ཞིན་ཝུའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:11ལ་འགྲུབ།

ཞིན་ཝུའུ་ཆུས།

ཞིན་ཝུའུ་ཆུས།
ཞིན་ཝུའུ་ཆུས་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དང་ཝུའུ་ཞི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཞིན་ཝུའུ་ཆུས་ཀྱི་ཤར་ངོས་ནི་སུའུ་ཀྲོའུ་དང་འབྲེལ་ཞིང་། ལྷོ་ནི་ཀྲེན་ཐའེ་ཧུའུ་དང་འབྲེལ་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་་གྲུ་བཞི་མ220དང་། ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི36.44ཡོད་པ་དང་། དེའི་མངའ་འོག་ཏུ་ཝང་ཀྲོང་དང་། ཧྲུའོ་ཧྥང་། ཅང་ཞི། མེ་ཚུན། ཧུང་ཧྲན། ཞིན་ཨན་བཅས་ཁྲོམ་སྲང་དྲུག་ཡོད། སྤྱི་ལོ2017ལོར་ཞིན་ཝུའུ་ཆུས་ཀྱི་ས་ཁུལ་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར1618.8ལྷག་ལ་བརྒལ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞིན་ཝུའུ་ཆུས།
རྒྱ་ཡིག་གི་མིང་།
新吴区
ཕྱི་ཡིག་གི་མིང་།
Xinwu District
མིང་གཞན།
ཝུའུ་ཞི་ཆུས་གསར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་དྲུག
སྲིད་གཞུང་སྡོད་གནས།
ཝུའུ་ཞི་གྲོང་ཁྱེར་ཞིན་ཝུའུ་ཆུས་ཧོ་ཧྥེང་ལམ་ཨང་རྟགས30པ།
ས་ཁོངས་ཁ་པར་ཨང་རྟགས།
0510
སྦྲག་སྲིད་ཨང་རྟགས།
214028
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ220
མི་གྲངས།
ཁྲི36.44(སྤྱི་ལོ2017ལོའི་བར།)
ཡུལ་སྐད།
ཝུའུ་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏B
GDP
དམངས་སྒོར་དུང་ཕྱུར1618.8(སྤྱི་ལོ2017ལོ།)
མེ་འཁོར་འབབ་ཚུགས།
ཝུའུ་ཞི་ཆུས་གསར་མེ་འཁོར་འབབ་ཚུགས།
1 འཕེལ་རིམ་ལོ་རྒྱུས།

ཞིན་ཝུའུ་ཆུས་ནི་དེ་སྔའི་ཝུའུ་ཞི་ཆུས་གསར་དེ་ཡིན་ལ། དེ་ནི་ཝུའུ་རིག་གནས་འབྱུང་གནས་ཀྱི་ས་ཆའི་གྲས་ཤིག་ཡིན་པ་དང་། རིག་གནས་ལོ་རྒྱུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། ཐའེ་པོ་བང་སོ། ཐའེ་པོ་ལྷ་ཁང་། པོ་ཁྲུའུ་གཙང་པོ། ཧུང་ཧྲན་གནའ་ཤུལ་རྟེན་རྫས་བཤམས་སྟོན་ཁང་སོགས་ཀྱིས་གྲུབ་པའི་ཐའེ་པོ་དང་ཝུའུ་རིག་གནས་ཀྱིས་མཛེས་ལྗོངས་ཁུལ་གྱི་ཚབ་མཚོན་བྱས་ཡོད། ཞིན་ཝུའུ་ཆུས(ཝུའུ་ཞི་ཁུལ་གསར)ནི་ཅང་སུའུ་ཞིང་ཆེན་ནང་ཁུལ་དུ་ཀྲུང་དབྱང་གི“མི་སྟོང་གི་འཆར་གཞིའི”ནང་དུ་བདམས་པའི་སྐོར་ཐེངས་དང་པོའི་ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་པའི་གསར་གཏོད་རྟེན་གཞིའི་གསར་སྤེལ་ཁུལ་གཅིག་པུ་དེ་ཡིན་ལ། རྒྱལ་ཁབ་ཀྱི་བརྒྱུད་ཚོར་དྲ་བའི་གསར་གཏོད་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་གསར་གཏོད་ཆུས། རྒྱལ་ཁབ་ཀྱི་སྣོད་བཅུད་བཟོ་ལས་དཔེ་སྟོན་ཆུས། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ཚོད་ལྟའི་ཆུས་སོགས་ཀྱི་གྲུབ་འབྲས་བདེ་ལེགས་ངང་ཐོབ་ཡོད་པ་རེད།

སྤྱི་ལོ2016ལོའི་ཟླ12པར་ཞིན་ཝུའུ་ཆུས་ཀྱིས་ཞིང་ཆེན་རིམ་པའི་སྡེ་ཁུལ་གྱི་སློབ་གསོའི་དཔེ་སྟོན་ཆུས་བདེ་ལེགས་ངང་འཛུགས་སྐྲུན་ལེགས་གྲུབ་བྱུང་། སྤྱི་ལོ2018ལོའི་ཟླ9པར《2018ལོའི་ཀྲུང་གོའི་སྟོབས་ཤུགས་ཅན་གྱི་ཆུས་བརྒྱའི་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་དང་རྒྱབ་ཤ་དཀར་པོའི་དེབ་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཡུལ་བྱས་ནས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཆུས968ཀྱི་འཕེལ་རྒྱས་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་དང་། བསྡོམས་རྩིས་གྲངས་གཞི་གཞི་འཛིན་སར་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་དཔྱད་འདེམས་བྱས་པའི་ནང་ཞིན་ཝུའུ་ཆུས་དེ་ཨང་ཉེར་གསུམ་པར་སླེབས་ཡོད་པ་རེད། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་ལོ་འཁོར་ནང་གི་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ནང་དུ་བདམས་པ་རེད།

2 སྲིད་འཛིན་ཁོངས་བགོས།

ཞིན་ཝུའུ་ཆུས་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དང་ཝུའུ་ཞི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཞིན་ཝུའུ་ཆུས་ཀྱི་ཤར་ངོས་ནི་སུའུ་ཀྲོའུ་དང་འབྲེལ་ཞིང་། ལྷོ་ནི་ཀྲེན་ཐའེ་ཧུའུ་དང་འབྲེལ་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་་གྲུ་བཞི་མ220དང་། ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི36.44ཡོད་པ་དང་། དེའི་མངའ་འོག་ཏུ་ཝང་ཀྲོང་དང་། ཧྲུའོ་ཧྥང་། ཅང་ཞི། མེ་ཚུན། ཧུང་ཧྲན། ཞིན་ཨན་བཅས་ཁྲོམ་སྲང་དྲུག་ཡོད། ཞིན་ཝུའུ་ཆུས་ཀྱི་ས་ཁུལ་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར1618.8ལྷག་ལ་བརྒལ་ཡོད། སྤྱི་ལོ2016ལོའི་ཟླ12བར། ཞིན་ཝུའུ་ཆུས་ཀྱི་ཁོངས་སུ་ཁྲོམ་སྲང་དྲུག་ཡོད་པ་སྟེ། ཝང་ཀྲོང་ཁྲོམ་སྲང་། ཧྲའོ་ཧྥང་ཁྲོམ་སྲང་། ཅང་ཞི་ཁྲོམ་སྲང་། ཞིན་ཨན་ཁྲོམ་སྲང་། མེ་གྲོང་ཚོའི་ཁྲོམ་སྲང་། ཧུང་ཧྲན་ཁྲོམ་སྲང་བཅས་རེད། ཆུས་མི་དམངས་སྲིད་གཞུང་དེ་ཞིན་ཨན་ཁྲོམ་སྲང་དང་རླུང་ལམ་ཨང་རྟགས28པར་བཙུགས་ཡོད་པ་རེད།

3 ས་བབ་གནས་ཚུལ།

ཞིན་ཝུའུ་ཆུས་ནི་ཝུའུ་ཞི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། བྱང་ཕྱོགས་ནི་ཝུའུ་ཞི་གྲོང་ཁྱེར་གྱི་ཞི་ཧྲན་ཆུས་དང་འབྲེལ་ཞིང་། ནུབ་ཕྱོགས་ནི་ཐའེ་ཧུའུ་མཚེའུ་ཡི་མཁར་གྲོང་གསར་པ་ལ་ཉེ་ཞིང་། ཤར་ཕྱོགས་ནི་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཨོ་ཧུའུ་མཚོ་དང་འབྲེལ་ཡོད། ལྷོ་ཕྱོགས་ནི་སུའུ་ཀྲོའུ་དང་ཆུ་བོ་གཅིག་གིས་བཅད་ནས་ཆགས་ཡོད་ཅིང་། ཞིན་ཝུའུ་ཆུས་དེ་ནི་ཝུའུ་ཞི་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་སྐྱེ་ལྡན་གྲུབ་ཆ་གལ་ཆེན་ཞིག་ཡིན། 

ཤར་ངོས་ནས་ཧྲང་ཧའེ་དང་བར་ཐག་ལ་སྤྱི་ལེ125དང་། ནུབ་ངོས་ནས་ནན་ཅིང་དང་བར་ཐག་ལ་སྤྱི་ལེ183ཡོད། ཞིན་ཝུའུ་ཆུས་ཀྱི་མངའ་ཁོངས་སུ་བདེ་ཐང་གཙོ་བོ་ཡིན་པ་དང་། རི་དམའ་་ཐར་ཐོར་དང་རི་མ་ཐང་ཡང་ཡོད། ལྷོ་རྒྱུད་ནི་ཆུ་བོས་དྲ་རྒྱ་འཐེན་པའི་བདེ་ཐང་དང་། བྱང་རྒྱུད་ཀྱི་དམའ་ས་ནས་ཆུ་བོའི་དྲ་རྒྱ་འཐེན་ནས་བཏོད་པའི་ཆུ་མ་ཞིང་ཡོད་ལ། ཆུ་ལམ་འཕྲེད་དང་གཞུང་དུ་ཆགས་ཤིང་ས་བབ་སྤྱིའི་ཆ་ནས་ཁོད་སྙོམས་པོ་ཡིན།

4 ནམ་ཟླའི་ཆ་རྐྱེན།

ཞིན་ཝུའུ་ཆུས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཁུལ་དུ་གནས་པས་དུས་བཞིའི་དབྱེ་བ་གསལ་བ་དང་། གནམ་གཤིས་དྲོ་ལ་ཆར་བ་འབབ་པའི་དུས་ཡུན་ཅུང་རིང་བ་དང་ཆར་ཆུ་འབེལ་པོ་ཡོད། གཙོ་བོ་དབྱར་དུས་སུ་ཆར་ཆུ་ཤིན་ཏུ་མོད་པས་བརླན་བཤེར་ཆེ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཉི་འོད་ཕོག་པ་དང་སད་མེད་པའི་དུས་ཡུན་རིང་བ།  དྲོད་ཚད་དང་འོད། ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པ་ཡོད། རྒྱུན་དུ་མཐོང་བའི་གནམ་གཤིས་ཀྱི་གནོད་འཚེ་ནི་རྒྱ་མཚོའི་རླུང་འཚུབ་དང་དྲག་རླུང་། བསྟུད་མར་ཆར་པ་འབབ་པ། ཐན་པ། གྲང་རླབས། སེར་བ། རླུང་ཆེན་སོགས་ཡིན།

5 མི་གྲངས་མི་རིགས།

སྤྱི་ལོ2017ལོར་ཞིན་ཝུའུ་ཆུས་ཀྱི་ཐེམ་ཐོའི་དུད་ཚང་གི་གྲངས་ལ127436ཡོད་པ་དང་མི་གྲངས་ཁྲི36.44ལྷག་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས་ནི4580དང་འདས་གྲོངས་སུ་སོང་པའི་མི་གྲངས་ནི2335ལྷག་ཙམ་ཡིན། མི་གྲངས་རང་བྱུང་དུ་འཕར་ཚད་ཀྱི6.25‰བཟུང་ཡོད།

སྤྱི་ལོ2017ལོའི་ཟླ12པའི་ཚེས31ཉིན་བར་དུ། ཞིན་ཝུའུ་ཆུས་སུ་རྒྱུན་སྡོད་མི་གྲངས596783ལྷག་ཡོད་པ་རེད།

སྤྱི་ལོ2014ལོའི་ཟླ6པའི་བར། ཞིན་ཝུའུ་ཆུས་སུ་གྲངས་ཉུང་མི་རིགས41ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རྒྱུན་སྡོད་མི་གྲངས་ལ1372ལྷག་ཙམ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐབས་སྡོད་མི་གྲངས་ལ4363ལྷག་ཡོད་པ་བཅས་ཀྱི་བསྡོམས་པའི་མི་གྲངས5735ལྷག་ཙམ་ཡོད་པ་རེད།

6 ཆབ་སྲིད་འགོ་ཁྲིད།

ཞིན་ཝུའུ་ཆུས་ཀྱི་ད་ལྟའི་འགོ་ཁྲིད་གནས་ཚུལ།   

ཞིན་ཝུའུ་ཆུས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིན་ཝུའུ་ཆུས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཝང་ཅིན་ཅན།

ཞིན་ཝུའུ་ཆུས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞིན་ཝུའུ་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཆུས་ཀྲང་། ཧྥེང་ཞའོ་ཁྲུན།

དཔྱད་གཞིའི་ཡིག་ཆ།