ཝན་པོ་ལིན་ཆུས།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-02-18 16:12ལ་འགྲུབ།

ཝན་པོ་ལིན་ཆུས།

ཝན་པོ་ལིན་ཆུས།
ཝན་པོ་ལིན་ཆུས་ནི་ཀྲུང་གོའི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། ཐའེ་ཡོན་གྱི་ནུབ་སྒོའི་སྒོ་ཆེན་ཞིག་ཀྱང་ཡིན། མི་དམངས་སྲིད་གཞུང་གི་ནུབ་ཁུལ་ཨང35པ་རུ་ཡོད། ཝན་པོ་ཞིན་ཆུས་ནི་ཧྥེན་ཧོ་གཙང་པོའི་ནུབ་འགྲམ་དུ་གནས་པ་དང་ཤིས་དབྱི་ལུང་ཧྲན་རི་རྒྱུད་དང་ལྷོ་ངོས་ཅིན་ཡོན་ཆུས་དང་འབྲེལ་ཞིང་། བྱང་ངོས་ཅན་ཚའོ་ཕིང་ཆུས་དང་འབྲེལ་ནས་ཡིང་ཙེ་ཆུས་དང་ཤིང་ཧྭ་ལིང་ཆུས་བཅས་སུ་འབྲེལ་ཞིང་ཁོངས་གཏོགས་ཁུལ་གྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ304.8ཟིན་པ་དང་། སྤྱི་ལོ2013ལོའི་བར་ཝན་པོ་ཞིན་ཆུས་སུ་རྒྱུན་སྡོད་མི་འབོར་ཁྲི55.4ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི8ལྷག་ཙམ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
万柏林区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ304.8ཡོད།
དབྱིན་ཡིག་གི་མིང་།
Wanbailin District
མི་གྲངས།
ཁྲི55.4ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཐད་གཏོགས་ཆུས།
ཡུལ་སྐད།
ཐའེ་ཡོན་སྐད།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་དུས་རླུང་རང་བཞིན་གྱི་ནམ་ཟླ།
མངའ་ཁོངས།
སྲང་ལམ14ཡུལ་ཚོ1
ཡུལ་ལྗོངས་གྲགས་ཅན།
ལུང་ཆོན་ཀུའུ་དགོན་པ།
ས་ཁོངས་ཁ་པར་ཨང་རྟགས།
0351
སྦྲག་སྲིད་ཨང་རྟགས།
030000
རླངས་འཁོར་ཚབ་ཨང་།
ཅིནA
སྲིད་འཛིན་ཚབ་ཨང་།
140109
1 ​ལོ་རྒྱུས་ཀྱི་འཕེལ་རིམ། 

ཧོ་ཞི་ས་ཁུལ་གྱི་མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་ནི་ཐའེ་ཡོན་ཧྥུ་དབྱང་ཆུས་དང་ཐའེ་ཡོན་རྫོང་གཉིས་ཀྱི་མངའ་འོག་ཏུ་གཏོགས། ཀྲུང་ཧྭ་མིན་གོའི་དུས་འགོར་མེད་པར་གྱུར་ཅིང་གཞུང་རྣམས་ཅི་ཉིན་ལྕགས་ལམ་གྱི་ཁོངས་སུ་གཏོགས།      

ཀྲུང་ཧྭ་མིན་གོའི་སྲིད་ལོ32ལོར(སྤྱི་ལོ1943ལོའི)ཟླ3པར་ཐའེ་ཡོན་གྲོང་ཁྱེར་སྲིད་འཛིན་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་གྱི་ནུབ་མཚམས་པེ་ཅ་ཀྲོང་དུ་རྒྱ་བསྐྱེད་པ་དང་། ཧོ་ཞི་ས་ཁུལ་དེ་ཐའེ་ཡོན་གྲོང་ཁྱེར་དུ་ལོག་པ་རེད།      

ཀྲུང་ཧྭ་མིན་གོའི་སྲིད་ལོ34ནས38ལོའི་བར(སྤྱི་ལོ1945ལོ་ནས1949ལོའི་བར)ཟླ3པར་ཐའེ་ཡོན་གྲོང་ཁྱེར་དེ་ཆུས16ཏུ་ཕྱེ་ཡོད་པ་སྟེ། ནང་ཁུལ་གྱི་ཆུས8(གྲོང་ཁྱེར་གྱི་གྲོང་ཁུལ)དང་། ཕྱི་ཁུལ་གྱི་ཆུས8(གྲོང་ཁྱེར་གྱི་ཉེ་འཁོར)8དང་། རྨ་ནུབ་ཀྱི་ས་ཁོངས་ཕྱི་རོལ་གྱི་ཆུས8ཀྱི་ཆུས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཡིན།      

ཐའེ་ཡོན་བཅིངས་འགྲོལ་བཏང་རྗེས། སྤྱི་ལོ1949ལོའི་ཟླ5པར་ཐའེ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆུས16དེ་ཆུས8ལ་ཟླ་སྒྲིལ་བཏང་བ་དང་། ཧོ་ཞི་ཁུལ་བདུན་པའི་ཁོངས་སུ་གཏོགས།      

སྤྱི་ལོ1950ལོའི་ཟླ8པར་ཐའེ་ཡོན་གྲོང་ཁྱེར་གྱི་ཁུལ་ལྔ་བར་བསྒྱུར།      

སྤྱི་ལོ1954ལོའི་ཟླ6པར་ཝན་པོ་ལིན་ཆུས་སུ་བསྒྱུར།      

སྤྱི་ལོ1957ལོའི་ཟླ3པའི་ཚེས12ཉིན་ཝན་པོ་ལིན་ཆུས་མེད་པར་བཟོས་ནས་ཐའེ་ཡོན་གྲོང་ཁྱེར་གྱི་ཉེ་འདབས་ཀྱི་བདག་སྤྲོད་བྱེད་ཁོངས་སུ་བཅུག      

སྤྱི་ལོ1958ལོའི་ཟླ7པའི་ཚེས14ཉིན་ཐའེ་ཡོན་གྲོང་ཁྱེར་དུ་ཧོ་ཞི་ཆུས་བཙུགས།      

སྤྱི་ལོ1960ལོའི་ཟླ6པར་ཧོ་ཞི་ཁུལ་བཙུགས་ནས་དབྱི་ཅིང་དང་ཝན་པོ་ལིན། ཞི་ཧྲན་བཅས་གྲོང་ཁྱེར4ཡི་ཁོངས་སུ་གཏོགས་པའི་མི་དམངས་ཀུང་ཧྲེ་བཙུགས།      

སྤྱི་ལོ1963ལོའི་ཟླ3པར་གྲོང་ཁྱེར་མི་དམངས་ཀུང་ཧྲེ་མེད་པར་བཟོས་པ་དང་། ཟླ5པར་ཧོ་ཞི་ཁུལ་འཛུགས་སྐྲུན་སླར་གསོ་བྱས། ལོ་དེའི་ཟླ11པར་སྔོན་གྱི་ཞི་ཧྲན་མི་དམངས་ཀུང་ཧྲེའི་རྨང་གཞིའི་སྟེང་ཞི་ཧྲན་བཟོ་གཏེར་ཁུལ་བཙུགས།      

སྤྱི་ལོ1963ལོའི་ཟླ2པར་ཞི་ཧྲན་བཟོ་གཏེར་ཁུལ་མེད་པར་བཟོས་པ་དང་དེའི་མངའ་ཁོངས་སྔར་བཞིན་ཧོ་ཞི་ཁུལ་དུ་གཏོགས།      

སྤྱི་ལོ1963ལོ་ནས་སྤྱི་ལོ1990ལོའི་བར་ཧོ་ཞི་ཁུལ་འཛུགས་སྐྲུན་བྱེད་པར་འགྱུར་ལྡོག་བྱུང་མེད།      

སྤྱི་ལོ1990ལོར་ཧོ་ཞི་ཁུལ་གྱི་མངའ་འོག་སྲང་ལམ12ཡོད་པ་སྟེ། ཞ་ཡོན་དང་དབྱི་ཅིན། ལུའོ་ཁྲེང་། ཝན་པོ་ལིན། ནན་ཧན། པའེ་ཅ་ཀྲོང་། ཏུའུ་ཨེར་ཕིན། ཁའེ་ཁྲེང་། ཏ་ཧུའུ་ཀུའུ། ཆན་ཧྥེང་། ཀོན་ཏི་སྲང་ལམ་དོན་གཅོད་ཁང་བཅས་ཡིན།      

སྤྱི་ལོ1997ལོའི་ཟླ5ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཡོན་གྲོང་ཁྱེར་གྱི་གྲོང་ཁུལ་ལྷོ་མ་དང་། གྲོང་ཁྱེར་བྱང་མ། ཧོ་ནུབ་ཁུལ། གྲོང་ཁྱེར་ལྷོ་རྒྱུད། གྲོང་ཁྱེར་བྱང་འདབས་བཅས་མེད་པར་བཟོས་ནས། ཐའེ་ཡོན་གྲོང་ཁྱེར་གྱི་ཚོང་ཁང་ཆུང་བ་དང་། ཡིང་ཙེ་ཆུས། ཞིན་ཧྭ་ལིང་ཆུས། ཅན་ཚའོ་ཕིང་ཆུས། ཝན་པོ་ལིན་ཆུས། ཅིན་ཡོན་ཆུས་བཅས་བཙུགས། ཝན་པོ་ལིན་ཆུས་ཀྱི་ཁོངས་སུ་དེ་སྔའི་ཧོ་ཞི་ཁུལ་གྱི་ཝན་པོ་ལིན་དང་ཆན་ཧྥེང་། ཞིན་ཧྭ། ཞ་ཡོན། ཏུའུ་ཨེར་ཕིང་། ནན་ཧན། པའེ་ཅ་ཀྲོང་། ཏ་ཧུའུ་ཀུའུ། ཁའེ་ཁྲེང་། ཀོན་ཏི་བཅས་ཁྲོམ་ལམ11ཡོད་པ་དང་། དེ་སྔའི་བྱང་འདབས་ཀྱི་ཞི་མིང་དང་ཧྭ་ཁེ་ཐོའུ། ཝང་ཧྥེང་། ཞའོ་ཅིང་ཡུས། ཏུང་ཧྲེ(ཞའོ་ཏུང་ལིའུ། ཏ་ཏུང་ལིའུ། ཞི་ལིའུ་བཅས་གྲོང་ཚོ3ཚུད་མེད)བཅས་ཡུལ་ཚོ5ཡོད། 

2 སྲིད་འཛིན་ས་ཁོངས། 

སྤྱི་ལོ1998ལོའི་ལོ་མཇུག་ཏུ་ཝན་པོ་ལིན་ཆུས་ཀྱི་ཁོངས་གཏོགས་ཁྲོམ་གཞུང11དང་ཡུལ་ཚོ5ཡོད་པ་དེ་དག་ནི། ཆན་ཧྥུང་ཁྲོམ་གཞུང་དང་ཞ་ཡོན་ཁྲོམ་གཞུང་། ཤིན་ཧྭ་ཁྲོམ་གཞུང་། ཝན་པོ་ལིན་ཁྲོམ་གཞུང་། ཏུའུ་ཨར་ཕིང་ཁྲོམ་གཞུང་། པའེ་ཅ་ཀྲོང་ཁྲོམ་གཞུང་། ནན་ཧན་ཁྲོམ་གཞུང་། ཁའེ་ཁྲེང་ཁྲོམ་གཞུང་། ཀོན་ཏི་ཁྲོམ་གཞུང་། ཏ་ཧུའུ་ཀུའུ་ཁྲོམ་གཞུང་། ཞའོ་ཅིང་ཡུས་ཡུལ་ཚོ། ཤིས་མིང་ཡུལ་ཚོ། ཏུང་ཧྲེ་ཡུལ་ཚོ། ཝང་ཧྥེང་ཡུལ་ཚོ། ཧྭ་ཁེ་ཐོའུ་ཡུལ་ཚོ་བཅས་ཡིན་པ་དང་། དེའི་མངའ་འོག་ཏུ་སྡེ་ཁུལ261དང་སྲིད་འཛིན་གྲོང་ཚོ70ཡོད། སྤྱི་ལོ2001ལོར་ཏུང་ཧྲེ་ཡུལ་ཚོ་དེ་ཏུང་ཧྲེ་ཁྲོམ་གཞུང་དུ་བསྒྱུར་བ་དང་། ཧྲི་ཐོའུ་ཡུལ་ཚོ་དེ་ཧྭ་ཁེ་ཐོའུ་ཁྲོམ་གཞུང་དུ་བསྒྱུར། སྤྱི་ལོ2007ལོར་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་ཀོན་ཏི་ཁྲོམ་གཞུང་། ཏ་ཧུའུ་ཀོའུ་ཁྲོམ་གཞུང་། ཞའོ་ཅིང་ཡུས་ཡུལ་ཚོ། ཤིས་མིང་ཡུལ་ཚོ་བཅས་མེད་པ་བཟོས་པ་དང་། ཞའོ་ཅིང་ཡུས་ཁྲོམ་གཞུང་དང་། ཤིས་མིང་ཁྲོམ་གཞུང་། ཁྲང་ཧྥུང་ཤིས་ཁྲོམ་གཞུང་། ཧྲེན་ཐང་ཁྲོམ་གཞུང་བཅས་བཙུགས་པ་དང་འབྲེལ་ཁྲོམ་གཞུང་གཞན་དག་གི་སྲིད་འཛིན་ས་ཁོངས་ཀྱི་ཁྱབ་ཁོངས་ལེགས་སྒྲིག་འོས་འཚམ་བྱས་ཡོད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཝན་པོ་ལིན་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང14དང་ཡུལ་ཚོ1ཡོད་པ་དང་ཁྱོན་སྡེ་ཁུལ135དང་སྲིད་འཛིན་གྲོང་ཚོ18ཡོད་པ་རེད། 

3 ས་ཁམས་ཁོར་ཡུག      
3_1 གནས་ཡུལ།     

ཝན་པོ་ལིན་ཆུས་ནི་ཐའེ་ཡོན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག37°44'40ནས37°55'བར་ཡིན་པ་དང་། ཤར་གྱི་གཞུང་ཐིག112°21'53ནས112°31'30"བར་ཡིན་ཞིང་། ས་ཁོངས་ཐད་ལྷོ་བྱང་གི་གྲོང་འདབས་གྲོང་ཁྱེར་དང་གྲོང་གསེབ་ལ་འདྲེས་ཡོད་ཅིང་། ཤར་གྱི་གཞུང་ཐིག་གིས་ཧྥུན་ཧོ་ས་མཚམས་དབྱེ་ཡོད་པ་དང་། ལྷོ་དང་བྱང་གི་གྲོང་ཁུལ་དང་ཁ་སྤྲོད་དུ་བྱས་ནས་ལྷོ་ཡི་ཉེ་འདབས་ཁུལ་གྱི་ཅིན་ཡོན་གྲོང་རྡལ་དང་ས་མཚམས་འབྲེལ། ནུབ་ཀྱི་བྱང་ཕྱོགས་གྲོང་ཁྱེར་གྱི་ཝང་ཧྥེང་ཞང་དང་འབྲེལ་ཞིང་། བྱང་གི་གྲོང་ཁྱེར་ཉེ་འདབས་ཀྱི་ཏུང་ཧྲེ་ཡུལ་ཚོ་དང་འབྲེལ་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ17.5དང་། ལྷོ་དང་བྱང་གི་ཞེང་ཚད་ལ་སྤྱི་ལེ21ཡོད། གྲོང་ཁུལ་གྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ53.75ཡོད། 

3_2 ས་དབྱིབས།      

ཝན་པོ་ལིན་ཆུས་ཀྱི་ས་དབྱིབས་ནི་ནུབ་མཐོ་ཤར་དམའ་བ་དང་། ཤར་རྒྱུད་དུ་ས་དབྱིབས་བདེ་ཐང་ཞིང་དེ་ནི་ཐའེ་ཡོན་གཤོངས་སའི་གྲུབ་ཆ་ཞིག་ཡིན་ལ། ས་ངོས་ཁོད་སྙོམས་པ་དང་ནུབ་རྒྱུད་ནི་ཤར་ནས་ནུབ་ཏུ་གསེག་ཡོད་ཅིང་། མཚོ་ངོས་ཀྱི་མཐོ་ཚད་ནི་སྨི780ནས1400བར་ཡིན་པ་དང་། ཧྥུན་ཆུའི་ཆེས་དམའ་ཤོས་ནི་སྨི776ཡིན། ནུབ་རྒྱུད་ཀྱི་རི་བོ་འབར་འབུར་དང་གྲོག་རོང་འཕྲེད་གཞུང་དུ་ཡོནི་ལྷོ་བྱང་གི་ཕྱོགས་སུ་བསྐྱོད་པ་དང་། རི་བོ་མཐོ་ཤོས་ཀྱིས་རི་བོ་འཛིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1497ཡོད། ཝན་པོ་ལིན་ཆུས་ཀྱི་ས་གཤིས་གྲུབ་ཚུལ་ནི་ཐའེ་ཡོན་ཞི་ཧྲན་ནས་གཞོང་ས་ཡིན་པ་དང་། ཧྥུན་ཧོ་ཆུ་བོའི་འབབ་རྒྱུད་བཅས་ཡིན་པ་དང་ས་རིམ་ནི་གཙོ་བོ་རྒྱུ་འགྱུར་བྲག་རྡོ་དང་དིམ་བསགས་བྲག་རྡོ་ཡིན།     

3_3  ཆུ་རྒྱུན།    

ཧྥེན་ཧོ་ཆུ་བོ་ནི་་གྱི་ཆུ་བོ་ཆེ་ཤོས་ཡིན་པ་དང་། ཉིང་ཝུའུ་རྫོང་ཀོན་ཡན་ཧྲན་ལེ་མིང་དགོན་ནས་ཡོང་བ་དང་། ཧྲེ་ལེ་གྲོང་ཚོ་ནས་མངའ་ཁོངས་སུ་ཡོང་བ་དང་། བྱང་ནས་ལྷོ་ཕྱོགས་སུ་ཏ་ཏུང་ལིའུ་དང་། ཕེང་ཚུན། ཧོའུ་པེ་ཐུན། ཝ་སུའོ། ཧོའུ་ཝང་གྲོང་ཚོ། ཝུའུ་ཅ་པའོ། ཤིས་ཀྲའེ་བཅས་བརྒྱུད་ཝན་པོ་ལིན་ཆུས་ཀྱི་ཤར་རྒྱུད་དུ་བཞུར་ནས་ལྗོངས་ནང་ཁུལ་གྱི་རྒྱུག་ཚད་སྤྱི་ལེ20ཟིན་པ་དང་། བར་རྒྱུད་ས་ཁུལ་གྱི་ཁོངས་སུ་གཏོགས་ཡོད་ཅིང་། ཝན་པོ་ལིན་ཆུས་སུ་ད་དུང་ཧུའུ་ཡུས་གཙང་པོ་དང་། ཅིའུ་ཀྲང་ཧྲ་ཧོ། ཡུས་མོན་ཆུ་བོ། ཡེ་ཡུས་ཧྲ་ཆུ་བོ་སོགས་ཡོད།      

3_4 ནམ་ཟླ།     

ཝན་པོ་ལིན་ཆུས་ཀྱི་གནམ་གཤིས་དུས་བཞི་གསལ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་བས་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་དཔེ་མཚོན་ཅན་ཞིག་ཡིན། ནུབ་བྱང་རླུང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དཔྱིད་དུས་བྱེ་རླུང་མང་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། སྟོན་དུས་བསིལ་ཞིང་བསིལ་བ། དགུན་དུས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བ། དེའི་ཁྱད་ཆོས་ནི། དགུན་དུས་གྲང་ངར་ཆེ་བ་དང་། དཔྱིད་དུས་བཞའ་ཚན་ཆེ་བ། སྟོན་དུས་དབྱར་དུས་ཐུང་བ། སྟོན་དུས་དཔྱིད་ལས་རིང་བ་བཅས་ཡིན། ཆར་དུས་ནི་ཟླ7པ་དང་ཟླ8པ། ཟླ9པ་བཅས་ཟླ་གསུམ་ཡིན་པ་དང་། ཆ་སྙོམས་བྱས་ན་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི480~500ཡས་མས་ཡིན། ལོ་གཅིག་དུས་བཞིར་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆ་སྙོམས་ཆུ་ཚོད2800ཟིན་གྱི་ཡོད། སད་དུས་ནི་ཟླ10པའི་ཟླ་དཀྱིལ་ནས་ཕྱི་ལོའི་ཟླ4པའི་ཟླ་དཀྱིལ་བར་ཡིན་པ་དང་སད་མེད་དུས་ཀྱི་ཉིན120ནས190བར་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད9.5℃ནས11℃བར་ཡིན། ཟླ་དང་པོར་ཆ་སྙོམས་དྲོད་ཚད6.4℃ཡིན་པ་དང་། ཟླ་བདུན་པར་ཆ་སྙོམས་དྲོད་ཚད23.5℃ཡིན་པ། དྲོད་ཚད་མཐོ་ཤོས39.4℃ཡིན་པ། དྲོད་ཚད་དམའ་ཤོས25.6℃ཡིན། 

3_5 རང་བྱུང་ཐོན་ཁུངས།

ཝན་པོ་ལིན་ཆུས་ཀྱི་གཏེར་ཁའི་ཐོན་ཁུངས་ནི་རྡོ་སོལ་གཙོ་བོ་ཡིན་པ་དང་། དེའི་ནང་ཞི་ཧྲན་རྡོ་སོལ་གཏེར་ཁུལ་གྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ541དང་། རྡོ་སོལ་བང་རིམ་གྱི་མཐུག་ཚད་ནི་སྨི14ནས18ཡིན། རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར70.3ཟིན་ཡོད། དེ་མིན་ད་དུང་མང་པོ་ཡོད་པའི་ཅུ་གང་གཏེར་རྡོ་དང་གསོག་ཚད་ཏུན་ཁྲི4000དང་། དེ་བཞིན་ཨར་འདམ་རྒྱུ་ཆ་དང་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་དང་། ཨར་ལས་རྒྱུ་ཆའི་ཐཱན་བྲག་སོགས་ཡོད། 

4 དཔལ་འབྱོར།     

སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར246ཡིན་པ་དང་། དེའི་ནང་ས་ཁོངས་སྒོར་དུང་ཕྱུར32ཡིན་པས་སོ་སོར6.5%དང6.7%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར440ཟིན་པའི་ནང་ཆུས་གཏོགས་སྒོར་དུང་ཕྱུར32ཟིན་ནས28.9%དང37.7%སོ་སོར་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89ཟིན་པ་དེའི་ནང་ས་ཁོངས་སྒོར་དུང་ཕྱུར63ཡིན་པས20.1%དང24.8%སོ་སོར་འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.4ཡིན་པ་དང་། སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.1ཟིན་པས་སོ་སོར34.0%དང35.1%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8606ཟིན་ནས16.2%འཕར་ཡོད། ལྗོངས་ཁོངས་གཏོགས་ཀྱི་ཐོན་ལས་གསུམ་པའི་བསྡུར་ཚད0.9:53.7:45.4ཡིན་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གྲངས1.5འཕར་ཡོད།      

4_1 ཐོན་ལས་དང་པོ།      

ཝན་པོ་ལིན་ཆུས་ཀྱི་གྲོང་གསེབ་ས་ཁུལ་དུ་སྔོ་ཚལ་དང་ཤིང་འབྲས། ཕྱུགས་ལས། མེ་ཏོག་བཅས་གཙོ་ཁྲིད་ཐོན་ལས་སུ་བྱས་ཤིང་། སྤྱི་ལོ2013ལོ་བར་གྲོང་གསེབ་ཏུ་དྲོད་ཁང་ཆེ་མོ་དང་མེ་ཏོག སྔོ་ཚལ་དཀོན་རིགས་བཅས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་དང་། རི་སྟེང་གི་གྲོང་གསེབ་ཏུ་རིམ་བཞིན་རྨོ་བསྐྱུར་ནགས་གསོ་དང་རྨོ་བསྐྱུར་རྩྭ་གསོ། ཤིང་ཏོག་སོས་པ་དང་། སྣོད་བཅུད་དཔལ་འབྱོར་ནགས་ཚལ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བཅས་ཀྱི་རྣམ་པ་འཕེལ་རྒྱས་བཏང་བ་རེད།      ཝན་པོ་ལིན་ཆུས་ཀྱི“སྔོ་ཚལ་དང་། ཤིང་འབྲས། གསོ་སྤེལ”བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་གཙོ་གནད་ཐོག་འདེབས་གསོ་བྱས་པ་དང་འབྲེལ“ཀུང་སིས་རྟེན་གཞི་འཁྲིད་པ་དང་རྟེན་གཞི་ཞིང་དུད་དང་མཉམ་འབྲེལ་བྱེད་པའི”འཕེལ་རྒྱས་གཏོང་སྟངས་གཞིར་བཟུང་ཨོ་རོང་གཞིས་ཀ་དང་ཨོ་དབྱི་ལུའུ་ཧུའེ་སོགས“ཁྱད་ལྡན་འདེབས་འཛུགས་དང་འབྲོག་ལས་གསོ་སྤེལ”གཙོ་བོར་བྱས་པའི་ཞིང་ཞོར་ཐོན་རྫས་ལས་སྣོན་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་རེད། སྤྱི་ལོ2014ལོའི་བར་ཉི་འོད་དྲོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི20ཟིན་པ་དང་འབྲས་ཤིང་གི་རྒྱ་ཁྱོན་མུའུ3000ཟིན་ཡོད། ཝན་པོ་ཆུས་ཀྱིས་དུས་བཀག་ལྟར་ཞིང་ལས་ཚན་རིག་གི་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་སྐོར་སྐྱོད་གཏམ་བཤད་བྱེད་པ། ཚན་རྩལ་མི་སྣ་གྲོང་གསེབ་ཏུ་སྐྱོད་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། སྐྱེལ་འདྲེན། ཕྱིར་འཚོང་བཅས་ལྷུ་ཚིགས་བཞིར་དམིགས་ནས་ལས་རིགས་མཐུན་ཚོགས་དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་གསོ་སྐྱོང་དང་ཞིང་པ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་ཕྱིན་ཡོད།      

4_2 ཐོན་ལས་གཉིས་པ།     

ཝན་པོ་ལིན་ཆུས་ནི་ཐའེ་ཡོན་གྲོང་ཁྱེར་གྱི་བཟོ་ལས་ཁུལ་རྙིང་པ་ཞིག་ཡིན་པ་དང་། “ལོ་ལྔ་ཚན་དང་པོ”དང“ལོ་ལྔ་ཚན་གཉིས་པའི”རིང་རྒྱལ་ཁབ་ཀྱི་གཙོ་གནད་བཟོ་ལས་ཁེ་ལས་འཛུགས་སྐྲུན་གྱི་གཅིག་སྡུད་ས་ཁོངས་ཤིག་རེད། ཞི་ཧྲན་རྡོ་སོལ་གློག་དང་ཐའེ་ཡོན་ལྕི་བའི་བཟོ་ལས་སོགས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་ཡོད་པ་དང་དུས་མཚུངས་སུ་ཨར་འདམ་དང་རྡོ་སོལ། རྡོ་སོལ་དབོར་འདྲེན་བྱེད་པ། རྫས་འགྱུར་བཟོ་ལས་སོགས་ཁེ་ལས་མང་པོ་ཞིག་ཀྱང་ཡོད།  རྫས་འགྱུར་བཟོ་ལས། འཕྲུལ་ཆས་བཟོ་སྐྲུན་སོགས་ཀ་རྟེན་ཐོན་ལས་སུ་བྱས་ཤིང་། སྤྱི་ལོ2013ལོ་བར་ལྗོངས་ཡོངས་ཀྱི་ཁོངས་གཏོགས་ཁེ་ལས(ཤང་གྲོང་ཁེ་ལས་ཚུད་པ)51དང་། རྡོ་སོལ་གཏེར་ཁ96བཅས་ཡོད་པ་དང་། ལོ་རེར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི500ཡན་ཟིན་པའི་གཞི་ཁྱོན་ལྡན་པའི་ཁེ་ལས18ཡོད་པའི་ནང་ད་ཡོད་ཁེ་ལས5ཡི་ཐོན་རྫས6ཞིང་ཆེན་གྱིས་ཐོན་སྐྱེད་བྱེད་པའི“1311”འཆར་འགོད་དང་གྲོང་ཁྱེར་གྱིས་ཐོན་སྐྱེད་བྱེད་པའི“1251”འཆར་འགོད་ནང་བཅུག་ཡོད།      

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱིས་དེང་རབས་ཞབས་ཞུའི་ལས་རིགས་དང་ཐོན་ལས་གསུམ་པ། སྤྱི་ཚོགས་བྱ་གཞག་བཅས་གཙོ་བོར་བྱས་པའི་འཕེལ་རྒྱས་རྣམ་གྲངས41གྲབས་གསོག་བྱས་པའི་ནང་ལུས་རྩལ་ཐང་དང་ཝན་པོ་ལིན་སྣོད་བཅུད་གླིང་གི་དུས་ཐེངས་དང་པོ་སོགས་རྣམ་གྲངས7ལེགས་གྲུབ་ཟིན་པ་དང་། དེང་རབས་དབན་གོ་ཁྲེང་དང་ཏིང་ཁྲེན་རྒྱལ་སྤྱིའི་ཨར་ཁང་སོགས་རྣམ་གྲངས21ལས་འགོ་ཚུགས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20བཏང་ཡོད་པ་རེད། དམངས་གཉེར་དཔལ་འབྱོར་གཙོ་བོར་བྱས་པའི་ཐོན་ལས་གསུམ་པར་ཁྲལ་འབབ་སྒོར་དུང་ཕྱུར5.8བྱུང་བ་དེས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་ཀྱི61.4%བཟུང་ཡོད། དབྱི་ཧྥུན་ཅེ་དང་པིན་ཧོ་ནུབ་ལམ། ཡེ་ཙེ་ནུབ་ལམ། ཅིན་མཚུན་ལམ། ཆན་ཧྥུང་ལྷོ་བྱང་ལམ1ནན་ནེ་ཧོན་ནུབ་ལམ་བཅས་ཚོང་དོན་ཁུལ་གཙོ་བོར་བྱས་ནས་འཛུགས་སྐྲུན་རྒྱུ་ཆ་དང་། རྒྱན་སྤྲས། ཁྱིམ་ཆས། འཕྲུལ་གློག སྔོ་ཚལ་བཅས་གཙོ་བོར་བྱས་པའི་སྡེབ་ཚོང་ཁྲོམ་ར་ཞིག་ཆགས་ཡོད། 

5 སྤྱི་ཚོགས་ལས་རིགས།     
5_1 གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན།     

སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱིས་ཙེ་ཞི་སྲང་ལམ་ཆེན་མོ་དང་པིན་ཧོ་ནུབ་ལམ་སྨི་ངོས་གྲུ་བཞི་མ་ཁྲི35ཡི་བཤིག་སྤོ་ལས་འགན་དང་མཐུན་སྦྱོར་གཞོགས་འདེགས་རང་བཞིན་གྱི་ལས་དོན་ལེགས་གྲུབ་བྱུང་། ཙེ་ཞི་ཁྲོམ་གཞུང་ཆེ་མོར་བསུ་བ་ཞུ་བའི་ཞོར་གཏོགས་འཁོར་རྒྱུག་ཆུང་བའི་འགྲོ་ལམ10དང་ཁྲོམ་གཞུང་ཆུང་གྲས3 ཤར་གཏོང་གི་ལས་དོན་སྤེལ་ནས་རང་བརྟེན་ལག་བསྟར་བྱས་པའི་ཆན་ཧྥུང་ལྷོ་ལམ་ཤར་གཏོང་ཐུབ་པའི་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། ནུབ་བྱང་གི་མཐའ་འཁོར་ཟུར་ལམ་གྱི་ལམ་གཞི་གྲུབ། གྲོང་ཁྱེར་ཁག་གཅིག་གི་ཆུ་ལམ་བཅོས་སྒྲིག་ཐུབ་ཡོད།      སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱིས་ཞིང་སྐྱོར་མ་དངུལ་སྒོར་ཁྲི1207དོན་འཁྱོལ་བྱས་པ་དང་། འབྲུ་རིགས་ཐད་གསབ་དང་རྨོ་བསྐྱུར་ནགས་གསོའི་ཁ་གསབ་སོགས་མ་དངུལ་སྒོར་ཁྲི429དོན་འཁྱོལ་བྱས་ཡོད། རྒྱུད་འབྲེལ་ཞིང་དུད(མ་དངུལ)ཚོང་ཁང48དང་ཞིང་པའི་ཆེད་ལས་མཉམ་ལས་ཁང13གསར་དུ་འཕེལ་རྒྱས་བཏང་ནས་ཞིང་པ་ཁྲི3ལྷག་ཙམ་ལ་སྐུལ་ཁྲིད་བྱས་ཡོད། ཞིང་པ་མི་ཐེངས5600གསོ་སྦྱོང་བྱས་ཡོད། ཧྲན་ཞི་ཞིང་ཆེན་རིམ་པའི་གཙོ་གནད་སྐུལ་སྤེལ་གྲོང་ཚོ11གིས་འཛུགས་སྐྲུན་འཆར་འགོད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་། མི4000འཐུང་ཆུ་ཉེན་མེད་མིན་པའི་གནད་དོན་ཐག་གཅོད་བྱས། སྤྱི་ལོ2014ལོའི་ཟླ6པ་བར་ཝན་པོ་ལིན་ཆུས་ཀྱི་གྲོང་ཚོ་ཚང་མར་ཁྲོམ་གཞུང་ཆེ་ཆུང་ཚང་མ་ཨར་འདམ་ཡིན་པ་དང་སྲིད་འཛིན་གྲོང་ཚོ་ཚང་མར་དམངས་ཕན་མུ་འབྲེལ་ཚོང་ཁང་བསྐྲུན་ཡོད།      

5_2 ཁོར་ཡུག་སྲུང་སྐྱོང་།    

སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱི་སྨི་གྲུ་བཞི་མ་ཁྲི230ལྷག་གིས་ཡུན་རིང་གསོག་ཉར་བྱས་པའི་གད་སྙིགས་གཅིག་བསྡུས་ཀྱིས་གཙང་སེལ་བྱས་ཏེ་འཕྲུལ་ཆས་ཅན་འཕར་སྣོན་བྱས་ཤིང་།  སྒྲིག་ཆས་བརྒྱ་ཙམ་ཡོད་པ་དང་། གྲོང་ཁྱེར་ཆེ་གྲས་གསུམ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་སྒྲུབ་ལྟེ་གནས་དང་སྐོར་གཡེང་དོ་དམ་དཔུང་ཁག་བཙུགས་པ་དང་འབྲེལ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ནས་གྲངས་འཛིན་ཅན་གྱི་གྲོང་ཁྱེར་དོ་དམ་ལས་སྟེགས་བསྐྲུན་ཡོད། སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་ཀྱིས་ལོ་རེར་ཏུན་ཁྲི9ཐོན་སྐྱེད་བྱས་པའི་རྡོ་སོལ་གཏེར་ཁ་ཆུང་གྲས25སྒོ་རྒྱག་རྒྱུ་བརྟན་པོའི་ངང་ལག་བསྟར་བྱས། སྦགས་བཙོག་དང་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཁེ་ལས45སྒོ་རྒྱ་ཐེལ་གནོན་དང་བཤིག་པ། སྦགས་བཙོག567སྒོ་རྒྱ་ཐེལ་གནོན་དང་བཤིག་པ། ཆུ་ཁུངས་ཁྲོན་པ12སྒོ་བརྒྱབ། ནུས་རྒྱུ་སྤྱོད་པའི་གཙོ་གནད་ཚན་པ15ལ་ཕྱོགས་ཡོངས་ནས་ནུས་རྒྱུ་རྩིས་བཤེར་བྱས། འབར་རྫས་གཙང་མ་སྤྱོད་ཚད99.86%ཟིན་པ་དང་དབྱང་གཉིས་མུ་ཟི་འགྱུར་རྫས་དང་དུ་ཐལ་བཙོག་འབུད་ཉུང་གཏོང་ལས་འགན་གྱི་168%དང་165%སོ་སོར་ལེགས་སྒྲུབ་བྱས་པ་བཅས་རེད།      སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་སུ་སྦགས་བཙོག་བཅོས་སྒྲིག་དང་། གཞུང་ལམ་བཟོ་སྐྲུན། ཆུ་ལམ་བཅོས་སྒྲིགཆུ་འདྲེན་རི་ཐོན། སྔོ་འགྱུར་འཛུགས་སྐྲུན། མཛེས་ལྗོངས་བཀོད་སྒྲིག་བཅས་གཞི་གཅིག་ཏུ་འདུས་པའི་དབན་ལིན་སྣོད་བཅུད་གླིང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་སྡོང་རྐང་ཁྲི50བཙུགས་ཡོད། ས་ཆུ་སྲུང་འཛིན་དང་ཧྥུན་ཧོ་ཆུ་བོའི་འབབ་རྒྱུད་བཅོས་སྐྱོང་སོགས་རིགས་ཁག་གི་ནགས་བཟོ་སྔོ་འགྱུར་ལས་གྲྭ་མུའུ་ཁྲི1.6ལག་བསྟར་བྱས། སྔོ་འགྱུར་ལས་གྲྭ་ཁག14དང་སྔོ་ལྗང་ཁ་གསབ་ཀྱི་ལས་དོན་འབོར་ཆེན་ལེགས་སྒྲུབ་བྱས་ནས་མི་རེའི་ཆ་སྙོམས་སྤྱི་པའི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ0.9འཕར་ཡོད།      

5_3 སློབ་གསོ་དང་སྨན་བཅོས།      

ཝན་པོ་ལིན་མངའ་ཁོངས་སུ་ཐའེ་ཡོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། ཐའེ་ཡོན་ཚན་རྩལ་སློབ་ཆེན། ཧྲན་ཞི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་ཡོད། སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་སུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཁ་གསབ་མ་དངུལ་སྒོར་ཁྲི600ལྷག་ཙམ་བཏང་། གྲོང་མིར་བདེ་ཐང་ཡིག་ཚགས་བཟོས་ནས་སྨན་རྫས་གཅིག་གྱུར་སྡེབ་སྐྱེལ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་ཁེ་སྤོགས་མེད་པའི་སྨན་རྫས་སྣ་ཁ50ལྷག་ཙམ་ཟིན་ཡོད། ལྗོངས་རིམ་པའི་མ་དངུལ་སྒོར་ཁྲི300ནང་བཅུག་ནས་རིམ་རྩིས་བྱས་ན་མི་ཁྲི7ལྷག་ཙམ་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉེར་ནས་འགན་བཅོལ་བྱེད་དགོས་པའི་མི་གྲངས་ཀྱི90%ཡན་ཟིན་ཡོད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནོར་སྲིད་ཁ་གསབ་མ་དངུལ་མི་རེར་ཆ་སྙོམས་སྒོར6འཕར་ནས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.21%ཟིན་པ་དང་འགན་བཅོལ་ནང་ཞུགས་མཁན་ཞིང་པར་སྒོར་ཁྲི497ཁ་གསབ་བྱས་ཡོད།      

5_4 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2008ལོར་ཝན་པོ་ལིན་ཆུས་སུ་མི7371གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། ཞིང་པའི་འགན་བཅོལ་ཐེབས་རྩ་བསྡུ་བའི་ལས་འགན་ལེགས་གྲུབ་ཟིན་པའི364%ཡོད། མི་ཐེངས18632ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱས་པ་དང་། མ་མཐའི་འཚོ་བ་འགན་ལེན་དང་ནད་ཆེན་རོགས་སྐྱོབ་སོགས་ཀྱི་མ་དངུལ་སྒོར་ཁྲི3867སྤྲད། རི་ཁུལ་གྱི་དཀའ་ངལ་ཡོད་པའི་གྲོང་མིར་དགུན་སྒྲོལ་གྱི་རྡོ་སོལ་མ་དངུལ་སྒོར་ཁྲི200ཁ་གསབ་བྱས། 

6 འགྲིམ་འགྲུལ་སྐྱེལ་འདྲེན།
6_1 གཞུང་ལམ།      

སྤྱི་ལོ2013ལོའི་བར་ཝན་པོ་ལིན་ཆུས་སུ་ཡིང་ཙེ་ཁྲོམ་གཞུང་དང་ལྷོ་བྱང་གཞུང་ལམ་བཅས་ཆུས་ཡོངས་སུ་ཁྱབ་ཡོད། ཐའེ་ཅ་ལྕགས་ལམ་དང་ཅིན་མཚུན་ཁང་ལྕགས་ལམ། ཕྱི་སྐོར་ལམ་བཅས་ཀྱི་མ་ལམ་གཙོ་བོ་རང་གི་མངའ་ཁོངས་ལས་བརྒལ། ཝན་པོ་ཆུས་སུ་ད་དུང་རླངས་འཁོར་འཇོག་སའི་བཀོད་གཏོང་ས་ཚིགས་བཙུགས་ཡོད་ཅིང་། ཐའེ་ཧྥེན་དང་ཐའེ་ཀུའུ་གཞུང་ལམ་ཆུས་ནང་ཁུལ་དུ་ཁྱབ་ཡོད། ཡིང་ཙེ་ཟམ་ཆེན་དང་དབྱི་ཧྥེན་ཟམ་པ། ནན་ནེ་ཧོན་ཟམ་པ་བཅས་ཧྥེན་ཧོ་གཙང་པོའི་ངོགས་གཉིས་སུ་འབྲེལ་ཡོད། རྒྱལ་ལམ307ལམ་ཐིག་གི་ཐའེ་ཡོན་ཧོ་ཞི་དུམ་མཚམས་ཀྱི་བྱང་ཕྱོགས་སུ་ཅིན་མཚུན་ཁང་ལམ་ནས་ཙེ་ཆའོ་ནུབ་ཏུ་བསུས་པ་དང་ལྷོ་ཕྱོགས་ཅ་ཅ་གྲོང་ཚོའི་ཟམ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ18ཡོད་པ་རེད། ལམ་ཞེང་ལ་སྨི21ཡོད་པ་དང་རྡོ་ཧྲུག་གི་སྣུམ་སྙིགས་ལམ་ངོས་སུ་རླངས་འཁོར་རིམ་པ20ཡོད་པའི་ཟམ་འབྲིང2ཡན་སྨི72.8ཡོད་པ་རེད། 307ལམ་ཐིག་གི་གཞོགས་འདེགས་ལམ་ཐིག་ཧོ་ཞི་དུམ་བུའི་འགོ་འཛུགས་ས་ཙེ་ཆའོ་ཤིས་ཞའོ་ཝང་གྲོང་ཚོའི་ཤར་ངོས་སུ་གནས་པ་དང་མཐའ་མའི་ཤ་ཅ་ཡིང་གི་སྤྱིའི་རིང་ཚད་ལ་སྤྱི་ལེ46ཡོད་པའི་ནང་ཧོ་ཞི་དུམ་བུའི(ཞའོ་ཝང་གྲོང་ཚོ་ནས་ལུའོ་ཁྲེང་ཟམ་པའི་དུམ་བུ)རིང་ཚད་སྤྱི་ལེ19ཡོད་པ་རེད། གཞུང་ལམ་གྱི་རིམ་པ་ནི་བདེ་ཐང་ཝེ་ཆིའུ་ཁུལ་གྱི་རིམ་པ་གསུམ་པ་ཡིན་པ་དང་། ལམ་གཞིའི་ཞེང་ཚད་ལ་སྨི8ནས10བར་དང་རྡོ་ཧྲུག་གི་ལམ་ངོས་ཞེང་ཚད་ལ་སྨི7ནས8བར་ཡོད།   ཐའེ་ཡོན—ཉིང་ཝུའུ་ལམ་གྱི་ཐའེ་ཡོན་ཧོ་ཞི་དུམ་བུ་ལ་ཐོག་མར་ཐའེ་ཡོན་ལམ་ཐིག་ཟེར་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ235ཡོད་པ་དང་། ཐའེ་ཡོན་མངའ་ཁོངས་སུ་སྤྱི་ལེ134.8ཡོད། ཧོ་ཞི་ཁུལ་གྱི་མངའ་ཁོངས་སུ་སྤྱི་ལེ15ཡོད། ལམ་གྱི་རིམ་པ་གསུམ་པའི་ཚད་གཞི་ཡིན་པ། ལམ་གྱི་ཞེང་ཚད་ལ་སྨི7.5ཡོད་པ། སྣུམ་སྙིགས་རྡོ་ཧྲུག་གི་རྒྱ་ཁྱོན་ལ་སྨི5ནས6ཡོད། ཐའེ་ཡོན—གནའ་བོའི་འགྲིམ་འགྲུལ་དུམ་བུའི་ལམ་ངོས་སྣུམ་ལམ་ཅན་དུ་གྱུར་ནས་རིམ་གསུམ་གཞུང་ལམ་གྱི་ཚད་གཞི་ལྟར་ལག་རྩལ་སྒྱུར་བཀོད་བྱས་པ་རེད། ཏུའུ་འར་ཕིང་ནས་འགག་རྩའི་ལམ་ཐིག་ཧོ་ཞི་དུམ་བུ་དང་ལམ་ཐིག་དེའི་ཤར་ནུབ་ཕྱོགས་སུ་སྐྱོད་འགོ་ཚུགས་པ་དང་དེ་ནས་ཏུའུ་ཨར་གཏེར་ཁའི་མདུན་གྱི་ཏུའུ་ཨར་ཕིང་ཁྲོམ་གཞུང་དང་། མཐའ་ཚིགས་ཐའེ་ཡོན་གྱི་ཀུའུ་ཅའོ་འགྲིམ་འགྲུལ་གྱི་འགག་རྩའི་ཟམ་པའི་བྱང་སྣེ(ཧོང་ཀུའུ་ལམ་གྱིK61+སྨི580ཡོད་པའི་ས་ཚིགས)བརྒྱུད་དེ་ལམ་ཐག་ཧྲིལ་པོར་སྤྱི་ལེ25.246ཡོད་པ་རེད། ལམ་གྱི་ཞེང་ཚད་ལ་སྨི7.5ཡོད་པ་དང་། ཧྲང་ཀྲོང་རྡོ་སྙིགས་བཟོ་གྲྭའི་ཆེད་སྤྱོད་ལམ་ཐིག་ནི་ལྷོ་བྱང་ནས་ཤར་ནུབ་ཕྱོགས་སུ་བསྐྱོད་པ་དང་། ལྷོ་རུ་ཡན་ཅ་ཀོའུ་ནུབ་ཀྱི་གཏེར་ལམ་ནས་འགོ་བརྩམས་ཤིང་། མཐའ་སྣེ་ཧྲི་ཧྥུ་ཁྲང་ནས་ཡིན་པ་དང་། ལམ་བར་དུ་ཧུའེ་ལིའུ་དང་ཏུང་ཧྲེ། ཡོན་ཅ་ཀྲོང་། ཝང་ཅ་ཀྲོང་། ཧྲང་ཀྲོང་གྲོང་ཚོ་བཅས་བརྒྱུད་ཅིང་རིང་ཚད་ལ་སྤྱི་ལེ6.1ཡོད། ལམ་ཐིག་ནི་རིམ་པ་གསུམ་པའི་གཞུང་ལམ་གྱི་ཚད་གཞི་ཡིན་པ་དང་། ལམ་གཞིའི་ཞེང་ཚད་ལ་སྨི8ནས10བར་དང་། སྣུམ་དྭངས་རྡོ་ཧྲུག་གི་ཞེང་ཚད་ལ་སྨི6ནས7བར་ཡོད།      

6_2 ལྕགས་ལམ།      

ཝན་པོ་ལིན་ཆུས་ཀྱི་ས་ཁོངས་སུ་ཤིས་ཧྲན་ཡན་ལག་ལམ་ཐིག་ཡོད་པ་དང་། འགོ་འཛུགས་ས་ནི་ཐའེ་ཡོན་བྱང་རྒྱུད་ཚོགས་ཆུང་ས་ཚིགས་ཡིན་པ་དང་མཐའ་སྣེ་ནི་པའེ་ཅ་ཀྲོང་གི་རྡོ་སོལ་བླུག་སའི་ས་ཚིགས་ཨང4པའི་མདུན་གྱི་མཐུད་སྣེ་ཡིན་པ་དང་ལམ་ཐག་སྤྱི་ལེ26.92ཡོད་པ་དེ་ལྕགས་ལམ་རྐྱང་པ་རེད། ཤིས་ཧྲན་ལྕགས་ལམ་གྱི་ཡན་ལག་ལམ་ཐིག་དེ་ཐའེ་ཡོན་ནུབ་ཚུགས་དང་ཐའེ་ཡོན་འབབ་ཚིགས་ལྟེ་བར་བྱས་ནས་ཤར་ནུབ་ལྷོ་བྱང་གཉིས་སྦྲེལ་མཐུད་བྱས་པ་དང་གཞི་ཁྱོན་ཅུང་ཆེ་བའི་བཟོ་གཏེར་ཁེ་ལས28ལ་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་ཡོད་པས་རྒྱལ་ཡོངས་དང་མཉམ་འདྲེན་བྱེད་ཆོག་གི་ཡོད་པ་རེད། 

7 ཡུལ་ལྗོངས་གྲགས་ཅན།

ཀུའུ་ཞི་ལུང་ཆོན་དགོན་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ལྷོ་ནུབ་ཝན་པོ་ལིན་ཆུས་སུ་ཆགས་ཡོད་པ་དང་། ཐའེ་ཡོན་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ9ཡོད། གནའ་བོའི་དགོན་པ་ནི་ཐང་ཅིང་ཡུན་ཁྲི་ལོ་དང་པོར་བཞེངས་པ་དང་སྤྱི་ལོ710ལོར་བཞེངས་པ་དང་། ཡུས་ཆོན་ཧྲན་གྲོང་ཁྱེར་ཉེ་འདབས་ཀྱི་ནགས་ཚལ་སྤྱི་གླིང་དེ་ཝན་པོ་ལིན་ཆུས་ཏུང་ཧྲེ་ཁྲོམ་གཞུང་གཞུང་དོན་ཁང་གི་ཀྲེན་ཅི་ཀོའུ་གྲོང་ཚོའི་ནུབ་ཀྱི་ཡུས་ཆོན་རི་བོའི་ཆན་ཧྲན་དུ་གནས་པ་དང་། སྤྱི་ལོ2013ལོ་བར་སྡོང་རྐང་ཁྲི130ལྷག་ཙམ་བཙུགས་པ་དང་། ཡུལ་སྐོར་ལམ་ཐག་སྤྱི་ལེ15དང་ཡུལ་སྐོར་རྐང་ཐང་ལམ་སྤྱི་ལེ20བསྐྲུན་པ། མཛེས་ལྗོངས་མཚེའུ9བསྐྲུན་པ་བཅས་རེད། སྤྱི་གླིང་ནང་དུ་མུའུ100ལྷག་ཙམ་ཟིན་པའི་མེ་ཏོག་ལྡུམ་རྭ་ཡོད། 

དཔྱད་གཞིའི་ཡིག་ཆ།