ལུའོ་ལུང་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-18 08:36ལ་འགྲུབ།

ལུའོ་ལུང་ཆུས།

ལུའོ་ལུང་ཆུས།
ལུའོ་ལུང་ཆུས་ནི་ལུའོ་དབྱང་གྲོང་ཁུལ་གྱི་ཤར་ལྷོ་རྒྱུད་དུ་གནས་པ་དང་ཤར་དུ་ཡན་ཧྲི་གྲོང་ཁྱེར་དང་། ནུབ་ཏུ་དབྱི་དབྱང་རྫོང། ལྷོ་རུ་དབྱི་ཁྲོན་རྫོང་། བྱང་དུ་མོང་ཅིན་རྫོང་དང་དེ་བཞིན་ཅེ་ཧོ་དང་། ལའོ་ཁྲེང་། ཤིས་ཀུང་། ཅན་ཤིས་སོགས་ཀྱི་ཆུས་དང་ས་མཚམས་ལ་འབྲེལ་ཡོད། སྤྱི་ལོ2012ལོར་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ211ཡོད་པ་དེའི་ནང་ཞིང་སྤྱོད་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ90.19ཡོད། སྤྱིའི་མི་འབོར་ཁྲི40.3ཟིན་པ་དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི13.5ཟིན་པ་དང་མི་འབོར་སྐྱེ་ཚད13.04‰ནང་ཚུན་དུ་ཚོད་འཛིན་བྱས་ཡོད། ལུའོ་ལུང་ཆུས་ནི་སྤྱི་ལོ2000ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་གྲོང་ཁྱེར་ཆུས་གསར་བ་ཡིན་ལ། ལུའོ་དབྱང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དྲུག་གི་གྲས་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་། རིག་གནས། དངུལ་རྩ། ཚོང་དོན་བཅས་ཀྱི་ལྟེ་གནས་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛龙区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་བྱང་།
མངའ་ཁོངས།
ལུང་མིན་དང་ཀོན་ལིན་སོགས་སྲང་ལམ10གྲོང་རྡལ7ཡོད།
སྲིད་གཞུང་གི་ས་གནས།
ཁེ་ཡོན་ལམ་ཆེན་ཨང212པ།
ས་ཁོངས་ཁ་པར་ཨང་རྟགས།
0379
ས་གནས།
ལུའོ་དབྱང་གྲོང་ཁྱེར་ལུའོ་ཧོ་ཆུ་བོའི་ལྷོ་ཕྱོགས།
སྦྲག་སྲིད་ཨང་རྟགས།
471000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ211ཡོད།
མི་གྲངས།
མི་ཁྲི40.3ཡོད།(2012ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང།
410307
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་ཁྱབ་བསྒྲགས་བྱས་རྗེས་ཟླ11པར་ལུའོ་དབྱང་རྫོང་དང་གྲོང་ཁྱེར་སོ་སོར་བཅོས་སྐྱོང་འོག་ཏུ་ཆུས9བཙུགས་ཡོད་པ་སྟེ། ཆུས་དང་པོའི་བཅའ་སྡོད་བྱ་ཡུལ་མ་ཐུན་དང་། ཆུས་གཉིས་པའི་བཅའ་སྡོད་བྱ་ཡུལ་ཧའེ་ལི། ཆུས་གསུམ་པའི་བཅའ་སྡོད་བྱ་ཡུལ་ཕིང་ལེ། ཆུས་བཞི་པའི་བཅའ་སྡོད་བྱ་ཡུལ་ཀུའུ་ཧྲུའེ། ཆུས་ལྔ་པའི་བཅའ་སྡོད་བྱ་ཡུལ་ཅུན་ཐུའུ། ཆུས་དྲུག་པའི་བཅའ་སྡོད་བྱ་ཡུལ་བོགས་ལེན་ཁང་། ཆུས་བདུན་གྱི་བཅའ་སྡོད་བྱ་ཡུལ་ཧྥུང་ལི། ཆུས་བརྒྱད་པའི་བཅའ་སྡོད་བྱ་ཡུལ་ལི་གྲོང་ཚོ། ཆུས་དགུ་པའི་བཅའ་སྡོད་བྱ་ཡུལ་ཀུའུ་ཏན་བཅས་ཡིན། 

སྤྱི་ལོ1952ལོའི་ཟླ12པར་ལུའོ་དབྱང་རྫོང་དུ་ཆུས3མང་དུ་བཏང་བ་སྟེ། ཆུས་བཅུ་པའི་བཅའ་སྡོད་བྱ་ཡུལ་ལུང་མོན་དང་། ཆུས་བཅུ་གཅིག་པའི་བཅའ་སྡོད་བྱ་ཡུལ་ཧྥུང་ཧོང་ཐའེ། ཆུས་བཅུ་གཉིས་བཅའ་སྡོད་བྱ་ཡུལ་ཤིན་ཏེན་བཅས་ཡིན་པ་རེད།

སྤྱི་ལོ1950ལོའི་ཟླ5པར། སི་ཀོན་གྲོང་གསེབ་ཀྱི་བྱ་བར་དོ་དམ་བྱེད་ཆེད་ལུའོ་དབྱང་གྲོང་འདབས་ཁུལ་ཀུང་སུའོ་བཙུགས་པ་དང་། ཁོངས་གཏོགས་ཐ་ཝན་དང་། མ་ཕོ། ཡུའེ་ཚུན། ཞའོ་ཐུན། ཅིན་ཀུའུ་ཡོན། ཞ་ཁྲེ། ཞི་ཀུང་གྲོང་རྡལ་བཅས་བཙུགས། 

སྤྱི་ལོ1954ལོའི་ཟླ2པར། ལུའོ་དབྱང་རྫོང་གི་ཆུས་བཞི(ཀུའུ་ཧྲུའུ)ལུའོ་དབྱང་གྲོང་ཁྱེར་ལ་དབང་། 

སྤྱི་ལོ1955ལོའི་ཟླ11པར་ལུའོ་དབྱང་རྫོང་གི་སྒྲིག་གཞི་མེད་པ་བཟོས་ནས་དེ་སྔའི་ལུའོ་དབྱང་རྫོང་ཁོངས་གཏོགས་ཀྱི་ཆུས་ལྔ་དང་། ཆུས་བཅུ་པ། ཆུས་བཅུ་གཉིས་(ཁྱོན་བསྡོམས་ཤང་དང་གྲོང་རྡལ55)ལུའོ་དབྱང་གྲོང་ཁྱེར་གྱི་འགོ་ཁྲིད་ཁོངས་སུ་བཅུག་པ་རེད།

སྤྱི་ལོ1959ལོའི་ཟླ་8པར། གྲོང་འདབས་ཀྱི་སྒྲིག་གཞི་སླར་གསོ་བྱས་ཤིང་། དེའི་མངའ་འོག་ཏུ་ལུའོ་ནན་དང་། ཡན་ཧྲན། ཆིན་ལིང་། རྟ་དཀར་དགོན་བཅས་མི་དམངས་ཀུང་ཧྲེ4ཡོད། 

སྤྱི་ལོ1961ལོའི་ཟླ1པོར། ལུའོ་དབྱང་གྲོང་ཁྱེར་གྱིས་སྲིད་ཁུལ་ལེགས་སྒྲིག་དང་གྲོང་ཁྱེར་ཉེ་འཁོར་ཡང་བསྐྱར་མེད་པར་བཟོས་ཏེ། དེ་སྔའི་ལུའོ་ནན་ཀུང་ཧྲེའི་མངའ་ཁོངས་སུ་ལུའོ་ནན་ཁུལ་བཙུགས་པ་དང་། ཧུའེ་ཧྲན་ཀུང་ཧྲེའི་མངའ་ཁོངས་སུ་གྲོང་ཁྱེར་ཁོངས་གཏོགས་ཧྲན་རི་ཁུལ་བཙུགས་པ་དང་། ཆིན་ལིན་དང་པའེ་མཱ་དགོན་པ་སོ་སོར་ཅན་ཞི་དང་ཅན་ཧོ་ཆུས་སུ་བགོས།  

སྤྱི་ལོ1962ལོའི་ཟླ6པར་གྲོང་ཁྱེར་ཉེ་འཁོར་སླར་ཡང་སླར་གསོ་བྱས། ཆུས་ཀྱི་མངའ་འོག་ཏུ་ཀོན་ལིན་དང་། ལུང་མོན། ཏུའུ་ཚུན། ཧྥན་ཐན། ཀུའུ་ཁྲེང་། ཨན་ལེ། ཅུན་ཐུན། ལི་ལོའུ། ཅའོ་ཀྲའེ། ཡིང་གྲོང་། ཙུང་ཐོའུ། ཀྲུང་ཀུའུ། དབྱང་ཀྲང་། ཡན་ཆིའུ། ཏུང་ཨའོ། ཞིན་ཏན། སན་ཧྲན། ཏ་ཡུང་། པའེ་མ་དགོན། ཞྭ་མོ་ཀུའོ་སོགས་མི་དམངས་ཀུང་ཧྲེ20ཡོད།   

སྤྱི་ལོ1968ལོའི་ཟླ3པར། ལུའོ་དབྱང་གྲོང་ཁྱེར་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལུའོ་དབྱང་གྲོང་ཁྱེར་ཉེ་འདབས་ཀྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། དེའི་རྗེས་སུ་ཀུང་ཧྲེ་སོ་སོས་སྔ་རྗེས་སུ་ཀུང་ཧྲེའི་གསར་བརྗེའི་ཨུ་ཡོན་ལྷན་ཁང་བཙུགས།     

སྤྱི་ལོ1980ལོའི་ཟླ8པར། གྲོང་ཁྱེར་ཉེ་འཁོར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པས་ལའོ་དབྱང་གྲོང་ཁྱེར་ཉེ་འཁོར་གྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ། ལའོ་དབྱང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་བཙུགས། དུས་མཚུངས་སུ་ཀུང་ཧྲེའི་གསར་བརྗེའི་ཨུ་ཡོན་ལྷན་ཁང་མི་དགོས་པར་བཟོས་ནས་མི་དམངས་ཀུང་ཧྲེའི་དོ་གཉེར་ཨུ་ཡོན་ལྷན་ཁང་འཛུགས་དགོས།    

སྤྱི་ལོ1984ལོའི་ཟླ3པར་སྒྲིག་གཞི་བཅོས་བསྒྱུར་བྱས། སྲིད་གཞུང་དང་མཉམ་ལས་ཁང་སོ་སོར་བཙུགས་པའི་དགོངས་དོན་ལྟར་མི་དམངས་ཀུང་ཧྲེའི་དོ་གཉེར་ཨུ་ཡོན་ལྷན་ཁང་དེ་ཞང་དང་གྲོང་བརྡལ་གྱི་མི་དམངས་སྲིད་གཞུང་དུ་བསྒྱུར་རྒྱུ། ལྗོངས་ཁུལ་གྱི་ཁོངས་གཏོགས་སུ་ཤང་བཅུ་དང་གྲོང་རྡལ་གསུམ་བཙུགས།     

སྤྱི་ལོ2000ལོར་ལུའོ་དབྱང་གྲོང་ཁྱེར་གྱི་གྲོང་ཁྱེར་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས། ལུའོ་ལུང་ཆུས་ཁོངས་སུ་ཨན་ལེ་ཁྲོམ་གཞུང་དང་ཁའེ་ཡོན་ཁྲོམ་གཞུང་གི་དོན་གཅོད་ཁྲུའུ2ཡོད་པ་དང་། ལུང་མོན་དང་། ཀོན་ལིན། པད་མ་དགོན། ཨན་ལེ། ཧྥེང་ལི། ལི་ལོའུ་བཅས་གྲོང་རྡལ་6དང་གནའ་གྲོང་གི་ཤང1ཡོད།    

སྤྱི་ལོ2006ལོའི་ཟླ2པའི་ཚེས28ཉིན་ལུའོ་དབྱང་གྲོང་ཁྱེར་གྱིས་དབྱི་དབྱང་རྫོང་གི་སྲིད་འཛིན་གྲོང་ཚོ10ལུའོ་ལུང་ཆུས་གནའ་གྲོང་ཤང་དུ་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། ལུའོ་ལུང་ཆུས་ཤིན་ཏན་གྲོང་རྡལ་གྱི་སྒྲིག་གཞི་ཧྲིལ་པོ་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་གྱིས་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་པས་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལ་འགྱུར་བ་བྱུང་མེད།     

སྤྱི་ལོ2007ལོའི་ཟླ་6ཚེས་27ཉིན་གནའ་གྲོང་ཤང་གི་མཚན་འཐག་དང་། གནའ་མཁར། དབྱང་གྲོང་། སུན་ཀྲོང་བཅས་གྲོང་ཚོ4དང་ཀོན་ལིན་གྲོང་རྡལ་གྱི་ཚའོ་ཐུན་དང་ཝང་ཆན་གྲོང་ཚོ་གཉིས་གནས་སའི་ཤང་གྲོང་ནས་དབྱེ་གསེད་བྱས་ཏེ་ཁའེ་ཡོན་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས།     

སྤྱི་ལོ2013ལོར་ཀོན་ལིན་དང་ལུང་མོན་གྲོང་རྡལ་དུ་ཀོན་ལིན་ཁྲོམ་གཞུང་དང་། ཐའེ་ཁང་ཏུང་ལམ་ཁྲོམ་གཞུང་། ལུང་མོན་བྲག་ཕུག་ཁྲོམ་གཞུང་། ལུང་མོན་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ལོགས་སུ་བཙུགས་ཡོད།     

སྤྱི་ལོ2017ལོའི་ཟླ7པར། ཧོ་ནན་ཞིང་ཆེན་དམངས་སྲིད་ཐིང་དང་ལུའོ་དབྱང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་སློབ་གྲྭ་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཛུགས་རྒྱུ་གཏན་འཁེལ་བྱས་པ་རེད།


2 ས་ཁམས་ཁོར་ཡུག     
2_1 གནས་སའི་ཡུལ་ཁོངས།    

ལུའོ་ལུང་ཁུལ་གྱི་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག112℃16-112℃37དང་བྱང་གི་འཕྲེད་ཐིག34℃33-34℃46བར་ཡིན། ལྷོ་བྱང་ཞེང་ལ་སྤྱི་ལེ21.5དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ33.5ཡོད།    

2_2  ས་དབྱིབས།    

ས་བབ་ཀྱི་ཁྱད་ཆོས་ནི་དབྱི་ལུའོ་གཙང་པོའི་ཁྲུང་བསགས་བདེ་ཐང་ཡིན་པ་དང་། ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བའི་སློ་མའི་དབྱིབས་ཀྱི་གཤོང་ས་ཡིན་པ་དང་། མངའ་ཁོངས་ཀྱི་ས་བབ་མཐོ་ཤོས་ནི་སྨི394དང་། དམའ་ཤོས་ནི་སྨི126ཡིན།     

2_3 ས་གཤིས།    

ལུའོ་ལུང་ཆུས་ནི་གས་སྲུབས་སྤུང་གསོག་གཤོང་སའི་དེང་རབས་ཀྱི་ཆུ་རྟིང་དུ་གནས་པ་དང་། ཁྱབ་ཁོངས་མང་ཆེ་བ་གསར་སྐྱེས་ཁུལ་དུ་དིམ་བསགས་དངོས་པོས་ཁྱབ་ཡོད། ས་གཞི་ཆགས་རིམ་བཞི་པའི་མདུན་གྱི་རྨང་རྡོའི་ཁྱབ་ཚུལ། ལྷོ་རྒྱུད་ཀྱི་དེའུ་འབུར་རི་ཁུལ་དང་། ལུང་མོན་རྒྱུད་དུ་གནའ་བོའི་སྐྱེ་དངོས་དུས་རབས་ཀྱི་རྨང་བྲག་ཆག་རོ་ཐོན་པ་མ་ཟད། དངོས་པོའི་འགྲོ་ཕྱོགས་སུ་མངོན་ནས་གསེག་ཟུར (15℃~35℃)བྱང་ཕྱོགས་སུ་གསེག་པ། ནུབ་རྒྱུད་ཀྱི་ཆིན་ལིན་གྱི་རྩེ་མོར་ཐར་ཐོར་དུ་མངོན་པ་དང་། མང་ཆེ་བ་ནི་རིམ་པ་བཞི་པའི་བྲག་རིམ་རེད།     

2_4 ནམ་ཟླ    

ལུའོ་ལུང་ཁུལ་ནི་ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་རླུང་མངོན་གསལ་གྱིས་ཁྱད་ཆོས་གཙོ་བོ་ཡིན། ཟླ1པོར་ནུབ་བྱང་རླུང་དང་བྱང་ཤར་རླུང་གིས་དེའི་བྱེད་ནུས་འོག་གླིང་སྣེའི་ས་ཁུལ་གྱི་སྐམ་སའི་རླུང་ཚོམ་གྱིས་གནས་བབ་ཡག་པོ་བཟུང་བ་དང་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ་དང་། ཟླ7པར་ལྷོ་ནུབ་རླུང་དང་ཤར་ལྷོའི་རླུང་། ལྷོ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚ་ཁུལ་གྱི་རྒྱ་མཚོའི་རླུང་ཚོམ་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་པ་དང་། ཚ་བ་ཆེ་ལ་ཆར་ཆུ་མང་། དམའ་སའི་རླུང་རྒྱུན་དང་རླུང་ཚོམ་གྱི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་དེས་ཁུལ་དེར་དུས་རླུང་ནམ་ཟླའི་ཁྱད་ཆོས་ལྡན་པ་མཚོན་ཡོད། དགུན་ཁར་གྲང་ངར་དང་གངས་ཆར་ཉུང་བ་དང་། དཔྱིད་ཀར་ཐན་པ་དང་རླུང་ལྡང་བའི་ཉིན་མོ་མང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མོད་པ། སྟོན་དུས་གནམ་དྭངས་ཤིང་ཉི་འོད་རབ་ཏུ་འཚེར་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།    

2_5 མི་གྲངས།

སྤྱི་ལོ2012ལོའི་ཟླ7པའི་བར། ལུའོ་ལུང་ཆུས་སུ་མི་འབོར་ཁྲི40.3ཡོད་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར1980ལྷག་ཡོད།     

3 དཔལ་འབྱོར་གནས་ཚུལ་མདོར་བསྡུས།     
3_1 ཐོན་ལས་དང་པོ།     

སྤྱི་ལོ1948ལོར་ལུའོ་དབྱང་བཅིངས་འགྲོལ་བཏང་རྗེས། ལུའོ་ལུང་ཆུས་ཀྱི་ཞིང་པ་རྣམས་ཀྲུང་གོ་གུང་ཁྲན་ཏང་དང་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་ཇག་འཇོམས་ཡུལ་གྱི་གཤེད་མར་ངོ་རྒོལ་དང་། ས་ཞིང་བཅོས་བསྒྱུར་སོགས་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་བརྒྱུད་དེ། རྒྱ་ཆེའི་ཞིང་བ་དབུལ་བོ་དང་ཞིང་འབྲིང་འོག་མ་རྣམས་ཆབ་སྲིད་དང་དཔལ་འབྱོར་སྟེང་འཕར་ཞིང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བྱས། ལོ་གསུམ་རིང་དཔལ་འབྱོར་སླར་གསོའི་དུས་སྐབས་དང་། ཞིང་ལས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད། ཞིང་ལས་མཉམ་ལས་ཅན་བཅས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱས་པར་བརྟེན་རྒྱ་ཆེའི་ཞིང་པ་དབུལ་པོ་དང་ཞིང་འབྲིང་འོག་མའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པས། ལོ་ལུང་ས་ཁུལ་གྱི་ཞིང་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཆབ་སྲིད་དང་དཔལ་འབྱོར། ཁྱིམ་ཚང་གི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་སོགས་སྤྱི་ཚོགས་ཀྱི་འཕོ་འགྱུར་རབ་དང་རིམ་པ་བརྒྱུད་དེ། གྲོང་ཁྱེར་ཉེ་འཁོར་གྱི་ཞིང་འབྲོག་ཉ་གསུམ་ཚང་མ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་།     སྤྱི་ལོ1990ལོར་ལྗོངས་ཡོངས་ཀྱི་ཞིང་ལས་དང་། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8096ཟིན་པ(སྤྱི་ལོ1980ལོའི་འགྱུར་མེད་རིན་གོང་ལྟར་ཕབ་རྩིས་བྱས་ན་གཤམ་མཚུངས)སྤྱི་ལོ1977ལོའི་སྒོར་ཁྲི5421ལས་ལྡབ1.49འཕར་བ་དང་། སྤྱི་ལོ1949ལོའི་སྒོར་ཁྲི1222ལས་ལྡབ6.63འཕར་ཡོད། གྲོང་ཁྱེར་གྱི་འཚོ་བ་དང་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་སྔོ་ཚལ་དང་། ཀྭ་རིགས་དང་ཤིང་ཏོགཤ་གསར་པ། སྒོ་ང་གསར་པ། ཨར་ལས་རྒྱུ་ཆས་སོགས་ཚོང་ཟོག་རྟེན་གཞིར་གྲུབ་ཟིན་པ་མ་ཟད་རིམ་བཞིན་འཐུས་སྒོ་ཚང་དུའང་ཕྱིན་ཡོད། སྤྱི་ལོ1984ལོ་ནས་སྤྱི་ལོ1990ལོའི་བར་གྲོང་ཁྱེར་ལ་ཁྱོན་བསྡོམས་སྔོ་ཚལ་ཏུན1046978དང་། ཀྭ་རིགས་དང་ཤིང་ཏོག་ཏུན103947དང་། ཤ་སོས་པ་ཏུན38867སྒོ་ང་སོས་པ་ཏུན23473འོ་མ་སོས་པ་ཏུན19886བཅས་མཁོ་འདོན་བྱས། དེའི་ནང་མཁོ་འདོན་བྱས་པའི་སྔོ་ཚལ་དང་འོ་མ་སོས་པ་བསྡོམས་འབོར་གྱིས་གྲོང་ཁྱེར་གྱི་སྤྱོད་ཚད་ཀྱི85%ཡན་ཟིན་ཡོད། སྤྱི་ལོ1990ལོར་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར626ཟིན་པ་དེ་སྤྱི་ལོ1983ལོའི་སྒོར238.5ཡི་ལྡབ2.44ཟིན་ཡོད།      རྒྱལ་ཁབ་དབུ་བརྙེས་པའི་སྔོན་དུ་ཕྱུགས་ལས་ཐོན་སྐྱེད་ཀྱིས་ཞིང་དུད་ཁེར་རྐྱང་དུ་གཉེར་སྐྱོང་བྱེད་པ་དང་། ཕྱུག་པོའི་ཁྱིམ་ཚང་ཉུང་ཤས་ཤིག་གིས་རྟ་དྲེལ་གསོ་བ་དང་། སྤྱིར་བཏང་གི་ཁྱིམ་དུད་འབྲིང་གྲས་ཀྱིས་བོང་བུ་མང་ཙམ་གསོས་ནས་གསོ་བ། རྒྱ་ཆེའི་ཞིང་དུད་དབུལ་པོས་གྲོད་ཁོག་མི་དཀྲིས་པ། འཚོ་བའི་དཀའ་ངལ་ཆེ་བ། ཕྱུགས་རིགས་རྩ་བ་ནས་གསོ་མི་ཐུབ་པ། ཕག་གསོ་དང་ཁྱིམ་བྱ་གསོ་གྲངས་ཀྱང་མང་པོ་མེད་པ། བྱ་གསོ་ཁྱབ་ཆེ་བ་བཅས་ཡིན་མོད། འོན་ཀྱང་གྲངས་འབོར་ཆེན་པོ་མེད། གཟན་ཆས་དཀོན་པ་དང་། སྨན་པ་དཀོན་པ། རིམས་ནད་འགོས་པ། ཕྱུགས་ལས་འཕེལ་རྒྱས་དལ་བ་རེད། རྒྱལ་ཁབ་བཙུགས་རྗེས། ཏང་དང་སྲིད་གཞུང་གིས་ཕྱུགས་ལས་ཐོན་སྐྱེད་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། ཕྱུགས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལྷག་པར་དུ་ཕག་དང་ལུག བྱ་དེ། ངང་པ། རི་བོང་སོགས་སྒོ་ཕྱུགས་དང་ཁྱིམ་བྱ་འཕེལ་རྒྱས་ལྷག་ཏུ་མགྱོགས།

སྤྱི་ལོ2013ལོར་ལའོ་ལུང་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཞིང་བརྒྱུད་བཤུག་དང་ཞིང་ལས་གྲུབ་ཆ་ལེགས་སྒྲིག་མུའུ8500བྱས་པ་དང་། མེ་ཏོག་གི་སྡོང་ཕྲུག་ནགས་ཚལ་དང་ཤིང་འབྲས་རྟེན་གཞི་མུའུ6300གསར་དུ་བསྣན་པ། སྔོ་ཚལ་རྟེན་གཞི་མུའུ1100གསར་དུ་འཕེལ་རྒྱས་བཏང་བ་བཅས་རེད། ལི་ལོའུ་མུའུ་ཁྲི་ཡི་སྡོང་ཕྲུག་མེ་ཏོག་རྟེན་གཞི་དང་། ལུང་མོན་ཤིས་ཧྲན་མུའུ་ཁྲི་ཡི་ནགས་ཚལ་དང་ཤིང་འབྲས་རྟེན་གཞི། ཧྥེང་ལི་མུའུ་ཁྲི་ཡི་སྟར་ཁའི་རྟེན་གཞིའི་གཞི་ཁྱོན་རགས་ཙམ་ཆགས་ནས་ཞིང་ལས་ཆེད་ལས་གླིང15ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.8བཏང་ཡོད་པ་རེད། གོ་ཡུས་མེ་ཏོག་དངོས་མང་སྟོན་ཚོགས་གླིང་གི་གསོ་སྦྱོང་རྩ་འཛུགས་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་གཉིས་ཁེ་མཐོ་ཚན་སྣོད་བཅུད་ཞིང་ལས་གླིང་ཁུལ་གྱིས་སྐབས་དང་པོའི་རྒུན་འབྲུམ་འཐོག་པའི་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས27ཟིན་ཡོད།

3_2 ཐོན་ལས་གཉིས་པ།  

ལུའོ་དབྱང་གྲོང་ཁྱེར་ཉེ་འདབས་སུ་རྒྱལ་ཁབ་དབུ་བརྙེས་པའི་སྔོན་དུ། ཉེ་རབས་ཀྱི་བཟོ་ལས་མེད་པར། གྲོང་སྡེ་དང་གྲོང་རྡལ་སོ་སོའི་ལག་ཤེས་བཟོ་ལས་ཆུང་ངུ་དང་ཁེར་གཉེར་ལག་ཤེས་བཟོ་ལས་ཀྱི་བཟོ་བ་མ་གཏོགས་མེད། དེར“ཁང་བཞི”(གྲོ་ཁང་དང་། སྣུམ་ཁང་། ཚོས་ཁང་། ཤོག་སྦག་ཁང)བཅས་དང་། “མགར་བ་ལྔ་”(ལྕགས་བཟོ་བ་དང་། ཤིང་བཟོ་བ། ཞལ་ལས་པ། རྡོ་བཟོ་བ། སོ་ཕག་བཟོ་བ། )སོགས་ཡིན།

སྤྱི་ལོ1954ལོར་མཉམ་ལས་ཅན་དུ་བསྒྱུར་བའི་ལས་འགུལ་གྱི་མཐོ་རླབས་ཁྲོད་དུ། གྲོང་སྡེ་དང་གྲོང་རྡལ་སོ་སོའི་ཁེར་གཉེར་ལག་ཤེས་བཟོ་ལས་དང་ལས་རིགས་སོ་སོའི་ལག་ཤེས་པ་རྣམས་གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་གི་རོགས་རམ་འོག་གཅིག་རྗེས་གཉིས་མཐུད་ཀྱིས་རྩ་འཛུགས་བྱས་ཏེ། ལག་ཤེས་བཟོ་ལས་ཐོན་སྐྱེད་མཉམ་ལས་ཁང་སྐོར་ཞིག་བཙུགས། ལོ་ཤས་སོང་རྗེས་མཉམ་ལས་ཁང་དེ་དག་ཟླ་སྒྲིལ་དང་། རྒྱས་སྐྲུན། བསྐྱར་དུ་མཉམ་སྒྲིག་བཅས་བྱས་པར་བརྟེན་ས་གནས་ཀྱི་རྒྱལ་གཉེར་དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་བཟོ་གྲྭ་ཆུང་གྲས་སུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལོ་ངོ30ལྷག་གི་རིང་ལ། འཕེལ་རྒྱས་དང་། “མཆོང་སྐྱོད”དག་ཐེར། མཐོར་འདེགས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་དེ། དཀའ་ཚེགས་ཆེ་ཞིང་ཀྱག་ཀྱོག་མང་བའི་ལམ་བུ་བརྒྱུད་པས། ད་ལྟའི་གྲོང་ཁྱེར་ཉེ་འཁོར་གྱི་གཞི་ཁྱོན་རགས་ཙམ་ལྡན་པའི་བཟོ་ལས་མ་ལག་ཆགས་པ་རེད། སྤྱི་ལོ1990ལོར《གྲོང་ཁྱེར་ཉེ་འཁོར་གྱི་རྒྱལ་དམངས་དཔལ་འབྱོར་བསྡོམས་རྩིས་ཡིག་ཆ》ཞེས་པའི་ནང་འཁོད་དོན། ཆུས་ཁོངས་དང་དེ་བཞིན་ཤང(གྲོང་རྡལ)དང་གྲོང་ཚོར་འཕྲུལ་ཆས་དང་ལུགས་རྒྱག་པ། རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ། བཟའ་བཅའ། པར་འདེབས། འཁེལ་འཐགཤིང་ཆས། གྱོན་ཆས་སོགས་རིགས་ཁག་གི་བཟོ་ལས2758གཉེར་ཡོད། སྤྱི་ལོ1990ལོར་ཆུས་དང་ཤང(གྲོང་རྡལ)རིམ་པ་གཉིས་ཀྱི་མཉམ་སྡེབ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི11540ལེགས་གྲུབ་ཟིན་པ་དེའི་ནང་ལྗོངས་ཁོངས་གཏོགས་ཀྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3929.2ལེགས་གྲུབ་ཟིན་པ་དང་། ཤང(གྲོང་རྡལ)ཁོངས་ཀྱི་མཉམ་སྡེབ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི7610.8ལེགས་གྲུབ་ཟིན་པ། གྲོང་ཚོ་དང་གྲོང་ཚོ་མན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8861ལེགས་གྲུབ་ཟིན་པ(གོང་གི་བསྡོམས་རྩིས་ཚང་མ་སྤྱི་ལོ1990ལོའི་འགྱུར་མེད་རིན་གོང་ལྟར་རྩིས་རྒྱག་རྒྱུ) ལྗོངས་ཡོངས་སུ་གྲོང་གཉེར་ཁེ་ལས4ཡོད་པ་དང་ཆུས་ཁོངས་གཏོགས་ཁེ་ལས1ལ་ལུའོ་དབྱང་གྲོང་ཁྱེར་སྲིད་གཞུང་གིས“གྲགས་ཅན་ཁེ་ལས”ཞེས་མིང་བཏགས་པ་དང་བཟོ་ལས་ཐོན་རྫས69ལ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྤུས་ལེགས་ཐོན་རྫས་ཀྱི་བྱ་དགའ་ཐོབ་ཡོད། དེ་དང་མཉམ་དུ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་བཟོ་ལས་སྡེ་ཁག་གིས་ཀྱང་སྔ་གཞུག་ཏུ་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཁོངས་སུ་བཟོ་ལས་ཁེ་ལས་ཅུང་ཆེ་བ་ཁ་ཤས་གསར་འཛུགས་བྱས། དཔེར་ན་ཅ་ལིན་སྦག་སྦག་འཁོར་ལོ་བཟོ་གྲྭ་དང་། ཡིག་ཟམ་གློག་འཕྲིན་པུའུ་ཁ་པར་སྒྲིག་ཆས་བཟོ་གྲྭ། ལྕགས་ལམ་པུའུ་ཡི་ལས་གྲྭ་ཅུས་བཅོ་ལྔ་པའི་ཁོངས་གཏོགས་ཀྱི་བཟོ་གྲྭ་ཁག་དང་། ལུའོ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་བཟོ་སྐྲུན་ཀུང་སི། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་སྤྱི་ཁྱབ་ཀུང་སི་འཛུགས་སྐྲུན་ཀུང་སི་དང་པོ། ལུའོ་དབྱང་ངར་ལྕགས་བཟོ་གྲྭ། ལུའོ་དབྱང་ཧོ་ཁྲེང་འཁྲུད་རྫས་བཟོ་གྲྭ། ལུའོ་དབྱང་གཡོ་འགུལ་འཕྲུལ་ཆས་བཟོ་གྲྭ་སོགས་ཡོད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་གཅིག་པའི་ནང་དེ་ཚོའི་ཐོན་རྫས་ཀྱིས་གོ་གནས་གལ་ཆེན་བཟུང་ཡོད།     སྤྱི་ལོ2013ལོར་ལོ་ཧྲིལ་པོར་སྒོར་ཁྲི་སྟོང་ཡན་གྱི་བཟོ་ལས་གྲུབ་ཆ་ལེགས་སྒྲིག་རྣམ་གྲངས24ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར51བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར31.6ཟིན་པ་དེ་དུས་མཚུངས་ལས6.5%འཕར་ཡོད། ལོ་ཧྲིལ་པོར་སྒོར་ཁྲི་སྟོང་ཡན་གྱི་རྣམ་གྲངས205ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར712བཏང་ཡོད། དེའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས133དང་སྒོར་དུང་ཕྱུར10ཡན་གྱི་རྣམ་གྲངས21ཡོད་པ་རེད། ཨེན་ལེ་ཨེནLYCའཁོར་རྟེན་སོགས་རྣམ་གྲངས43ལེགས་གྲུབ་ཟིན་པ་རེད། ཕན་ཀྲུང་སྐྱེ་དངོས་རིམས་འགོག་སྨན་ཁབ་རྣམ་གྲངས་ལོ་དེ་རང་དུ་ལས་འགོ་ཚུགས་པ་དང་ལོ་དེ་རང་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། ཞིང་ཆེན་དང་གྲོང་ཁྱེར38ཀྱི་གཙོ་གནད་རྣམ་གྲངས་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་མ་འཇོག་ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ཡོད་པ་རེད།     

4 སྤྱི་ཚོགས་ལས་དོན།     
4_1 སློབ་གསོ།   

ལུའོ་དབྱང་བཅིངས་འགྲོལ་བཏང་རྗེས་རྫོང་ཡོངས་ཀྱི་གྲོང་གསེབ་སློབ་ཆུང531ཡོད། རྫོང་མི་དམངས་སྲིད་གཞུང་གིས་སྔོན་ཆད་འབྲིང་རིམ་སློབ་གྲྭ་རྫོང་མཁར་དུ་གཅིག་བསྡུས་བྱས་པའི་གནས་ཚུལ་བསྒྱུར་ཆེད། གྲོང་གསེབ་ལ་ཁ་ཕྱོགས་ནས་གྲོང་གསེབ་ཀྱི་འབྲིང་རིམ་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། སྔ་གཞུག་ཏུ་ཀོན་ལིན་དུ་དམའ་རིམ་དགེ་འོས་སློབ་གྲྭ་བཙུགས་ཏེ། ཕིན་ལེ་དང་ལི་ཚུན། མ་ཐུན་བཅས་སོ་སོར་སློབ་འབྲིང་གཅིག་བཙུགས་ཏེ། གྲོང་གསེབ་ཀྱི་སློབ་མ་ཐག་ཉེ་སར་སློབ་གྲྭར་ཞུགས་སུ་བཅུག སྤྱི་ལོ1955ལོར་རྫོང་ལམ་ལུགས་མེད་པར་བཟོས་རྗེས་ཁོངས་གཏོགས་ཁུལ་གྱི་ཆ་ཚང་སློབ་ཆུང17ཡོད་པ་དང་སྲིད་འཛིན་གྲོང་ཚོ220ལྷག་ཙམ་ལ་དམའ་རིམ་སློབ་ཆུང་བཙུགས་ཡོད།     སྤྱི་ལོ1957ལོ་ནས་སྤྱི་ལོ1965ལོའི་བར་དུ། སློབ་གསོའི་བྱ་བར་སྐབས་ཤིག་རིང“གཡོན”གྱི་བསམ་བློའི་ཤུགས་རྐྱེན་ཐེབས་པ་དང་། ཀྱག་ཀྱོག་གི་ལམ་བུ་བརྒྱུད་པ་དང་། ལྷག་པར་དུ“རིག་གནས་གསར་བརྗེ་ཆེན་པོ”(སྤྱི་ལོ1966ལོ་ནས་སྤྱི་ལོ1976ལོའི་བར)སྐབས་སུ། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་མཚམས་བཞག་ནས་གསར་བརྗེ་བསླངས་པས། སློབ་གསོའི་ལས་དོན་ལ་གཏོར་བརླག་ཚབས་ཆེན་ཐེབས།     སྤྱི་ལོ1978ལོའི་ཟླ12པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན“ཀུན་སྤྱོད་དང་། ཤེས་རིག ལུས་རྩལ”བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་སློབ་ཁྲིད་ཀྱི་ཁྲིམས་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བས་སློབ་གསོའི་བྱ་གཞག་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་རེད། སྤྱི་ལོ1985ལོར་ཧོ་ནན་ཞིང་ཆེན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་གྲོང་ཁྱེར་ཉེ་འཁོར་དུ་དམའ་རིམ་སློབ་གསོ་ཁྱབ་གདལ་གཏོང་བའི་ཚད་ལོན་ལག་ཁྱེར་སྤྲད་པ་རེད། སྤྱི་ལོ1990ལོར་ལྗོངས་ཡོངས་སུ་སློབ་ཆུང199དང་། དམའ་རིམ་སློབ་འབྲིང35དང་། སློབ་འབྲིང3མཐོ་རིམ་སློབ་འབྲིང5བཅས་ཡོད་པ་དང་། ལས་རིགས་མཐོ་རིམ་སློབ་འབྲིང་དང་། དར་མའི་འབྲིང་རིམ་ཆེད་ལས། དགེ་རྒན་ཟབ་སྦྱོང་སློབ་གྲྭ་བཅས1ཡོད་ཅིང་། སློབ་མ73000དང་། དགེ་རྒན་དང་ལས་བཟོ་པ3300ལྷག་ཡོད། དམར་གསོའི་འཛིན་གྲྭ198ཡོད་པའི་འཛིན་གྲྭ227ཡོད་པ་དང་། བྱིས་པའི་འཛིན་གྲྭ8377ཡོད་པ། བྱིས་པའི་དགེ་རྒན319ཡོད། སློབ་ཁྲིད་ལས་དོན་ཁྲོད་ཕུལ་བྱུང་ཏང་ཡོན19དང་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གསོའི་ལས་དོན་པ150བདམས་པ། གྲོང་ཁྱེར་རིམ་པའི“གསུམ་བཟང་སློབ་མ”དང“ཕུལ་བྱུང་སློབ་མའི་ལས་བྱེད་པ”125ཡོད། སློབ་གྲྭའི་རྣམ་པ་ལེགས་སུ་གཏོང་བའི་ཚད་ལོན་བྱེད་སྒོའི་ཁྲོད་སློབ་གྲྭ94ཚད་ལོན་དང་སློབ་གྲྭ23ཆུས་རིམ་པའི་ཚད་གཞིར་སླེབས་ཡོད། གཞན་ཡང་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཁོངས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཕྱི་སྐད་སློབ་གླིང་དང་ལུའོ་དབྱང་དགེ་འོས་ཆེད་ཚན་སློབ་གྲྭ་སོགས་སློབ་གླིང11ཡོད་པ་དང་ལོ་ལྟར་རྒྱལ་ཁབ་ལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱེད་ཀྱིན་ཡོད།     སྤྱི་ལོ2013ལོར་ལུང་ཧྲེང་སློབ་འབྲིང་དང་། ལུང་ཧྲེང་སློབ་ཆུང་། དབྱི་ཧྲི་ཞའོ་ལུང་ཁང་སློབ་ཁུལ་བཅས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང23གསར་སྐྲུན་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། ལོ་བརྒྱའི་གྲགས་ཅན་སློབ་གྲྭ་པེ་ཅིང་ཚོད་ལྟའི་སློབ་ཆུང་གཉིས་པ་བདེ་བླག་ངང་ནང་འདྲེན་བྱས་པ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི4ཙམ་གྱི་དྲོད་ལེན་དྲོད་གཅོག་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ། ཧོ་ནན་ཞིང་ཆེན་སློབ་གསོའི་ལས་དོན་སྔོན་ཐོན་ཆུས་ཀྱི་་མཚན་སྙན་ཐོབ་པ་བཅས་རེད།

4_2 རིག་གནས།   

སྤྱི་ལོ1950ལོར་ལུའོ་དབྱང་རྫོང་མི་དམངས་རིག་གནས་ཁང་བཙུགས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རིང་ལུགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་ཆེད། རིག་གནས་ཁང་གནས་ཡུལ་ཀོན་ལིན་དུ་སྤོས། རིག་གནས་ཁང་དུ་དཔེ་དེབ་ཁང་བཙུགས་ནས་ཞིང་པར་དཔེ་དེབ་གཡར་ནས་ལྟ་ཀློག་བྱེད་པ་ཕུད། ཏང་གིས་དུས་སྐབས་རེ་རེའི་ལྟེ་བའི་ལས་དོན་ལ་གཞིགས་ནས་ཟླ་རེར་ཀོན་ལིན་གསུམ་ལྡན་གྱི་ཚོགས་མཆོད་སྤྱད་དེ་པར་རིས་འགྲེམས་སྟོན་བྱས་པ་རེད། དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་རྩལ་ལ་སྔོག་འདོན་དང་ཟུར་ཁྲིད་བྱེད་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་སྒོ་མེད་པར་བཟོས་ནས་རྣམ་པ་སྣ་ཚོགས་ཀྱི་བདེ་ཐང་རིག་རྩལ་སོར་བཞག་དང་འཕེལ་རྒྱས་གཏོང་དགོས། ས་ཞིང་བཅོས་བསྒྱུར་བྱས་རྗེས། གྲོང་གསེབ་ཀྱི་ལས་ཞོར་ཟློས་གར་ཚོགས་པ་དང་། སེང་གེའི་ཞབས་བྲོ། འབྲུག་སྒྲོན། སྡོང་རིང་སྡོང་བོ། སྐམ་གྲུ། རྒྱ་མཚོའི་ཉ་ལྕིབས་སོགས་མང་ཚོགས་ཀྱི་སྒྱུ་རྩལ་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ལོ་གསར་གྱི་དཔྱིད་གསར་དུས་ཆེན་གྱི་ཉིན་མོར་དགའ་སྤྲོའི་རྣམ་པས་ཁེངས།     སྤྱི་ལོ1979ལོར་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ལྟར་ཀུང་ཧྲེ13གྱིས་རིམ་བཞིན་རིག་གནས་ས་ཚིགས་བཙུགས་པ་དང་ཆེད་ལས་ལས་བྱེད་པ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ1980ལོ་ནས་བཟུང་རིག་གནས་ས་ཚིགས་ཁག་ཏུ་དཔེ་མཛོད་ཁང་དང་། རོལ་རྩེད་ཁང་། བརྙན་འཕྲིན་ཁང་སོགས་རིག་གནས་སྒྲིག་བཀོད་བཙུགས་ཡོད། སྤྱི་ལོ1980ལོར་རིག་གནས་ཁང་དུ་དམངས་བཙུགས་གཞུང་རོགས་གཞས་མ་གཏམ་ཚོགས་པ1དང་། ཡུས་ཟློས་གར་ཚོགས་པ1རི་ཁུལ་དང་གྲོང་གསེབ་ཏུ་སྐོར་སྐྱོད་འཁྲབ་སྟོན་བཅས་བཙུགས་ཡོད། གྲོང་གསེབ་ཀྱི་ལས་ཞོར་ཟློས་གར་ཚོགས་པ23བཙུགས་ཡོད། སྤྱི་ལོ1985ལོར་གྲོང་གསེབ་ཀྱི་རིག་རྩལ་དཔུང་ཁག་ཧྲིལ་པོའི་མི5000ལྷག་ཙམ་ལ་དགའ་སྟོན་རྟེན་འབྲེལ་གྱི་དུས་ཆེན་དང་རྩེད་འཇོར་རོལ་ནས་དགའ་དགའ་སྤྲོ་སྤྲོ་དང་དུས་བདེ་ཞོད་འཇགས་ཀྱི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད། སྤྱི་ལོ1978ལོ་ནས་བཟུང་རིག་གནས་ཁང་གིས་ལོ་ལྟར་དཔྱིད་གསར་དུས་ཆེན་རིང་རིག་རྩལ་འཁྲབ་སྟོན་ཚོགས་ཆེན་འཚོགས་ནས་གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་སྣ་ཚོགས་འཆར་གཞི་ཡོད་པའི་སྒོ་ནས་གོ་རིམ་བཞིན་འཁྲབ་སྟོན་ནང་ཞུགས་ཀྱི་ཡོད། སྤྱི་ལོ1989ལོར་དམངས་ཁྲོད་སེང་གེའི་ཞབས་བྲོ13བར་འཕེལ་རྒྱས་བྱུང་བ་དང་། འབྲུག་སྒྲོན་གཉིས་དང་རྔ་རྡུང་ཚོགས་ཆུང4ཡོད་པ། དབྱང་ཀོ་རུ་ཁག་དང་། བོང་ནག་ཞོན་པ། སྐམ་གྲུ་སོགས་གྲོང་ཚོ་ཚང་མར་ཡོད། སྤྱི་ལོ1990ལོར་སན་ཀོན་གྲོང་ཚོའི་མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་ལྷག་ཙམ་བསྡུ་རུབ་བྱས་ཏེ་བྱེད་སྒོ་སྤེལ་མཚམས་བཞག་ནས་ལོ30ལྷག་ཙམ་རིང“ཆིའུ་ཀོ”ཁང་བསྐྱར་དུ་སྒྲིག་འཛུགས་བྱས་པ་རེད།  སྤྱི་ལོ 2013ལོར་རིན་མེད་ངང་ཟློས་གར་ཐེངས120འཁྲབ་སྟོན་བྱས་པ་དང་གྲངས་འཛིན་གློག་བརྙན་ཐེངས2031འཁྲབ་སྟོན་བྱས་པ་རེད།    

4_3 འཕྲོད་བསྟེན།   

སྤྱི་ལོ1948ལོར་ལུའོ་དབྱང་རྫོང་མི་དམངས་སྲིད་གཞུང་འཕྲོད་བསྟེན་ཁོའོ་ཡིས་གྲོང་གསེབ་ཀྱི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མི་སྣར་ཆབ་སྲིད་དང་ལས་སྒོའི་ཡིག་རྒྱུགས་ཐེངས་དང་པོ་བཏང་བ་དང་། ཚད་ལོན་པར་ལས་གཉེར་ལག་ཁྱེར་སྤྲད་པ། མི40དང་ཀྲུང་ལུགས་གསོ་རིག་ལག་ཁྱེར་སྤྲད་པ་བཅས་རེད། སྤྱི་ལོ1952ལོར་རྫོང་འཕྲོད་བསྟེན་ཚན་ཁག་ཏུ་རིམས་འགོག་མ་རྐང་བཙུགས། ལོ་དེར་ལའོ་ཁྲེང་ཧྥུ་ཨན་སྲང་ལམ་དུ་རྫོང་སྨན་ཁང་བཙུགས། སྤྱི་ལོ1955ལོར་ལུའོ་དབྱང་རྫོང་མེད་པར་བཟོས་པ་དང་། རྫོང་སྨན་ཁང་དེ་ཆུས་མི་དམངས་སྨན་ཁང་དུ་བསྒྱུར། སྤྱི་ལོ1962ལོར་གྲོང་ཁྱེར་ཉེ་འདབས་ཀྱི་འཛུགས་སྐྲུན་སླར་གསོ་བྱས་པ་དང་། འཕྲོད་བསྟེན་ཚན་ཁག་བཙུགས། འཕྲོད་བསྟེན་རིམས་འགོག་ས་ཚིགས་དང་མ་བུ་བདེ་སྲུང་ས་ཚིགས་སླར་གསོ་བྱས། སྤྱི་ལོ1968ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཀུང་ཧྲེ13ཚང་མར་འཕྲོད་བསྟེན་ཁང་བཙུགས་ཡོད་པ་དང་། ཐོན་སྐྱེད་རུ་ཆེན་ཁག་ལ་འཕྲོད་བསྟེན་ཁང་བཙུགས་ཡོད། སྤྱི་ལོ1982ལོར་ཁེ་ལས་དང་བྱ་ལས་སྡེ་ཚན13དུ་འཕྲོད་བསྟེན་ཁང་བཙུགས་པ་དང་། ཆེད་ཚན་སྨན་ཁང་གི་ཕྱོགས་བསྡུས་སྨན་ཁང་ཡང་དེ་མཚུངས་ཀྱི་འཕེལ་རྒྱས་བྱུང་ཡོད།     སྤྱི་ལོ1958ལོའི་ཟླ9པར། རྒྱལ་ཁབ་འཕྲོད་བསྟེན་པུའུ་དང་ཧོ་ནན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་གྲོན་དངུལ་བཏང་སྟེ། ཕིང་ལེ་ཀུའོ་མིང་པའི་རུས་པར་གཤགས་བཅོས་བྱེད་པ་རྨང་གཞིར་བྱས་ཤིང་། པའེ་མཱ་དགོན་དུ་ལུའོ་དབྱང་ཀྲེང་ཀུའུ་སྨན་ཁང་གསར་འཛུགས་བྱས། སྤྱི་ལོ1983ལོར་ཞིན་ཏེན་ཀུང་ཧྲེ་ཞུས་ཅ་ཡིང་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྟེ་བའི་སྨན་ཁང150གསར་འཛུགས་བྱས། སྤྱི་ལོ1984ལོར་ཡན་ཧོ་ཞང་དུ་ལྕགས་ལམ་པུའུ་ཡི་བཟོ་སྐྲུན་ཅུས་བཅོ་ལྔ་པའི་ལྟེ་བའི་སྨན་ཁང་བཙུགས། ལོ་དེར་ལུའོ་དབྱང་གྲོང་ཁྱེར་གྱི་སྐྲན་ནད་སྨན་ཁང་བཙུགས་པ་དང་སྤྱི་ལོ1989ལོར་ལུའོ་དབྱང་གྲོང་ཁྱེར་གྱི་ནུ་རྨེན་ནད་སྨན་ཁང་དང་དེ་བཞིན་ལུའོ་དབྱང་གྲོང་ཁྱེར་གྱི་རྨས་སྐྱོན་ཚན་ཁག་གི་སྨན་ཁང་སྔ་རྗེས་སུ་བཙུགས་ནས་མི་དམངས་ཀྱི་ནད་གཞི་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱས་པ་རེད། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་འཕྲོད་བསྟེན་རིམས་འགོག་གི་བྱ་བ་སྤེལ་བས། མི་དམངས་ཅན་ཁང་གི་སྐྱུག་བཤལ་དང་གག་པ། ཕྱིར་ལོག་ཚ་ནད། ཚ་ནག གནམ་འབྲུམ། འདར་ནད། བྱི་རིམས་སོགས་འགོས་ནད་རིགས23དང་ས་གནས་རང་བཞིན་གྱི་ཨོལ་རྨེན་སྐྲངས་པ་དང་། ཁེ་ཐིན་ནད། ཧྥུལ་ནད་བཅས་ཚོད་འཛིན་བྱས་ཡོད།    

4_4  ལུས་རྩལ།   

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མི་དམངས་སྲིད་གཞུང་གིས་ལུས་རྩལ་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ལོ1954ལོར་ལུའོ་དབྱང་རྫོང་མཆོང་རྒྱུག་འཕེན་གསུམ་གྱི་འཐུས་མི་རུ་ཁག་གིས་ལུའོ་དབྱང་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་སྤྱིའི་སྐར་གྲངས་ཨང་དང་པོ་བླངས། སྤྱི་ལོ1955ལོར་ལུའོ་དབྱང་རྫོང་འཛུགས་སྐྲུན་མེད་པར་བཟོས་རྗེས། འཛུགས་སྐྲུན་ལ་འགྱུར་ལྡོག་མང་བས། སྤྱི་ལོ1974ལོར་གྲོང་ཁྱེར་ཉེ་འཁོར་གྱི་ལུས་རྩལ་ཨུ་ཡོན་ལྷན་ཁང་བཙུགས། ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་དམངས་ཡོངས་ཀྱི་ལུས་རྩལ་ཆུ་ཚད་དང་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།     སྤྱི་ལོ 1973ལོར་ལས་ཞོར་ལུས་རྩལ་སློབ་གྲྭ་བཙུགས་ཏེ་པེ་ཅིན་དང་། ཝུའུ་ཧན། ཁའེ་ཧྥེང་སོགས་ལུས་རྩལ་ར་བ་ནས་སློབ་མ25སྐྱེལ་འདྲེན་བྱས། སྤྱི་ལོ1974ལོར་ལྗོངས་མཆོང་རྒྱུག་འཕེན་གསུམ་རུ་ཁག་གྲོང་ཁྱེར་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་སྤྱིའི་སྐར་གྲངས་ཨང་གཉིས་པ་ཐོབ། སྤྱི་ལོ1978ལོར་ཆུས་ལུས་རྩལ་འཐུས་མི་རུ་ཁག་གྲོང་ཁྱེར་གྱི་སྐབས་བཞི་པའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་སྤྱིའི་སྐར་གྲངས3པ་དང་། བུད་མེད་ལན་ཆིའུ་སྤོ་ལོའི་རུ་ཁག་ཨང5པ། ཕིང་ཕང་སྤོ་ལོ་ཨང3པ། སྤྱི་ལོ1982ལོར་གྲོང་ཁྱེར་གྱི་རླུང་འཕྲིན་ལུས་རྩལ་འགྲན་བསྡུར་ནང་ཞུགས་ནས་ཨང3པ་བཅས་ཐོབ་པ་རེད། སྤྱི་ལོ1986ལོར་ལུས་རྩལ་འགྲན་ཚོགས་སྣ་ཚོགས་ཐེངས6སྤེལ་བ་དང་། འགྲན་བསྡུར་ལ་མི2690ལྷག་ཞུགས། གྲོང་ཁྱེར་གྱི་སྐབས་དྲུག་པའི་ལུས་རྩལ་འགྲན་ཚོགས་ཐོག་སྦེ་ག་དང་སྦེ་ག་སོགས་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ13དང་། དངུལ་གྱི་རྟགས་མ3ཟངས་ཀྱི་རྟགས་མ4བཅས་ཐོབ།     སྤྱི་ལོ 1988ལོ་ནས་སྤྱི་ལོ1990ལོ་བར་ལོ་གཅིག་དུས་གཅིག་གི་དཔྱིད་གསར་བསུ་བའི་རྒྱང་རྒྱུག་འགྲན་བསྡུར་སྤེལ་བ་ཕུད། ད་དུང་ལྗོངས་ཡོངས་ཀྱི་ཞིང་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་ཤིང་། དུས་ཡུན་ཉིན10ཡིན་པ་དང་། ལུས་རྩལ་རྣམ་གྲངས9ཡོད་པ། འཐུས་ཚབ་རུ་ཁག29ཡི་མི1400ལྷག་ཞུགས་ཡོད། གྲོང་ཁྱེར་ཉེ་འཁོར་གྱི་ལུས་རྩལ་འཐུས་མི་རུ་ཁག་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་འགྲན་བསྡུར་ལ་ཐེངས་བཞི་ཞུགས་པར་གསེར་གྱི་རྟགས་མ14དང་། དངུལ་གྱི་རྟགས་མ15ཟངས་ཀྱི་རྟགས་མ19བཅས་ཐོབ་ཡོད་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཕྲོད་བསྟེན། ས་ཁམས།