གཅིན་གཏོང་གྲངས་མང་བ་དང་གཅིན་འཆོར་ལ་ཁད་བྱ་བ། གཅིན་གཏོང་དུས་ན་ཟུག་ལངས་པ། གཅིན་གྱི་ནང་དུ་ཁྲག་འདྲེས་པ་སོགས་ཡོད་ལ། དྲག་ནད་རང་བཞིན་གྱི་སྐབས་སུ་སྐྱེས་པའི་གཅིན་ལམ་དུ་ཟགས་ཐོན་གཤེར་ཁུ་ཡོད་པར་མ་ཟད། ཐོག་མའི་དུས་སྐབས་སུ་འབྱར་བག་གི་རང་བཞིན་ལྡན་པ་དང་། དེའི་རྗེས་སུ་རྣག་དང་འདྲ་བའི་ཟགས་ཐོན་གཤེར་ཁུ་མང་དུ་འཛག་པ་ཡིན། དེ་ཡང་སྐྱེས་མར་ཟགས་ཐོན་གཤེར་ཁུ་དེ་འདྲའི་མང་བོ་མེད། དེ་ཡང་དྲག་ནད་རང་བཞིན་ནས་རྒྱུན་རིང་རང་བཞིན་དུ་བརྒལ་བ་ན། གཅིན་ལམ་ལ་ན་ཟུག་ལངས་པ་དང་གཅིན་གཏོང་དུས་ཚོར་བ་མི་བདེ་བ་འབྱུང་བ་ཡིན་ཞིང་། གཅིན་ལམ་གྱི་ཟགས་ཐོན་གཤེར་ཁུ་ཇེ་ཉུང་དུ་འགྲོ་བ་དང་གཤེར་ཁུ་དྭངས་མོའི་རིགས་འཛག་པ་ཡིན། གཞན་དྲག་ནད་རང་བཞིན་གྱི་སྐབས་སུ་མདོ་རུས་དང་མཚན་དབྲག་གི་སར་ན་ཟུག་དྲག་པོ་ལངས་པ་དང། གཅིན་ལམ་དམར་པོར་འགྱུར་བ་ཡིན་ལ། ཟགས་ཐོན་གཤེར་ཁུ་ཀྱང་མང་དུ་འཛག་པ་ཡིན།
སྐྱེས་པའི་འདུས་ནད་ལ་རླིག་རིལ་ཟུར་མའི་གཉན་ཚད་དང་མདུན་ཆགས་རྨེན་བུའི་གཉན་ཚད། བསམ་བསེའུ་གཉན་ཚད་སོགས་ཡོད། ཡང་སྐྱེས་མའི་འདུས་ནད་ལ་བུ་སྣོད་ཀྱི་ནང་སྐྱིའི་གཉན་ཚད་དང་ཁམས་དམར་འདྲེན་སྦུག་གི་གཉན་ཚད། མཚང་ཁོག་གཉན་ཚད། གསུས་པའི་ནང་སྐྱིའི་གཉན་ཚད་སོགས་ཡོད།
གཅིན་ལམ་རེད་པས་ཐད་ཀར་ལྒང་བ་དང་མདུན་ཆགས་རྨེན་བུར་ཁྱབ་ནས། ལྒང་བའི་གཉན་ཚད་དང་མདུན་ཆགས་རྨེན་བུའི་གཉན་ཚད་བསྐྱེད་པ་ཡིན། གལ་ཏེ་གཅིན་ལམ་གཉན་ཚད་ལ་སྨན་བཅོས་ལེགས་པོ་མ་བྱས་ཚེ། གཅིན་ལམ་རྣག་སྐྲངས་སུ་འགྱུར་སླ་བ་ཡིན་ལ། རྣག་སྐྲངས་གིས་ཕོ་མཚན་གྱི་སྐྱི་པགས་ཐེད་ནས་གཅིན་ལམ་རྣག་པར་འགྱུར་བར་སྲིད།
(1)མིག་སྔར་གཅིན་ལམ་གཉན་ཚད་སྨན་བཅོས་ཀྱི་སྨན་རྫས་རིགས་ཧ་ཅང་མང་བ་དང་། ནད་ཀྱི་འབྱུང་རྩའི་རིགས་ལ་གཞིགས་ཏེ་སྨན་འཕྲོད་མིན་ལ་བལྟས་ནས་སྨན་བཅོས་བྱ་དགོས།
(2)དྲག་ནད་རང་བཞིན་གྱི་སྐབས་སུ་ཆུ་མང་དུ་འཐུངས་ནས་གཅིན་གྱི་ཚད་ཇེ་མང་དུ་བཏང་བ་ཡིས། གཅིན་ལམ་གཙང་མར་བཀྲུ་བར་ཕན་ཐོགས་ཆེན་པོ་ཡོད། ཡང་གཅིན་གཏོང་གྲངས་མང་བ་དང་གཅིན་འཆོར་ལ་ཁད་བྱ་བ། གཅིན་གཏོང་དུས་ན་ཟུག་ལངས་པ་སོགས་ཡིན་ན། དེ་དང་འབྲེལ་ཡོད་ཀྱི་སྨན་བཏུང་དགོས་པ་དང་། དེ་ཡིས་གཅིན་ལམ་གཉན་ཚད་ཀྱི་ནད་རྐྱེན་མེད་པར་བཟོ་བ་ཡིན། གཞན་ཕོ་མོའི་ལུས་འབྲེལ་ལས་གཅིན་ལམ་གཉན་ཚད་བྱུང་བ་ཡིན་ན། ཁྱོ་ཤུག་གཉི་གས་མཉམ་དུ་སྨན་བཅོས་བྱས་ན་ལེགས་པ་ལས། མི་གཅིག་གི་སྨན་བཅོས་ལ་བརྟེན་ནས་ནད་སོས་པར་དཀའ།