དབྱིན་ཡུང་།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2020-02-17 16:16ལ་འགྲུབ།

དབྱིན་ཡུང་།

དབྱིན་ཡུང་།
ཁོང་ནི་སྤྱི་ལོ1957ལོར་ཀྲེ་ཅང་ཞེན་ཅེའུ་ནས་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཧྲང་ཧའེ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་གསེང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་མྱོང་ཞིང་། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
应勇
མི་རིགས།
རྒྱ་རིགས།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1957ལོའི་ཟླ11པར།
མཐར་ཕྱིན་སློབ་གྲྭ།
ཀྲེ་ཅང་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1957ལོར་ཀྲེ་ཅང་ཞེན་ཅེའུ་ནས་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། སྤྱི་ལོ1976ལོའི་ཟླ12པར་བྱ་བར་ཞུགས། ལས་ཐོག་སློབ་ཆེན་དང་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ།  ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1976ལོའི་ཟླ12པ་ནས་སྤྱི་ལོ1977ལོའི་ཟླ4བའི་བར། ཀྲེ་ཅང་ཞིང་ཆེན་ཧོང་ཡན་རྫོང་ཏིན་ཅིང་བཟོ་ཚོང་སྲིད་འཛིན་དོ་དམ་གྱི་ལས་ཚན་པའི་འགན་བཞེས།

སྤྱི་ལོ1977ལོའི་ཟླ4བ་ནས་སྤྱི་ལོ1982ལོའི་ཟླ5བའི་བར། ཧོང་ཡན་རྫོང་ཏིན་ཅིང་མངག་གཏོང་ཁང་གི་ལས་ཚན་པ། སུའོ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1982ལོའི་ཟླ5བ་ནས་སྤྱི་ལོ1983ལོའི་ཟླ6པའི་བར།  ཧོང་ཡན་རྫོང་མཁར་ཞོལ་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་དང་གྲོང་རྡལ་མངག་གཏོང་ཁང་གི་སུའོ་ཀྲང་གི་འགན་བཞེས།

སྤྱི་ལོ1983ལོའི་ཟླ6པ་ནས་སྤྱི་ལོ1983ལོའི་ཟླ11པའི་བར་དུ། ཧོང་ཡན་རྫོང་མཁར་གྱི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་གི་འགན་བཞེས།

སྤྱི་ལོ1983ལོའི་ཟླ11པ་ནས་སྤྱི་ལོ1984ལོའི་ཟླ9པའི་བར། ཐའེ་ཀྲིག་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་སྤྱི་བདེ་ཁྲུའུ་ཁྲུའུ་ཀྲང་གཞོན་པ། ཏང་ཙུའུ (ཨུད) ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1984ལོའི་ཟླ9བ་ནས་སྤྱི་ལོ1986ལོའི་ཟླ7པའི་བར། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་བཅའ་ཁྲིམས་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1992ལོའི་ཟླ1པོའི་བར། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲིག་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་སྤྱི་བདེ་ཁྲུའུ་ཁྲུའུ་ཀྲང་། ཏང་ཙུའུ (ཨུད) ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1992ལོའི་ཟླ1པོ་ནས་སྤྱི་ལོ1992ལོའི་ཟླ3པའི་བར། ཐའེ་ཀྲིག་ས་ཨུད་ཀྱི་ཨུ་ཡོན་དང་། སྲིད་འཛིན་ཀུང་ཧྲུའུ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོའི་ཟླ3པ་ནས་སྤྱི་ལོ1992ལོའི་ཟླ8པའི་བར། ཐའེ་ཀྲིག་ས་ཨུད་ཀྱི་ཨུ་ཡོན་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྲིད་འཛིན་ཀུང་ཧྲུའུ་སྤྱི་བདེ་ཁྲུའུ་ཏང་ཨུའི་ཧྲུའུ་ཅི་དང་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1992ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ4པའི་བར། ཧྲའོ་ཞིང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ1993ལོའི་ཟླ4བ་ནས་སྤྱི་ལོ་སྤྱི་ལོ1995ལོའི་ཟླ་5བའི་བར། ཧྲའོ་ཞིང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ5བ་ནས་སྤྱི་ལོ1999ལོའི་ཟླ4བའི་བར། ཀྲེ་ཅང་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན། ཞིང་ཆེན་དུག་འགོག་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།  (སྤྱི་ལོ1995ལོའི་ཟླ12བ་ནས་སྤྱི་ལོ1997ལོའི་ཟླ6པའི་བར། ཧང་ཀྲིག་སློབ་ཆེན་ཁྲིམས་རིག་ཆེད་ལས་སློབ་སྦྱོང་བྱས་ནས་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ1997ལོའི་ཟླ4བ་ནས་སྤྱི་ལོ1998ལོའི་ཟླ12བའི་བར། ཀྲེ་ཅང་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་བཅའ་ཁྲིམས་ཆེད་ལས་རང་སྦྱོང་རྒྱུགས་ལེན་སློབ་སྦྱོང་བྱས།)

སྤྱི་ལོ1999ལོའི་ཟླ4བ་ནས་སྤྱི་ལོ2003ལོའི་ཟླ7པའི་བར་དུ། ཀྲེ་ཅང་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གཞོན་པའི་འགན་བཞེས། (ཐིང་རིམ་པ) ཞིང་ཆེན་དུག་འགོག་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཞིང་ཆེན་འཇིགས་རྒོལ་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། (སྤྱི་ལོ1997ལོའི་ཟླ9བ་ནས་སྤྱི་ལོ2000ལོའི་ཟླ7པའི་བར། ཀྲེ་ཅང་སློབ་གྲྭ་ཆེན་མོ་སྲིད་འཛིན་དོ་དམ་ཆེད་ལས་སྦྲག་ཁྲིད་དངོས་གཞིའི་ཚན་ཁག་ནས་སློབ་སྦྱོང་བྱས།)

སྤྱི་ལོ2003ལོའི་ཟླ7པ་ནས་སྤྱི་ལོ2003ལོའི་ཟླ9བའི་བར། ཀྲེ་ཅང་ཞིང་ཆེན་སྒྲིག་ཨུད་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ9བ་ནས་སྤྱི་ལོ2005ལོའི་ཟླ12བའི་བར། ཀྲེ་ཅང་ཞིང་ཆེན་སྒྲིག་ཨུད་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ལྟ་ཞིབ་ཐིན་གྱི་ཐིན་ཀྲང་གི་འགན་བཞེས། (སྤྱི་ལོ2003ལོའི་ཟླ10བའི་བར་ཀྲུང་གོ་ཏང་གི་སློབ་གྲྭའི་གསར་དུ་བསྐོས་པའི་སྒྲིག་བཤེར་ལྟ་ཞིབ་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2005ལོའི་ཟླ12བ་ནས་སྤྱི་ལོ2006ལོའི་ཟླ1པོའི་བར། ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཡོན་ཀྲང་ཚབ་མ། ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  ཞིང་ཆེན་ལྟ་ཞིབ་ཐིན་གྱི་ཐིན་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ1པོ་ནས་སྤྱི་ལོ2006ལོའི་ཟླ11པའི་བར། ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2007ལོའི་ཟླ་12བའི་བར། ཀྲེ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ12བ་ནས་སྤྱི་ལོ2008ལོའི་ཟླ1པོའི་བར། ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ1པོ་ནས་སྤྱི་ལོ2013ལོའི་ཟླ4བའི་བར། ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས། (སྤྱི་ལོ2010ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ་1པོའི་བར། ཀྲུང་གོ་ཏང་གི་སློབ་གྲྭའི་ཞིང་ཆེན་རིམ་པའི་ལས་བྱེད་པའི་ཐེངས48པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ2013ལོའི་ཟླ4བ་ནས་སྤྱི་ལོ2014ལོའི་ཟླ6པའི་བར། ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2014ལོའི་ཟླ6པ་ནས་སྤྱི་ལོ2016ལོའི་ཟླ9བའི་བར།  ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ9བ་ནསསྤྱི་ལོ་སྤྱི་ལོ2017ལོའི་ཟླ1པོའི་བར། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང། ཧྲི་ཀྲང་། ཧྲང་ཧའེ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་གསེང་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན། ཀྲུང་གོའི་ཕུའུ་ཏུང་ལས་བྱེད་སློབ་གླིང་ཡོན་ཀྲང་གཞོན་པ་དང་པོ་བཅས་ཀྱི་འགན་བཞེས།

སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་བཅས་ཡིན་པ་དང་། སྤྱི་ལོ2020ལོའི་ཟླ2པར་ཧུའུ་པེ་ཞིང་ཆེན་གྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 


དཔྱད་གཞིའི་ཡིག་ཆ།