ཅང་དབྱིན་གྲོང་ཁྱེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:13ལ་འགྲུབ།

ཅང་དབྱིན་གྲོང་ཁྱེར།

ཅང་དབྱིན་གྲོང་ཁྱེར།
​ཅང་དབྱིན་གྲོང་ཁྱེར་ཏེ། བསྡུས་མིང་ལ་ཁྲེང་ཟེར་བ་དང་། “ཏ་ཅང་གཙང་པོའི་སྲིབས་ངོས་སུ་ཆགས”པས་མིང་ལའང་དེ་ལྟར་ཐོགས། པིན་ཅང་གྲུ་ཁ་རུ་ཆགས་པའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར་ཞིག་ཡིན། ཅང་དབྱིན་ནི་ཀྲུང་གོའི་ཧྭ་ཏུང་དང་ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཐའེ་ཧུའུ་བདེ་ཐང་གི་བྱང་སྣེར་གནས་ཡོད། ཤར་ཕྱོགས་ནི་ཀྲང་ཅ་གྲུ་ཁ་དང་འབྲེལ་ཞིང་། ལྷོ་ཕྱོགས་ནི་ཝུའུ་ཞི་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཁྲང་ཀྲོའུ་དང་འབྲེལ་ལ། བྱང་ཕྱོགས་སུ་ཅིན་ཅང་ལ་ཁ་གཏད་ནས་ཆགས་ཡོད། ཅང་དབྱིན་ནི་གཙང་པོ་དང་ཆུ་མཇུག་མཚོ་མགོ་དང་འབྲི་ཆུའི་འགག་ཏུ་གནས་པས། རྒྱལ་རབས་རིམ་བྱུང་གི་དུས་སྐབས་སུ་དམག་དོན་གྱི་འགག་སྒོ་གལ་ཆེན་ཞིག་ཡིན་ལ། ལྷོ་བྱང་གཉིས་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་གཙང་པོ་དང་རྒྱ་མཚོའི་སྦྲེལ་མཐུད་སྐྱེལ་འདྲེན་གྱི་རང་བྱུང་གྲུ་ཁའི་གྲོང་ཁྱེར་བཟང་པོ་ཞིག་ཀྱང་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅང་དབྱིན་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
江阴
ཕྱི་ཡིག་གི་མིང་།
JiangYin
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྭ་ཏུང་ས་ཁུལ། སུའུ་ལྷོ་ས་ཁུལ།
མངའ་ཁོངས།
ཁྲོམ་སྲང་གསུམ་དང་གྲོང་རྡལ་དགུ ཆུས་གཉིས།
སྲིད་གཞུང་སྡོད་གནས།
ཁྲེང་ཅང་ཁྲོམ་སྲང་ཁྲེང་ཅང་དབུས་ལམ་ཨང་རྟགས9པ།
ས་ཁོངས་ཁ་པར་ཨང་རྟགས།
0510
སྦྲག་སྲིད་ཨང་རྟགས།
214400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ987.53
མི་གྲངས།
ཁྲི165.18(རྒྱུན་སྡོད་མི་གྲངས)
ཐེམ་ཐོ།
ཁྲི125.95
ཡུལ་སྐད།
ཝུའུ་སྐད།
ནམ་ཟླ།
དྲོད་ཚལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏B
མེ་འཁོར་འབབ་ཚུགས།
ཅང་དབྱིན་མེ་འཁོར་འབབ་ཚུགས། ཅང་དབྱིན་མེ་འཁོར་འབབ་ཚུགས་བྱང་མ།
གནམ་གྲུའི་ཐང་།
ཅང་དབྱིན་གནམ་གྲུའི་ཐང་། སུའུ་ནན་ཧྲུའོ་ཧྥང་རྒྱལ་སྤྱིའི་གནམ་གྲུའི་ཐང་། ཁྲང་ཀྲུའུ་པིན་ཉིའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
1 ངོ་སྤྲོད་རགས་བསྡུས།

ཅང་དབྱིན་གྲོང་ཁྱེར་ཏེ།  བསྡུས་མིང་ལ་ཁྲེང་ཟེར་བ་དང་། “ཏ་ཅང་གཙང་པོའི་སྲིབས་ངོས་སུ་ཆགས”པས་མིང་ལའང་དེ་ལྟར་ཐོགས། པིན་ཅང་གྲུ་ཁ་རུ་ཆགས་པའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར་ཞིག་ཡིན། ཅང་དབྱིན་ནི་ཀྲུང་གོའི་ཧྭ་ཏུང་དང་ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཐའེ་ཧུའུ་བདེ་ཐང་གི་བྱང་སྣེར་གནས་ཡོད། ཤར་ཕྱོགས་ནི་ཀྲང་ཅ་གྲུ་ཁ་དང་འབྲེལ་ཞིང་། ལྷོ་ཕྱོགས་ནི་ཝུའུ་ཞི་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཁྲང་ཀྲོའུ་དང་འབྲེལ་ལ། བྱང་ཕྱོགས་སུ་ཅིན་ཅང་ལ་ཁ་གཏད་ནས་ཆགས་ཡོད། ཅང་དབྱིན་ནི་གཙང་པོ་དང་ཆུ་མཇུག་མཚོ་མགོ་དང་འབྲི་ཆུའི་འགག་ཏུ་གནས་པས། རྒྱལ་རབས་རིམ་བྱུང་གི་དུས་སྐབས་སུ་དམག་དོན་གྱི་འགག་སྒོ་གལ་ཆེན་ཞིག་ཡིན་ལ། ལྷོ་བྱང་གཉིས་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་དང་གཙང་པོ་དང་རྒྱ་མཚོའི་སྦྲེལ་མཐུད་སྐྱེལ་འདྲེན་གྱི་རང་བྱུང་གྲུ་ཁའི་གྲོང་ཁྱེར་བཟང་པོ་ཞིག་ཀྱང་རེད། ཅང་དབྱིན་གྲོང་ཁྱེར་ནི་སྤྱི་ལོ1736ལོར་བཙུགས་པའི་ལོ་རྒྱུས་ཡོད། རི་བོའི་བྱང་ངོས་ཆུ་བོའི་ལྷོ་ངོས་ནི་སྲིབ་ངོས་ཡིན་པ་དང་དང་། གཙང་པོ་སྲིབ་ངོས་ནི་འབྲི་ཆུའི་ལྷོ་རྒྱུད་ཡིན། ཅང་དབྱིན་རིག་གནས་ནི་ཝུའུ་ཡུའེ་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ཅང་དབྱིན་གྱི་མི་མང་ཆེ་བ་ཅང་ཀྲེ་མིའི་ཁོངས་སུ་གཏོགས་པས་ཝུའུ་སྐད་བཀོད་སྤྱོད་བྱེད།

ཅང་དབྱིན་ནི་སྔར་ཝུའུ་ས་ཆའི་ཡན་ལིན་གྱི་ཁོངས་སུ་གཏོགས་པ་དང་། ཅིན་རྒྱལ་རབས་ཀྱིས་ཅི་དབྱང་རྫོང་བཙུགས་པ་དང་། ཁྲའོ་ལིའང་བྱང་མའི་ནི་ཅང་དབྱིན་ཅུན་དུ་བསྒྱུར། སུང་རྒྱལ་རབས་སྐབས་སུ་དེ་ནི་ཀྲེ་གཉིས་ལམ་གྱི་སྒར་ཁ་བཅུ་དྲུག་གི་ཡ་གྱལ་ཅང་དབྱིན་ཅུན་དང་རྒྱལ་ཡོངས་ཀྱི་ས་གནས་བརྒྱད་ཀྱི་གྲུ་གཟིངས་ཚོང་འགྲུལ་གྲུ་ཁའི་གྲོང་ཁྱེར་གྱི་གྲས་ཤིག་རེད། ལོ་རྒྱུས་སྟེང་དུ་ལོ་ངོ334ལ་གྲོང་ཁྱེར་དེ་རུ་ཅུན་དང་། ཀྲོའུ། དམག་སྒར། གཞུང་སྐྱོང་བཅས་འཛུགས་མྱོང་ཡོད། ཡོན་རྒྱལ་རབས་སྐབས་སུ་ཅང་དབྱིན་ལུའུ་སྤྱི་ཁྱབ་ལས་ཤག་ནས་ཅང་དབྱིན་རྫོང་དུ་ཕབ། མིང་ཆིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཁྲང་ཀྲོའུ་སྒར་གྱི་ཁོངས་སུ་གཏོགས། སྤྱི་ལོ1983ལོར་ཝུའུ་ཤིས་གྲོང་ཁྱེར་གྱི་སྲིད་འཛིན་ཚབ་སྐྱོང་དུ་བསྒྱུར། སྤྱི་ལོ1987ལོར་རྫོང་བླངས་ནས་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ2017ལོར་ཅང་དབྱིན་གྲོང་ཁྱེར་དེ་ཅང་སུའུ་ཞིང་ཆེན་གྱི“གྲོང་ཁྱེར་དང་རྫོང་གི་དབང་ཆ་གཅིག་བསྡུས”ཅན་གྱི་རྫོང་རིམ་པའི་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་ཅན་དུ་བསྒྱུར།

ཅང་དབྱིང་གྲོང་ཁྱེར་གྱི་ཁོངས་ཁྲེང་ཅང་ཁྲོམ་སྲང་དང་ནན་ཀྲ་ཁྲོམ་སྲང་། ཡུན་ཐིང་ཁྲོམ་སྲང་སོགས་ཁྲོམ་སྲང་གསུམ་དང་གཡོད་གྲོང་རྡལ་དང་། ཆིང་དབྱང་གྲོང་རྡལ། ཞུས་ཞ་ཁེ་གྲོང་རྡལ། ཧྭ་ཧྲི་གྲོང་རྡལ། ཀྲོའུ་ཀྲོང་གྲོང་རྡལ། ཤིན་ཆའོ་གྲོང་རྡལ། ཁྲང་ཅིང་གྲོང་རྡལ། ཀུའུ་ཧྲན་གྲོང་རྡལ། ཀྲུའུ་ཐང་གྲོང་རྡལ་བཅས་གྲོང་རྡལ་དགུ དཔལ་འབྱོར་གསར་སྤེལ་ཁུལ་གཉིས་དང་རྒྱལ་ཁབ་ཀྱི་མཐོ་རིམ་གསར་སྤེལ་ཁུལ་གཅིག་བཅས་ཡོད་པ་རེད།

ཅང་དབྱིན་གྲོང་ཁྱེར་གྱིས་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྣེ་ཁྲིད་བྱས་ནས་དམངས་གཉེར་དཔལ་འབྱོར་དར་རྒྱས་ཆེ་ཞིང་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ཀྱང་ཧ་ཅང་ཆེན་པོ་ཆགས་ཡོད། ཅང་དབྱིང་གྲོང་ཁྱེར་དུ་ཀྲུང་གོའི་རྩེ་གྲའི་ཁེ་ལས500ཡི་གྲས་ཀྱི་ཁེ་ལས10དང་། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ཤུགས་ཆེ་བའི་ཁེ་ལས500ཡི་གྲས་ཀྱི་ཁེ་ལས17ཡོད། ཁྲོམ་འགྲེམས་ཀུང་སི49ལྷག་ཙམ་ཡོད་པ་རེད།

ཅང་དབྱིན་གྲོང་ཁྱེར་དུ་པིན་ཅང་གཙང་པོའི་བཙན་སའི་ཡུལ་སྐོར་ས་ཁུལ(ངང་སྣ་ཙུའེ་སྤྱི་གླིང་། ཧོང་ཧྲན་རི་བོའི་མེ་སྒྱོགས། ཧོང་ཧྲན་མཚེའུ་སྤྱི་གླིང་། ཅང་དབྱིན་ཐང་ཕྱི་མ)དང་། སྲིད་འཛིན་རིག་གནས་ཡུལ་སྐོར་ས་ཁུལ(ཀྲུང་ཧྲན་སྤྱི་གླིང་། ཅང་དབྱིན་ཝུན་ལྷ་ཁང་། ཤིན་གོ་མཆོད་རྟེན་སོགས)དང་། ཧྥེ་མ་ཧྲུའེ་ཁྲེང་མཁར། ཧྭ་ཤིས་གྲོང་ཚོ། ཞུས་ཞ་ཁེ་ཡི་བཞུགས་གནས་རྙིང་པ། ཆི་ཧྲན་མཚོ་ཁུག ཀུའུ་ཧྲན་སྲན་དམར། ཁྲང་ཡན་ཁྲོམ་སྲང་རྙིང་མ་སོགས་མཛེས་ལྗོངས་ཁུལ་ཡོད།

2 ས་བབ་གནས་ཚུལ།

ཅང་དབྱིང་གྲོང་ཁྱེར་ནི་སུའུ་ནན་གཙང་པོའི་རྒྱུད་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ987.53ལྷག་ཙམ་ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་ལེ་གྲུ་བཞི་མ811.7ལྷག་ཙམ་ཡོད། ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ175.8ལྷག་ཙམ་ཡོད་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ནང་འབྲི་ཆུའི་ཆུ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ56.7ལྷག་ཙམ་ཡོད། གཙང་པོ་དང་ཆུ་བོའི་འགྲམ་རྒྱུད་ཀྱི་རིང་ཚད་སྤྱི་ལེ35ལྷག་ཙམ་ཡོད། 

ཅང་དབྱིན་བྱང་ཕྱོགས་ནི་འབྲི་ཆུར་མགོ་ཐུག་ཡོད་པ་དང་། ཅང་དབྱིན་ཟམ་ཆེན་གྱིས་ཅིང་ཅང་གྲོང་ཁྱེར་དང་སྦྲེལ་ནས་ཡོད། ལྷོ་ཕྱོགས་སུ་ཐའེ་ཧུའུ་མཚེའུ་དང་ཉེ་ལ། མྱུར་བགྲོད་གཞུང་ལམ་གསུམ་གྱིས་ཝུའུ་ཞི་དང་ཕན་ཚུན་སྦྲེལ་ནས་ཡོད། འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་གྱིས་ཤར་ཕྱོགས་སུ་ཀྲང་ཅ་ཀང་དང་། ཁྲང་ཧྲུའེ། ཐའེ་ཚང་ནས་ཧྲང་ཧེ་བར་བཅས་ལ་སྦྲེལ་ཡོད། ནུབ་ཕྱོགས་སུ་ཁྲང་ཀྲོའུ་དང་ཀྲེན་ཅང་ནས་ནན་ཅིན་བར་ལ་སྦྲེལ་ནས་ཡོད། ཅང་དབྱིན་ནས་ཧྲང་ཧའེ་དང་ནན་ཅིན་བར་སྤྱི་ལེ148ཡོད་པ་དང་། ཝུའུ་ཞི་དང་ཁྲང་ཀྲོའུ་བར་སྤྱི་ལེ38ཡོད། ཅང་དབྱིན་ཧོ་གྲོང་ཆུས་ཀྱི་རི་སྒང་ནི་ཆགས་དབྱིབས་ནི་སྤྱིའི་ཆ་ནས་བྱང་ནས་ཤར་དུ་ཆགས་ཡོད་པ་དང་། དེའི་མཐོ་ཚད་ནི་ལྷོ་ནུབ་ནས་བྱང་ཤར་བར་རིམ་པ་བཞིན་དུ་མར་ཆག་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི་125.95སླེབས་པ་དང་རྒྱུན་སྡོད་མི་གྲངས་ཁྲི165.18ལ་སླེབས་ཡོད། ལོ་ཧྲིལ་པོའི་གསར་དུ་སྐྱེས་པའི་མི་གྲངས9990ཡོད་པ་དང་། སྐྱེས་ཚད་ཀྱིས7.95‰བཟུང་ཡོད་ལ། འདས་གྲོངས་སུ་གྱུར་པའི་མི་གྲངས9227ཡོད་པ་དང་འདས་ཚད་ཀྱིས7.34%བཟུང་ཡོད། མི་གྲངས་རང་ཤུགས་སུ་འཕར་ཚད་ནི0.61‰ཡིན།

གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར54281ལ་སླེབས་ནས8.7%འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར63957སླེབས་ནས་8.1%འཕར་ཡོད། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར33136ལ་སླེབས་ནས8.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས་ནི27.5ཡིན་པ་དང་། གྲོང་གསེབ་སྡོད་དམངས་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས28.6ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར32187ལ་སླེབས་ནས6.8%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར21632ལ་སླེབས་ནས6.2%འཕར་ཡོད།

4 ཆབ་སྲིད་འགོ་ཁྲིད།

ཅང་དབྱིན་གྲོང་ཁྱེར་གྱི་ཆབ་སྲིད་འགོ་ཁྲིད་གནས་ཚུལ།

གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི། ཝང་ཅིན་ཅན།

གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། ཚའེ་ཡེ་མིན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གཞོན་པ། ཧྥེ་ཕིང་།

དཔྱད་གཞིའི་ཡིག་ཆ།