེས7ཉིན། ཧེ་ལུང་ཅང་ཞིང་ཆེན་དང་ནང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་ཞིང་། དེར་ཧེ་ནང་ཞིང་ཆེན་ཞེས་འབོད། ཆི་འདིའི་ཆེད་ཁུལ་བཞི་བར་གཏོགས་ལ། ཧྲུའུ་ཀྲའོ་རྫོང་དུ་བཅའ་སྡོད་བྱས། ཟླ9པའི་ཚེས17ཉིན་ཧེ་ནང་ཞིང་ཆེན་མེད་པར་བཟོས་པ་དང་། ཧེ་ལུང་ཅང་ཞིང་ཆེན་དང་ནང་ཅང་ཞིང་ཆེན་གྱི་སྒྲིག་གཞི་སླར་གསོ་བྱས་ཤིང་། ཆི་འདི་སྔར་བཞིན་ནང་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།      སྤྱི་ལོ1949ལོའི་ཟླ5པའི་ཚེས5ཉིན། ནང་ཅང་ཞིང་ཆེན་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧེ་ལུང་ཅང་ཞིང་ཆེན་དུ་གྱུར་པ་དང་། ཆི་འདིའི་ཁོངས་གཏོགས་སུ་གྱུར།      སྤྱི་ལོ1954ལོའི་ཟླ8པའི་ཚེས1ཉིན་ཧེ་ལུང་ཅང་ཞིང་ཆེན་དང་སུང་ཧྭ་ཅང་ཞིང་ཆེན་ཟླ་སྒྲིལ་བཏང་ནས་ཧེ་ལུང་ཅང་ཞིང་ཆེན་དུ་གྱུར་པ་དང་། དེ་སྔའི་ཧྲུའུ་ཡི་རྫོང་ཁག་ཚང་མར་གཏོགས་ཡོད།      སྤྱི་ལོ1956ལོའི་ཟླ4པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། གོར་ལའོ་སི་རྗེས་ཀྱི་ཆི་སྲིད་གཞུང་གིས་བཀའ་ལྟར་ཀྲའོ་ཡོན་རྫོང་ཞེས་པར་བསྒྱུར། དེ་ནི“ཀྲའོ་ཡོན་རྫོང”འགོ་ཚུགས་ས་ཡིན།      སྤྱི་ལོ1958ལོའི་ཟླ8པའི་ཚེས27ཉིན། ཀྲའོ་ཡོན་རྫོང་སུང་ཧྭ་ཅང་ཀྲོན་ཧྲུའུ་ཁོངས་སུ་གཏོགས།      སྤྱི་ལོ1965ལོའི་ཟླ6པའི་ཚེས14ཉིན་སུང་ཧྭ་ཅང་ཀྲོན་ཡོན་ཀུང་ཧྲུའུ་དེ་སུའེ་ཧྭ་ཀྲོན་ཧྲུའུ་རུ་བསྒྱུར་ནས་ཀྲའོ་ཡོན་རྫོང་གི་རྗེས་སུ་འབྲངས།      སྤྱི་ལོ1992ལོར་ཏ་ཆིན་གྲོང་ཁྱེར་གྱི་བདག་ཁོངས་སུ་བསྒྱུར། 

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

ཀྲའོ་ཡོན་རྫོང་ཁོངས་སུ་གྲོང་རྡལ8དང་ཡུལ་ཚོ8ཡོད་པ་དང་། ཧྥུ་ཞིང་ཡུལ་ཚོདང་། སན་ཀྲན་གྲོང་རྡལ། པོ་ཧོ་ཐའེ་ཡུལ་ཚོ། ཨེར་ཀྲན་གྲོང་རྡལ། ཧོ་ཕིང་ཡུལ་ཚོ། ཀྲའོ་ཡོན་གྲོང་རྡལ། ཐོའུ་ཐའེ་གྲོང་རྡལ། ཏ་ཤིན་ཡུལ་ཚོ། ཧའོ་ཏེ་སོག་རིགས་ཡུལ་ཚོ། དབྱི་ཧྲུན་སོག་རིགས་ཡུལ་ཚོ། ཀུའུ་ལུང་གྲོང་རྡལ། ཤིན་ཀྲན་གྲོང་རྡལ། མིན་ཡེ་ཡུལ་ཚོ། མའོ་ཤིང་གྲོང་རྡལ། ཁྲའོ་ཏེང་སོག་རིགས་ཡུལ་ཚོ། ཀུའུ་ཆ་གྲོང་རྡལ་བཅས་ཡོད། ད་དུང་ལེ་ཐུ་ཐའོ་ཧྲན་ར་བ་དང་། ཞིན་ལེ་ལིང་ར་བ། ཅིན་ཙུའོ་ར་བ། ཀྲུང་ཞིས་ར་བ། མའོ་ཞིན་མཚེའུ་ཆུ་ཐོན་གསོ་སྤེལ་ར་བ་བཅས་ཡོད། སྡེ་ཁུལ་གྱི་གྲོང་ལྷན11དང་གྲོང་ཚོ་ཨུ་ལྷན138ཡོད། (སྤྱི་ལོ2014ལོའི་བར ) 

4 གནས་ཡུལ།

ཀྲའོ་ཡོན་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་། སུང་ནེན་གཙང་པོ་གཉིས་ཀྱི་གཡོན་ངོགས་སུ་གནས་པ་དང་། ཁྲང་ཁྲུན་དང་། ཧ་ཨེར་པིན། ཏ་ཆིང་བཅས་ཀྱི“ཅིན་སན་ཅའོ”ཡི་ལྟེ་གནས་ཡིན་ཞིང་། དེ་དག་ནི་བྱང་གི་འཕྲེད་ཐིག 45°23'—45°59'བར་དང་ཤར་གྱི་གཞུང་ཐིག 123°47'—125°45'བར་དུ་གནས་ཡོད། ནུབ་བྱང་དང་ཏུའུ་ཨེར་པོ་ཐེ་སོག་རིགས་རང་སྐྱོང་རྫོང་། ཏ་ཆིང་གྲོང་ཁྱེར། བྱང་དུ་ཀྲའོ་ཀྲོའུ་རྫོང་དང་འབྲེལ་བ། ཤར་དུ་སུའེ་ཧྭ་གྲོང་ཁྱེར་ཀྲའོ་ཏུང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་ནུབ་ཏུ་སུང་དང་ནེན་ཅང་གཙང་པོའི་གྲུ་ལམ་གཙོ་བོ་ས་མཚམས་བྱས་ཏེ་ཅི་ལིན་ཞིང་ཆེན་པའེ་ཁྲེང་ཀྲེན་ཡན་རྫོང་དང་། ཏ་ཨན་གྲོང་ཁྱེར། ཆན་གོར་ལུའོ་སི་སོག་རིགས་རང་སྐྱོང་རྫོང་། ཧྥུའུ་ཡུས་གྲོང་ཁྱེར། ཧ་ཨེར་པིན་གྲོང་ཁྱེར་ཧྲོང་ཁྲེང་ཆུས་བཅས་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། 

5 གནམ་གཤིས།

ཀྲའོ་ཡོན་རྫོང་གི་གནམ་གཤིས་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞི་གསལ་བ་དང་། ཉི་འོད་འཕྲོ་བའི་ཆ་རྐྱེན་ལེགས་པ། དགུན་དུས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ། དྲོད་ཚད་ཧེ་བག་ཆེ་བ། ནད་དང་འབུ་སྐྱོན་ཉུང་བ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད600mmཡས་མས་ཡིན་པ་དང་ཆུ་འབེལ་པོ་ཡོད་ཅིང་། ཧེ་ལུང་ཅང་ཞིང་ཆེན་གྱི་དྲོད་གསོག་ཁུལ་དང་པོར་གནས་ཡོད། ལོ་རེའི་ནུས་ལྡན་དྲོད་ཚད2900℃-3100℃ཡིན་པ་དང་། སད་མེད་དུས་ཉིན165ཟིན་པ། ལོ་ཏོག་སྐྱེ་འཚར་དུས་ཚིགས་སུ་ཉི་འོད་ཕོག་ཚད་ཆུ་ཚོད1295.6ཟིན་གྱི་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་དྲོད་གསོག་ཁུལ་དང་པོ་ཡིན་ཞིང་། ལོ་རེར་ཕན་ནུས་ལྡན་པའི་དྲོད་ཚད2900-3100℃ཡིན་པ་དང་། དྲོད་ཚད་འཚམ་ལ་ཆར་ཆུ་འབེལ་བས་འོད་དྲོད་ཐོན་ཁུངས་ཧེ་ལུང་ཅང་ཞིང་ཆེན་གྱི་ཨང་དང་པོ་ཡིན། 

6 རང་བྱུང་ཐོན་ཁུངས།    
6_1  ཆུའི་ཐོན་ཁུངས།    

ཀྲའོ་ཡོན་རྫོང་གིས་དབྱིན་སུང་དང་ནང་གཉིས་ཀྱི་གཙང་ཆུ་འདྲེན་པ་དང་ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད། ཀྲའོ་ཡོན་རྫོང་ལ་ཞིང་ཆུ་གཏོང་ཁུལ་ཆེ་གྲས9དང་། ཆུ་འཐེན་འཕྲུལ་འཁོར་ས་ཚིགས་འབྲིང་ཆུང28 ཆུ་འདྲེན་ཞིང་སའི་ཆུ་རྫིང32བཅས་ཡོད་ཅིང་། ཆུ་གསོག་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1600ཡོད། ས་འོག་གི་ཆུའི་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད་པ་དང་། སྤྱི་ལོ2013ལོའི་བསྡོམས་འབོར་ཏུན་དུང་ཕྱུར51.4ཟིན་ཡོད། 

6_2 སྐྱེ་དངོས་ཐོན་ཁུངས།    

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་ཞིང་། ཝ་དང་། ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་རིགས200ལྷག་ཡོད། རྩྭ་རིགས་རྩི་ཤིང་སྣ་ཁ1800ལྷག་ཙམ་ཡོད།

6_3 གཏེར་ཁའི་ཐོན་ཁུངས།  

ས་འོག་ཏུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་གཏེར་ཁའི་ཐོན་ཁུངས་འབོར་ཆེན་ཡོད་པ་དང་སྤྱི་ལོ2013ལོར་སྣུམ་རླངས་གསོག་ཚད་ཏུན་དུང་ཕྱུར7ཟིན་ཡོད། ས་སྟེང་དུ་བ་ཚྭ་དང་ཨར་ལས་བཟོ་སྐྲུན་གྱི་བྱེ་མ། ས་མྱགས་སེར་པོ། ཟེ་ཚྭ་སོགས་ཡོད། 

7 དཔལ་འབྱོར།

སྤྱི་ལོ2012ལོར་ཀྲའོ་ཡོན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར140ཟིན་ནས14.5%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་དང་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར13.2དང་སྒོར་དུང་ཕྱུར6.2བྱུང་ནས39%དང73%སོ་སོར་འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར15.8བྱུང་ནས15.9%འཕར་ཡོད། སྣུམ་དང་སྣུམ་མིན་པའི་དཔལ་འབྱོར་བསྡུར་ཚད75:25ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར16584དང་སྒོར10962མངོན་འགྱུར་བྱུང་ནས་ཁག་སོ་སོར18.5%དང17.3%འཕར་ཡོད། 

8 སྤྱི་ཚོགས་ལས་དོན།
8_1 རིག་གནས།

སྤྱི་ལོ2013ལོར་སྡེ་ཁུལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས2དང་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང20གསར་སྐྲུན་བྱས་ཡོད། དམངས་ཁྲོད་ཀྱི་མ་རྩ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ནང་ཞུགས་པར་བསྔགས་སྐུལ་དང་། རིག་གནས་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གསེར་དཀར་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་བརྩོན་ལེན་བྱེད་དགོས། ལ་ཧའི་གནའ་ཤུལ་ཆུང་བ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་རིམ་སྤོར་བྱས་པ་དང་། དམངས་འདུན་ཤང་ཏཱ་མེའོ་གྲོང་ཚོ་དེ་ཁག་དང་པོའི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོ་ནང་བཅུག་པ། རྫོང་ལུང་ཅང་ཟློས་གར་སྒྱུ་རྩལ་ལྟེ་གནས་ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི“ཞིང་པར་ཞབས་འདེགས་ཞུ་བ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི”རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ་ཐོབ་ཡོད།

8_2 སློབ་གསོ།

སྤྱི་ལོ2013ལོར་རྫོང་གི་སློབ་འབྲིང་དང་པོའི་གསར་སྐྲུན་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང7དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང13གསར་སྐྲུན་བྱས་ཡོད། 

8_3 འཕྲོད་བསྟེན།

ཀྲའོ་ཡོན་རྫོང་གིས་སྤྱི་ལོ2013ལོར་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང2རིམ་སྤོར་སྒྱུར་བཀོད་དང་གྲོང་ཚོའི་འཕྲོད་བསྟེན་ཁང41ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས11བཙུགས་ཡོད། རྫོང་ཀྲུང་ཁང་དང་ཀྲུང་གོ་ཚན་རིག་ཁང་གཉིས་རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང་དུ་རིམ་སྤོར་བྱས་པ་དང་། མའོ་ཤིང་འཕྲོད་བསྟེན་ཁང་གིས་ཀ་པ་རིམ་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཞིབ་དཔྱད་བྱས་པ་བརྒྱུད་ཡུལ་ཚོ་དང་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང6ལ་མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་བྱས། སྨན་བཅོས་འགན་བཅོལ་དྲ་ཐོག་ནས་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་པ་མངོན་འགྱུར་བྱུང་ཡོད། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང2དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང41གསར་དུ་བསྐྲུན། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས2དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས11བཙུགས། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང76འཛུགས་སྐྲུན་བྱས། གྲོང་གསེབ་ཀྱི་སྨན་བཅོས་མྱུར་སྐྱོབ་འཁོར་རྒྱ་སྐར30དང་གྲོང་ཁུལ་དུ་རྐང་ཐང་དུ་སྨན་བཅོས་འགན་སྲུང་འཁོར་རྒྱ་སྐར15བསྐྲུན་དགོས། སྤྱི་ལོ2019ལོའི་ཟླ8པར།  དམ་ཚགས་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་རྫོང་དུ་འདེམས་བསྐོ་བྱས།

8_4 རྨང་གཞིའི་སྒྲིག་བཀོད།

ཀྲའོ་ཡོན་རྫོང་དུ་གྲོང་ཁུལ་གྱི་སྤྲོ་གསེང་ཐང་ཆེན5དང་། འགྱིག་ཤོག་ལུས་སྦྱོང་བྱ་ཡུལ་སྨི་ངོས་གྲུ་བཞི་མ4,000གསར་དུ་བསྐྲུན་པ་དང་། ཁྲོམ་ཟུར་གྱི་སྔོ་ལྗང་ཁུལ7སྒྱུར་བཀོད་བྱས་པ། གྱང་བཤིག་ནས་སྔོ་ལྗང་ཁུལ8གསར་དུ་བཏོད་པ། རླངས་འཁོར་འཇོག་ས17གསར་དུ་བསྐྲུན་པ། “རིག་ལྡན་གྲོང་ཁྱེར”གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། གྲོང་ཁྱེར་དོ་དམ་ཨུ་ལྷན་བཙུགས་པ། ཡུལ་ཚོའི་དོ་དམ་གཞུང་དོན་ཁང་བཙུགས་པ། གྲོང་ཁྱེར་ཁུལ་གྱི་གཙང་སྦྲའི་དབང་ཆ་ནང་ཁུལ་དུ་འགན་གཙང་ལེན་པའི་ཚོད་ལྟ་བྱེད་འགོ་ཚུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གྲོང་ཁྱེར་ཁུལ་གྱི་སྒྲིག་འགལ་བཟོ་སྐྲུན25བཤིག་པ། དཔེ་མཚོན་གྲོང་ཚོ22བསྐྲུན་པ་བཅས་ཞིང་ཆེན་ཡོངས་ཀྱི་ཤེས་རིག་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་དུ་བདམས། རྫོང་དེ་ཡོངས་ཀྱི་གོ་རིམ་ལྡན་པའི་ཁ་པར་ཁྲི5.61བཏང་ནས་སྒུལ་བདེའི་སྤྱོད་མཁན་དུད་ཚང་ཁྲི4.9ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁ་པར་ཁྱབ་ཚད་མི་བརྒྱ་རེར12.36ཟིན་ཡོད། 

9 སྤྱི་ཚོགས་འགན་སྲུང་།

སྤྱི་ཚོགས་འགན་སྲུང་མ་ལག་ལ་སྤྱི་ཚོགས་འགན་བཅོལ་དང་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་སྒོར་དུང་ཕྱུར1.02སྤྲད་པ། ཀྲའོ་ཡོན་རྫོང་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུ་མི16114བཅུག་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱ་ཆེ་རུ་ཕྱིན་པ། འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་བསྡོམས་འབོར15,837ཟིན་ཡོད། སྤྱི་ལོ2003ལོར་ལས་བྲལ་ལས་ཤོར་མི་སྣ4956ལ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་མངོན་འགྱུར་བྱུང་ཡོད། འགན་བཅོལ་ལས་སྒོ་རིགས37སྤེལ་བ་དང་། ལོ་རེར་འགན་བཅོལ་དངུལ་གྲངས་སྒོར་དུང་ཕྱུར11ཟིན་པ་དང་། སྐྱིན་ཚབ་འཇལ་ཚད་ཀྱི55.42%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།