ལིའང་ཞི་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:22ལ་འགྲུབ།

ལིའང་ཞི་ཆུས།

ལིའང་ཞི་ཆུས།
ལིའང་ཞི་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཝུའུ་ཞི་གྲོང་ཁྱེར་ལྟེ་བར་གནས་ཡོད། སྤྱི་ལོ2015ལོའི་ཟླ10པར་ཁྲུང་ཨན་ཆུས་དང་། ནན་ཁྲང་ཆུས། པེ་ཐང་ཆུས་བཅས་མེད་པ་བཟོས་ནས་ཝུའུ་ཞི་གྲོང་ཁྱེར་དུ་ལིའང་ཞི་ཆུས་བཙུགས་པ་རེད། ལིའང་ཞི་ཆུས་ནི་ཝུའུ་ཞི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ལ། དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ71.5ཙམ་ཡོད་པ་དང་། དེའི་ཁོངས་གཏོགས་སུ་ཁྲོམ་སྲང་བཅུ་དྲུག་དང་སྡེ་ཁུལ་བརྒྱ་དང་ང་བཞི་ཡོད། ད་ཆ་རྒྱུན་སྡོད་མི་གྲངས་ཁྲི95ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལིའང་ཞི་ཆུས།
རྒྱ་ཡིག་གི་མིང་།
梁溪区
ཕྱི་ཡིག་གི་མིང་།
Liangxi District
སྲིད་འཛིན་ཁོངས་གཏོགས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་དོན་གཅོད་ཁྲུའུ་བཅུ་དྲུག
སྲིད་གཞུང་སྡོད་གནས།
ཁྲུང་ཨན་དགོན་ཁྲོམ་སྲང་བཅིངས་འགྲོལ་ལམ་ཨང་རྟགས688པ།
ས་ཁོངས་ཁ་པར་ཨང་རྟགས།
0510
སྦྲག་སྲིད་ཨང་རྟགས།
214000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ71.5
མི་གྲངས།
ཁྲི101.47
ཡུལ་སྐད།
ཝུའུ་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏B
མེ་འཁོར་འབབ་ཚུགས།
ཝུའུ་ཞི་མེ་འཁོར་འབབ་ཚུགས།
གནམ་གྲུའི་ཐང་།
སུའུ་ནན་ཧྲུའོ་ཧྥང་གནམ་གྲུའི་ཐང་།
1 ངོ་སྤྲོད་རགས་བསྡུས།

ལིའང་ཞི་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཝུའུ་ཞི་གྲོང་ཁྱེར་ལྟེ་བར་གནས་ཡོད། སྤྱི་ལོ2015ལོའི་ཟླ10པར་ཁྲུང་ཨན་ཆུས་དང་། ནན་ཁྲང་ཆུས། པེ་ཐང་ཆུས་བཅས་མེད་པ་བཟོས་ནས་ཝུའུ་ཞི་གྲོང་ཁྱེར་དུ་ལིའང་ཞི་ཆུས་བཙུགས་པ་རེད། ལིའང་ཞི་ཆུས་ནི་ཝུའུ་ཞི་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ལ།  དེའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ71.5ཙམ་ཡོད་པ་དང་། དེའི་ཁོངས་གཏོགས་སུ་ཁྲོམ་སྲང་བཅུ་དྲུག་དང་སྡེ་ཁུལ་བརྒྱ་དང་ང་བཞི་ཡོད། ད་ཆ་རྒྱུན་སྡོད་མི་གྲངས་ཁྲི95ཡོད།

ལིའང་ཞི་ཆུས་སུ་གྲོང་ཁྱེར་ཡོངས་ཀྱི་ཚོང་དོན་ལྟེ་གནས་ཆེས་ཆེ་ཤོས་དང་། འགྲུལ་སྐྱེལ་ལྟེ་གནས་ཆེས་ཆེ་ཤོས། ས་འོག་ལྕགས་ལམ་ལྟེ་གནས་ཆེས་ཆེ་ཤོས། གནམ་ཐང་དང་མྱུར་བགྲོད་མེ་འཁོར་བབས་ཚུགས་བཅས་ཀྱི་མྱུར་བགྲོད་བགྲོད་ལམ་སོགས་འདུས་ཡོད།

གྲོང་ཁྱེར་གྱི་ལྟེ་བའི་ས་ཁོངས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡོད་པས། སྤྱི་ལོ2015ལོར་ས་ཁུལ་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་པའི་སྒོར་དུང་ཕྱུར1009.94ལས་བརྒལ་ཏེ་གྲོང་ཁྱེར་ཡོངས་ཀྱི་ས་ཆའི1.5%རྒྱ་ཁྱོན་ལ་བརྟེན་ནསGDPཡི་སྤྱིའི་གྲངས་ཀྱི11.8%བཟུང་ཡོད་པ་རེད།

སྤྱི་ལོ2016ལོའི་ཟླ11པར་ཝུའུ་ཞི་གྲོང་ཁྱེར་ལིའང་ཞི་ཆུས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་གཉིས་པའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་པ་རེད།

2018ལོའི་ཟླ་9པར《2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་འཕེལ་རྒྱས་ཀྱི་རྒྱབ་ཤ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ནས་2018ལོའི་ཀྲུང་གོའི་སྟོབས་ཆེའི་ཁུལ་བརྒྱའི་ནང་བདམས་ཐོན་བྱུང་བ་རེད།

སྤྱི་ལོ2015ལོའི་ཟླ11པའི་ཚེས30ཉིན་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཝུའུ་ཞི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(སུའུ་ཀྲེང་སྤེལ[2015]ཡིག་ཨང161པ།) མཉམ་འབྲེལ་བྱས་རྗེས། ལིའང་ཞི་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ71.5ཡོད་པ་དང་། མི་གྲངས་ཁྲི101.47ཙམ་ཡོད།

ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་མ་བྱས་གོང་དུ། ཁྲུང་ཨན་ཆུས་ཁོངས་སུ་ཁྲུང་ཨན་དགོན་ཁྲོམ་སྲང་། ཐུང་ཅང་ཁྲོམ་སྲང་། ཧྲང་མ་ཏུན་ཁྲོམ་སྲང་། ཀོང་རུའེ་ལམ་ཁྲོམ་སྲང་། ཅང་ཧའེ་ཁྲོམ་སྲང་། ཀོང་དབྱི་ཁྲོམ་སྲང་བཅས་ཡོད། ནན་ཁྲང་ཆུས་ཀྱི་ཁོངས་སུ་ནན་ཅན་དགོན་ཁྲོམ་སྲང་། ཡུན་ལུང་ཟམ་པའི་ཁྲོམ་སྲང་། ཆིང་མིང་ཟམ་པའི་ཁྲོམ་སྲང་། ཅིན་ཤིང་ཁྲོམ་སྲང་། ཅིན་མིང་ཁྲོམ་སྲང་། དབྱང་མིང་ཁྲོམ་སྲང་བཅས་ཡོད་པ་དང་། པེ་ཐང་ཆུས་ཁོངས་ཧོང་ཀང་གཞུང་ཁྲོམ་སྲང་། ཧྲན་པེ་ཁྲོམ་སྲང་། ཁྲོམ་སྲང་བྱང་མའི་ཁྲོམ་སྲང་། ཧུའེ་ཧྲན་ཁྲོམ་སྲང་བཅས་ཡོད།

2 ས་བབ་གནས་ཚུལ།

ལིའང་ཞི་ནི་ཝུའུ་ཞི་མཁར་གྱི་ལིའང་ཞི་ནུབ་མ་རུ་གནས་པས་མིང་ཡང་དེ་ལྟར་དུ་ཐོགས། ལིའང་ཞི་ཆུས་ནི་ཝུའུ་རིག་གནས་ཀྱི་ཁོངས་སུ་གཏོགས་པ་དང་། ཤར་དུ་ཞི་ཧྲན་ཆུས་དང་འབྲེལ་ཞིང་ལྷོ་རུ་པིན་ཧུའུ་ཆུས་ལ་འབྲེལ་ཡོད། ནུབ་དང་བྱང་གཉིས་ཧུའེ་ཧྲན་ཆུས་དང་འབྲེལ་ཡོད། དེ་ནི་ཝུའུ་ཞི་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན།

ལིའང་ཞི་ཆུས་ཀྱི་མངའ་ཁོངས་སུ་བདེ་ཐང་གཙོ་བོ་ཡིན་པ་དང་། ས་བབ་དམའ་ཞིང་། རི་དམའ་བ་ཐར་ཐོར་དང་རི་མ་ཐང་གིས་ཁྱབ་ཡོད།

3 ནམ་ཟླའི་ཆ་རྐྱེན།

ལིའང་ཞི་ཆུས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཁུལ་དུ་གཏོགས་པ་དང་། དུས་རླུང་གི་འཁོར་རྒྱུན་གྱིས་ཤུགས་རྐྱེན་ཐེབས་ནས་གྲུབ་པའི་གནམ་གཤིས་ཀྱི་ཁྱད་ཆོས་ནི་དུས་བཞིའི་དབྱེ་བ་གསལ་བ་དང་། གནམ་གཤིས་འཇམ་པ། ཆར་ཆུ་རྒྱས་པ། ཉི་འོད་ཕོག་ཚད་འདང་བ། སད་མེད་པའི་དུས་ཡུན་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཟླ་དང་པོའི་ཆ་སྙོམས་དྲོད་ཚད2.8℃ཡས་མས་ཡིན་པ་དང་། ཟླ7པའི་ཆ་སྙོམས་དྲོད་ཚད28℃ཡས་མས་ཡིན། ལོ་ཧྲིལ་པོར་སད་མེད་དུས་ནི་ཉིན220ཡས་མས་ཡིན། ས་ཁུལ་དེའི་ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཀྱིས་ཧའོ་སྨི1048བཟུང་ཡོད། ཆར་དུས་ཅུང་རིང་བས་གཙོ་བོ་དབྱར་དུས་སུ་གཅིག་སྡུད་བྱས་ཡོད། ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་དེ་རླངས་པར་འགྱུར་ཚད་ལས་ཆེ་བ་དང་བརླན་གཤེར་ཆེ་བའི་ས་ཁུལ་དུ་གཏོགས།

4 མི་གྲངས་མི་རིགས།

སྤྱི་ལོ2010ལོར་རྒྱལ་ཡོངས་ཀྱི་མི་གྲངས་སྤྱིའི་བསྡོམས་བཤེར་ཐེངས་དྲུག་པའི་ནང་ཁྲུང་ཨན་ཆུས་སུ་རྒྱུན་སྡོད་མི་གྲངས228854དང་། ནན་ཁྲང་ཆུས་སུ་རྒྱུན་སྡོད་མི་གྲངས378490། པེ་ཐང་ཆུས་སུ་རྒྱུན་སྡོད་མི་གྲངས336844བཅས་ཡོད།

སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར། ལིའང་ཞི་ཆུས་ཀྱི་ཁོངས་སུ་རྒྱ་རིགས་དང་སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། པའེ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཧ་སག་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།