ལི་ཝུན་ལིའང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-19 15:58ལ་འགྲུབ།

ལི་ཝུན་ལིའང་།

ལི་ཝུན་ལིའང་།
ལི་ཝུན་ལིའང(1985ལོ་ནས2020ལོའི་ཟླ2བའི་ཚེས7)ཕ་ཡུལ་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་པེ་ཀྲེན་གྲོང་ཁྱེར་ཡིན། ཝུའུ་ཧན་སློབ་ཆེན་ནད་ཐོག་གསོ་རིག་ལོ་བདུན་ལམ་ལུགས་ཀྱི་ཆེད་ལས་ནས་སློབ་མཐར་ཕྱིན། གུང་ཁྲན་ཏང་ཡོན་ཡིན། དེ་སྔོན་ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཡིན། སྤྱི་ལོ2020ལོའི་ཟླ2བའི་ཚེས7ཉིན་གྱི་ཐོ་རེངས་ཆུ་ཚོད2དང་སྐར་མ58ཐོག་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李文亮
སློབ་ཐོན་སློབ་གྲྭ།
ཝུའུ་ཧན་སློབ་ཆེན།
རྒྱལ་ཁོངས།
ཀྲུང་གོ།
ཆེད་ལས།
ནད་ཐོག་གསོ་རིག
སྐྱེ་ཡུལ།
ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་པེ་ཀྲེན་གྲོང་ཁྱེར།
ལས་གཉེར་བྱེད་ས།
ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་།
སྐྱེས་ལོ།
སྤྱི་ལོ1985ལོར།
འདས་ལོ།
སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན།
ལས་རིགས།
མིག་ནད་ཚན་ཁག་གི་སྨན་པ།
རྟེན།
ཕོ།
1 མི་སྣ་ངོ་སྤྲོད།

ལི་ཝུན་ལིའང(1985ལོ་ནས2020ལོའི་ཟླ2བའི་ཚེས7)ཕ་ཡུལ་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་པེ་ཀྲེན་གྲོང་ཁྱེར་ཡིན། ཝུའུ་ཧན་སློབ་ཆེན་ནད་ཐོག་གསོ་རིག་ལོ་བདུན་ལམ་ལུགས་ཀྱི་ཆེད་ལས་ནས་སློབ་མཐར་ཕྱིན། གུང་ཁྲན་ཏང་ཡོན་ཡིན། དེ་སྔོན་ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཡིན། སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་གྱི་ཐོ་རེངས་ཆུ་ཚོད2དང་སྐར་མ58ཐོག་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ2004ལོར་མཐོ་རྒྱུགས་ལ་ཞུགས་པ་དང་ཝུའུ་ཧན་སློབ་ཆེན་ནད་ཐོག་གསོ་རིག་ལོ་བདུན་ལམ་ལུགས་ཀྱི་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས་ཞ་མོན་དུ་ལོ་གསུམ་ལ་ལས་གཉེར་བྱས་པ་དང་སྤྱི་ལོ2014ལོར་ཝུའུ་ཧན་དུ་ལོག་ནས་ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་དུ་ལས་གཉེར་བྱས་པ་རེད། སྤྱི་ལོ2019ལོའི་ཟླ12པའི་ཚེས30ཉིན། ཕྱི་རོལ་དུ་འགོག་སྲུང་ཉེན་ཟོན་སྔོན་བརྡ་བཏང་བ་དང་། རིམས་ནད་ཀྱི་ཤུ་རྒྱག་པ་ཞེས་མིང་བཏགས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན་ལི་ཝུན་ལེའང་ལ་ནད་གཞི་བརྟག་དཔྱད་བྱེད་སྐབས་རྒྱུ་རྐྱེན་གསལ་པོ་མེད་པའི་ནད་དུག་རང་བཞིན་གྱི་གློ་ཚད་ཕོག་པའི་ནད་པར་འཕྲད་པ་མ་ཟད་རང་ཉིད་ལ་འགོས་པ་རེད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས10ཉིན་ལི་ཝུན་ལེའང་དུ་གློ་རྒྱག་པ་དང་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་པ་དང་དེ་རྗེས་ནད་གཞི་ཚབས་ཆེ་རུ་ཕྱིན། ཟླ2བའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ41ཐོག་ལི་ཝུན་ལེའང་གིས་རང་ཉིད་ཀྱི་པོད་འཕྲིན་སྟེང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་གཏན་འཁེལ་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། གཞན་ཡང་ཁོང་གི་ལས་རོགས་དང་ཕ་མ་མང་པོར་ཡང་ཏོག་དབྱིབས་ནད་དུག་གསར་བའི་ནད་དུག་འགོས་ཡོད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད21དང་སྐར་མ24ཐོག《ཀྲུང་གོའི་གསར་འགྱུར་གཟའ་འཁོར་རེའི་དུས་དེབ》ཀྱིས་ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་ནད་ལྕི་ལྟ་སྐྱོང་ཁང་གི་ཁ་པར་ཐེངས་དང་པོ་ཤར་གཏོང་ཐུབ་སྐབས། ཕ་རོལ་པོས་མྱུར་སྐྱོབ་བྱེད་བཞིན་ཡོད་ཅེས་བརྗོད་ཅིང་། ཆུ་ཚོད23དང་སྐར་མ56ཐོག་ད་དུང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། ཝུའུ་ཧན་ཞེ་ཧོ་སྨན་ཁང་གི་སྨན་པ་ཞིག་གིས་ལི་ཝུན་ལེའང་གིས་དོ་དགོང་གི་ཆུ་ཚོད21དང་སྐར་མ30ཡི་གཡས་གཡོན་དུ་སྙིང་ལྡིང་མཚམས་བཞག་མོད། འོན་ཀྱངECMO(མིས་བཟོས་འགྱིག་ཤོག་གློ་བ)སྤྱད་དེ་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར།

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་གྱི་ཐོ་རེངས་ཆུ་ཚོད2དང་སྐར་མ58ཐོག་ཝུའུ་ཧན་ལྟེ་གནས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ལི་ཝུན་ལེའང་གིས་ཏོག་གསར་གློ་ཚད་འགོས་པར་འགོག་རྒོལ་བྱེད་པའི་གློ་ཚད་རིམས་ནད་ལས་དོན་ཁྲོད་སྟབས་མ་ལེགས་པར་འགོས་པ་དང་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། 

3 མྱ་ངན་ཟབ་མོ་ཞུ་བ།

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་གྱི་སྔ་དྲོར། ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྲིད་གཞུང་དྲ་ཚིགས་ཐོག《ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་པ་ལི་ཝུན་ལེའང་ལ་མྱ་ངན་ཟབ་མོ་ཞུ་བ》ཞེས་པའི་ནང་ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ལི་ཝུན་ལེའང་གིས་རིམས་ནད་འགོག་བཅོས་ཁྲོད་སྟབས་མ་ལེགས་པར་ཏོག་གསར་གློ་ཚད་འགོས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལི་ཝུན་ལེའང་སྨན་པར་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་དེའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ། རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་མཁན་གྱི་སྨན་དོན་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། རིམས་ནད་འགོག་པའི་འགག་རྩའི་དུས་སྐབས་དེར་སྨན་དོན་མི་སྣ་ཡོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ནང་འགོག་སྲུང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་བ་དང་། ཡིད་ཆེས་བརྟན་མོ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་དེར་རྒྱལ་ཁ་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་སྔ་དྲོ། ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་དྲ་ཚིགས་ཐོག་ཏུ་སྤྱི་བསྒྲགས་བྱས་པ་ལྟར་ན། ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་སྨན་པ་ལི་ཝུན་ལེའང་ཏོག་གསར་གློ་ཚད་འགོས་ནས་ནུས་བ་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེ་ལས་འདས།  ང་ཚོས་མྱ་ངན་ཞུས་པ་དང་ཕངས་སེམས་ཚད་མེད་སྐྱེས་བྱུང་། འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱས་པར་གུས་འདུད་ཞུས་པ་དང་ཁོང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

4  མི་སྣའི་དོན་རྐྱེན།
4_1 ཉེན་རྟོག་པའི་བསླབ་བྱ། 

སྤྱི་ལོ2019ལོའི་ཟླ12པའི་ཚེས30ཉིན་གྱི་ཕྱི་དྲོ་ཆུ་ཚོད5ཡས་མས་སུ། ཁོང་གིས་ཝུའུ་ཧན་སློབ་ཆེན་ནད་ཐོག་གསོ་རིག04རིམ་པའི་འཛིན་གྲྭའི་ཚོགས་པ་ནང་དུ་ཧྭ་ནན་མཚོ་ཟས་ཁྲོམ་ར་ནང་དུSARSནད་རྟགས7ངོས་བཟུང་བྱས་འདུག་ཞེས་པའི་གནས་ཚུལ་དེ་བསྐུར་བ་དང་། གཅིག་འདྲ་ཡིན་པའི་ནད་ཐོག་སྨན་པའི་སློབ་གྲོགས་རྣམས་ཀྱིས་རང་ཉིད་ཀྱི་ཁྱིམ་མི་རྣམས་ལ་མཉམ་འཇོག་དང་དོག་ཟོན་བྱེད་དུ་འཇུག་དགོས་ཞེས་བཤད། རང་ཉིད་ཀྱིས་བཤད་པ་བདེན་མིན་ར་སྤྲོད་བྱ་ཆེད། ལི་ཝུན་ལེའང་གིས་ད་དུང་ཚོགས་པའི་ནང་ཞིབ་བཤེར་བྱས་ནས་ཡིད་རྟོན་ཚད་མཐོ་བའི་གདགས་གཤིས་དམིགས་ཚདSARSཏོག་དབྱིབས་ནད་དུག་གདགས་གཤིས་དང་། ནད་ཐོག་གི་ནད་གཞིའི་འབྱུང་རྩ་གྲལ་བཤེར་བྱས་འབྲས་དང་ནད་པའི་བྲང་ཁའིCTཞེས་བྲིས་ཡོད། དུས་ཚོད་གཅིག་གི་རྗེས་སུ་། ཁོས་ཚོགས་པའི་ནང་དུ་ཁ་གསབ་བྱས་ཏེ་ཆ་འཕྲིན་གསར་ཤོས་ནི་ཏོག་དབྱིབས་ནད་དུག་གསར་བ་འགོས་པ་དང་ནད་དུག་རིགས་དབྱེ་བཞིན་ཡོད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས3ཉིན། ཁོང་གིས“དྲ་སྦྲེལ་ཐོག་གཏམ་བཤད་རྫུས་མ་སྤེལ་བའི”རྐྱེན་གྱིས། ཁོངས་གཏོགས་མངགས་གཏོང་ཁང་གིས་ཉེན་བརྡ་བཏང་སྟེ་བསླབ་བྱ་གནང་།

4_2 སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར།

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཚོགས་ཆུང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་མངགས་ནས་མང་ཚོགས་ཀྱིས་བཏོན་པའི་སྨན་པ་ལི་ཝུན་ལེའང་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 

5 སྤྱི་ཚོགས་ཐུགས་ཁུར།

སྤྱི་ལོ2020ལོའི་ཟླ1པོའི་ཚེས31ཉིན་གྱི་ཆུ་ཚོད21ཐོག་པེ་ཅིང་དྲིན་ཚོར་སྤྱི་ཕན་ཐེབས་རྩ་ལྷན་ཚོགས“སྲུང་མཁན་གྱི་རྒྱབ་རྟེན་བྱ་སྤྱོད”རྣམ་གྲངས་ཀྱིས་ལི་ཝུན་ལེང་ལ“དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ནས་རྒྱབ་སྐྱོར”བྱེད་པའི་རྣམ་གྲངས་ཐོག་མ་དམངས་སྒོར་ཁྲི10དེ་སྤྲད་པ་རེད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡིག་ཚིགས་འཕར་འགུལ་སྨན་དོན་མི་ཆོས་རོགས་སྐྱོབ་ཐེབས་རྩས་ལི་ཝུན་ལེའང་སྨན་པའི་ནང་མིར་དམངས་སྒོར་ཁྲི100ཞལ་འདེབས་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས7ཉིན་བློ་མཐུན་ལི་ཝུན་ལེའང་གི་ལས་རྨས་འགན་བཅོལ་ཐོབ་ཐང་གི་ཐེངས་གཅིག་རང་བཞིན་གྱི་ལས་འདས་ཁ་གསབ་རོགས་དངུལ་དམངས་སྒོར་ཁྲི78.502དང་འདས་པོའི་རྗེས་འཇུག་ཁ་གསབ་རོགས་དངུལ་དམངས་སྒོར་ཁྲི3.6834བཅས་ཡོད། 

6 ཁྱིམ་མིའི་གསལ་བསྒྲགས།

སྤྱི་ལོ2020ལོའི་ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད16དང་སྐར་མ39ཡི་སྟེང་ལི་ཝུན་ལེའང་གི་བཟའ་ཟླའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དཔོད་ཆུང་གི་རྩིས་ཐོའི་ཨང་གྲངས་ལ་ཧྥུ་ཞུའེ་ཅེ་ཡིས་གསལ་བསྒྲགས་སྤེལ་ནས་ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད16བར་དུ་ཐབས་ལམ་བཞི་ཁྲིམས་ལྟར་སྒྲིག་སྲོལ་ལྟར་སྤྲོད་དགོས་པའི་གྲོན་དངུལ་ཁག་གཅིག་འབྱོར་བ་དང་། མི་སྒེར་རམ་ཚོགས་པའི་ལས་ཁུངས་གང་རུང་གི་ཞལ་འདེབས་དངུལ་འབྱོར་མེད། དེ་དང་ཆབས་ཅིག་ཁོང་གིས་རང་ཉིད་ཀྱིས་ངོ་བོ་གང་ཡང་མེད་པའི་རོགས་སྐྱོར་རེ་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་མེད་ལ། མི་སྣ་གཞན་དག་ལ་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་སམ་ཡང་ན་ཞལ་འདེབས་དང་ལེན་བྱ་རྒྱུའི་དབང་ཆ་གང་ཡང་སྤྲད་མེད་པར་བསྒྲགས།

རང་ཉིད་ནི་ལི་ཝུན་ལིའང་གི་ཆུང་མ་ཧྥུ་ཞུའེ་ཅེ་ཡིན་ལ། ཚང་མས་ཐོག་མཐའ་བར་གསུམ་དུ་ལི་ཝུན་ལིའང་དང་ཁྱིམ་མི་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་རང་ཉིད་ཀྱིས་ཉེ་དུས་དྲ་ཐོག་ཏུ་ལི་ཝུན་ལིའང་གི་ཁྱིམ་མིས་གྲོན་དངུལ་ལམ་ཞལ་འདེབས་དང་ལེན་བྱེད་པའི་འབྲེལ་ཡོད་ཆ་འཕྲིན་སྐོར་ལ་གསལ་བསྒྲགས་བྱས་པ་གཤམ་གསལ།

གཅིག  རང་ཉིད་ཀྱིས་གཤམ་གྱི་ཐབས་ལམ་ཁོ་ན་དང་ལེན་བྱེད་པའི་གྲོན་དངུལ་ཏེ། ①རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལི་ཝུན་ལིའང་གི་ལས་རྨས་དང་འདས་མཆོད་སོགས་འབྲེལ་ཡོད་ཀྱི་སྐྱིན་ཚབ་འཇལ་དངུལ། ②ལི་ཝུན་ལིའང་གི་བྱ་བའི་སྡེ་ཚན(ཝུའུ་ཧན་གྲོང་ཁྱེར་ལྟེ་གནས་སྨན་ཁང)དང་རང་ཉིད་ཀྱི་བྱ་བའི་སྡེ་ཚན(ཝུའུ་ཧན་ཨེར་མིག་ནད་ཚན་ཁག་གི་སྨན་ཁང)གྱི་རོགས་རམ་གྲོན་དངུལ། ③ལི་ཝུན་ལིའང་འཚོ་བཞུགས་སྐབས་ཁྲིམས་ལྟར་ཉེན་འགོག་ཉོ་བའི་སྐྱིན་ཚབ་འཇལ་དངུལ། ④སྲིད་གཞུང་སྡེ་ཚན་གྱིས་ཁས་ལེན་བྱས་པའམ་ཡང་ན་དབང་ཆ་སྤྲད་པའི་སྤྱི་ཕན་ཚན་པ(འགན་བཅོལ་ཚུད་པ)ཡིས་ཁྲིམས་ལྟར་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྨན་དོན་མི་སྣའི་ཁྱབ་ཁོངས་ནང་གི་སྤྱི་ཕན་ཐེབས་རྩའམ་ཡང་ན་བྱ་དགའ་སྤྲད་པ་དང་། ལི་ཝུན་ལེའང་སྨན་དོན་མི་སྣར་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དངུལ་ཁག་གཅིག

གཉིས། སྤྱི་ལོ2020ལོའི་ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད16བར་དུ། རང་ཉིད་ལ་གོང་གསལ་གྱི་ཐབས་ལམ་དག་ཁྲིམས་ལྟར་སྒྲིག་སྲོལ་ལྟར་སྐྱིན་ཚབ་སྤྲོད་དགོས་པའི་གྲོན་དངུལ་ཁག་ཅིག་འབྱོར་ཡོད་པ་་ལས། མི་སྒེར་རམ་ཡང་ན་ཚོགས་པ་དང་ལས་ཁུངས་གང་རུང་གི་ཞལ་འདེབས་གྲོན་དངུལ་འབྱོར་མེད། དེ་དང་མཉམ་དུ། རང་ཉིད་ཀྱིས་གོང་གི་ཐབས་ལམ་ལས་གཞན་པའི་མི་སྒེར་རམ་ཚོགས་པའི་ལས་ཁུངས་ཀྱི་དངུལ་ཚན་དང་ཞལ་འདེབས་དང་ལེན་མི་བྱེད་པ་ཡིན། 

གསུམ། ཉེ་དུས་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་པའི་རིགས་ཁག་གི་འབྲེལ་ཡོད་ལི་ཝུན་ལེང་གི་ཞལ་འདེབས་ཆ་འཕྲིན་ཚང་མ་གཞན་གྱིས་ཁྱབ་བསྒྲགས་བྱས་པ་དང་། རང་ཉིད་ཀྱིས་ཁས་ལེན་བྱས་མེད་པ་མ་ཟད། རང་ཉིད་དང་འབྲེལ་བ་གང་ཡང་མེད། རང་ཉིད་ཀྱིས་ངོ་བོ་གང་རུང་གི་རོགས་སྐྱོར་རེ་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་མེད་ལ། མི་གཞན་པར་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་དང་རོགས་སྐྱོར་ཞལ་འདེབས་དང་ལེན་བྱེད་པའི་དབང་ཆ་ཡང་སྤྲད་མེད། 

བཞི། དྲ་རྒྱའི་སྟེང་ནས་ང་དང་ཁྱིམ་མིར་རོགས་སྐྱོར་གྱི་སྒྲ་ལ་བདག་གིས་ཁས་ལེན་བྱས་མེད་པས། ཚང་མས་ངའི་ཁྱིམ་མི་ལ་དགོས་མེད་ཀྱི་དཀའ་ཁག་མི་བཟོ་བར་བཀའ་དྲིན་ཞུ། 

ཧྥུ་ཞུའེ་ཅེ།

སྤྱི་ལོ2020ལོའི་ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད16དང་སྐར་མ30སྟེང་།.jpg


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྤྱི་ཚོགས། ཏོག་གསར་གློ་ཚད།