རླུང་ཞུ་སྤྱིན།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-02-12 09:56ལ་འགྲུབ།

རླུང་ཞུ་སྤྱིན།

རླུང་ཞུ་སྤྱིན།
རླུང་ཞུ་སྤྱིན་ནི་སྲ་གཟུགས་སམ་གཤེར་གཟུགས་ཕྲ་མོ་རླུང་གཟུགས་བར་རྫས་ནང་ཁྱབ་ནས་གྲུབ་པའི་སྤྱིན་གཟུགས་ཁ་ཐོར་མ་ལག་ཅིག་ཡིན་ལ། རླུང་གཟུགས་ཁ་ཐོར་མ་ལག་ཅེས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
气溶胶
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ངོ་སྤྲོད།

གསེག་སྟེ་འཕྲོས་པའི་ཉི་ཐིག་ནང་དུ་ང་ཚོས་དཔྱང་གཡེང་བྱས་པའི་.jpgརིལ་ཕྲན་དང་སྤུ་ཕྲ་མོ་མཐོང་ཐུབ།  མཁའ་རླུང་དང་མཁའ་རླུང་ནང་དུ་དཔྱང་གཡེང་བྱས་ཡོད་པའི་ཐལ་རྡུལ་ལྷད་རྫས་འདི་དག་ལས་གྲུབ་པའི་དངོས་པོ་ལ་རླུང་ཞུ་སྤྱིན་ཟེར། 

རླུང་ཞུ་སྤྱིན་ནི་སྲ་གཟུགས་སམ་གཤེར་གཟུགས་ཕྲ་མོ་རླུང་གཟུགས་བར་རྫས་ནང་ཁྱབ་ནས་གྲུབ་པའི་སྤྱིན་གཟུགས་ཁ་ཐོར་མ་ལག་ཅིག་ཡིན་ལ།  རླུང་གཟུགས་ཁ་ཐོར་མ་ལག་ཅེས་ཀྱང་ཟེར།  དེའི་ཐོར་བའི་རྣམ་པ་ནི་སྲ་གཟུགས་སམ་གཤེར་གཟུགས་རྒྱུ་ཆུང་ཆུང་དང་།   ཐོར་བའི་བར་རྫས་ནི་རླུང་གཟུགས་ཡིན།  བར་སྣང་གི་སྤྲིན་དང་།  སྨུག་པ།   རྡུལ་བཅས་དང་།   བཟོ་ལས་དང་སྐྱེལ་འདྲེན་ལས་རིགས་སུ་བཀོལ་བའི་ཁྲོ་ཐབ་དང་སྒུལ་བྱེད་འཕྲུལ་འཁོར་སྣ་ཚོགས་ནང་གི་འབར་མ་ཚར་བའི་འབར་རྒྱུ་ལས་གྲུབ་པའི་དུ་བ།   གཏེར་བརྐོ་བ་དང་།   རྡོ་བརྐོ་ར་བར་རྡོ་བདར་བ།   འབྲུ་རིགས་འཐག་སྐབས་བྱུང་བའི་སྲ་གཟུགས་ཕྱེ་རྡུལ།  རྩོལ་བྱུང་དུ་འགོག་ཡོལ་བ་དང་།   དུག་དུ་སོགས་ཚང་མ་རླུང་ཞུ་སྤྱིན་གྱི་དཔེ་མཚོན་ངོ་མ་ཡིན། 

2 སྤྱོད་རྒྱ།

རླུང་ཞུ་སྤྱིན་ནི་བཟོ་ལས་དང་།  ཞིང་ལས།  རྒྱལ་སྲུང་།   ཕྱོགས་གཞན་དག་བཅས་སུ་ཁྱབ་གདལ་དུ་བཀོལ་བཞིན་ཡོད།  བཟོ་ལས་ཐད་དུ་སྨན་རྫས་བཟོ་ལས་དང་འདག་ཕྱེ་བཟོ་བ་སོགས་ཁྱབ་གདལ་དུ་བཀོལ་བ་དང་།  ཞིང་ལས་ཐད་དུ།  ཞིང་སྨན་འཕྱོ་གཏོར་བྱས་ན་སྨན་ནུས་ཇེ་མཐོར་གཏོང་ཐུབ་ལ།  སྨན་གྲོན་ཆུང་བྱེད་ཐུབ།   རླུང་ཞུ་སྤྱིན་སྤྱད་ནས་རྩོལ་བྱུང་གི་ཆར་ཕབ་ན།  ཐན་སྐྱོན་ཇེ་ཉུང་དུ་གཏོང་ཐུབ།  རྒྱལ་སྲུང་ཐད་དུ་བརྡ་སྟོན་མདེའུ་དང་སྒྲིབ་ཡིབ་དུ་བ་བཟོ་བར་སྤྱོད།  རླུང་ཞུ་སྤྱིན་གྱི་རིལ་རྡུལ་གྱིས་ཆར་བ་དང་ཁ་བ་ཆགས་པའི་གོ་རིམ་ཁྲོད་དུ་འབྱར་ལྟེའི་ནུས་པ་འདོན་བཞིན་ཡོད།  དེས་ད་དུང་སྨུག་ཕྱིའི་འོད་ཐིག་ཁག་ཅིག་བཀག་ནས་མི་དང་སྲོག་ཆགས་ལ་གནོད་ཚད་ཇེ་ཆུང་དུ་གཏོང་ཐུབ། 

བཟོ་ལས་གྲོང་ཁྱེར་གྱི་བར་སྣང་གི་དུ་སྨུག་དང་།  བཟོ་གྲྭ་དང་གཏེར་ཁྲོན་གྱི་དུ་རྡུལ་ནི་མིའི་བདེ་ཐང་ལ་གནོད་སྐྱོན་ཧ་ཅང་ཆེ་ལ(དཔེར་ན་སེལ་གློ་ལྟ་བུ། )  ད་དུང་རང་བྱུང་ཁམས་བརླག་པའི་སྐྱུར་ཆར་དང་འགད་སླ་བའི་ཕྱེ་རྡུལ་ཡང་རླུང་ཞུ་སྤྱིན་ལ་འབྲེལ་བ་ཡོད།     

3 གནོད་པ།

2020ལོའི་ཟླ་2ཚེས་8ཉིན་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་འཕྲོད་བསྟེན་རིམས་འགོག་ཆེད་མཁས་ཀྱིས་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་མཆེད་པའི་ཐབས་ལམ་གཙོ་བོ་ནི་ཐད་ཀར་འགོ་བ་དང་། རླུང་ཞུ་སྤྱིན་བརྒྱུད་ནས་འགོ་བ། འབྲེལ་གཏུག་བརྒྱུད་ནས་འགོ་ངེས་ཞེས་བསྟན་པ་རེད། རླུང་ཞུ་སྤྱིན་གྱི་འགོས་མཆེད་ཅེས་པ་ནི་མཆིལ་ཟེགས་མཁའ་རླུང་ནང་དུ་ཐོར་རྗེས་རླུང་ཞུ་སྤྱིན་གྲུབ་པ་དང་། མིའི་འབྱིན་རྔུབ་བརྒྱུད་ནས་འགོས་པ་ལ་ཟེར། 
    ཡིན་ནའང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》ཡི་ནང་ནད་དུག་མཆེད་པའི་ཐབས་ལམ་ལ་འདི་ལྟར་བརྗོད་པ་སྟེ། “རླུང་ཞུ་སྤྱིན་དང་འཇུ་ལམ་སོགས་ནས་འགོ་ཐུབ་པར་ད་དུང་གསལ་ཆ་ཐོན་མི་འདུག” ཅེས་ཞིབ་བརྗོད་བྱས་འདུག
    གཞན་ཡང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག2020ལོའི་ཟླ2པའི་ཚེས8ཉིན་རིམས་ནད་ཀྱི་དྲི་བ་བཏོན་པར་གཞིགས་ན། ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་འགོས་ནད་ཁྲུའུ་ཡི་ཞིབ་འཇུག་པ་ཧྥེང་ལུའུ་ཀྲའོ་ཡིས་མིག་སྔར་ཏོག་དབྱིབས་ནད་དུག་གསར་པ་རླུང་ཞུ་སྤྱིན་བརྒྱུད་ནས་འགོ་བའི་དཔང་རྟགས་མི་འདུག་ཅེས་བཤད་པ་རེད། གློ་ཚད་གསར་པ་དེ་མིག་སྔར་གཙོ་བོ་མཆིལ་ཟེགས་དང་འབྲེལ་འདྲིས་བརྒྱུད་ནས་འགོས་མཆེད་འབྱུང་བ་དང་། དམིགས་བསལ་གྱི་ཆ་རྐྱེན་འོག་ད་གཟོད་རླུང་ཞུ་སྤྱིན་བརྒྱུད་ནས་འགོ་སྲིད། དཔེར་ན་ནད་ཐོག་ཆེད་ལས་སྨན་བཅོས་བྱེད་པ་ལྟ་བུ། རྒྱུན་ལྡན་གྱི་ནད་ཐོག་བདག་སྐྱོང་དང་། སྤྱིར་བཏང་གི་ལས་ཀའམ་ཡང་ན་འཚོ་བའི་ཆ་རྐྱེན་འོག ཁ་ཐུམ་ཡང་དག་པར་བརྒྱབ་ན་མཆིལ་ཟེགས་ལས་འགོས་མཆེད་འབྱུང་མི་ཐུབ།

4 འགོག་ཐབས།

རྒྱུན་ལྡན་གྱི་གནས་ཚུལ་འོག་རླུང་ཞུ་སྤྱིན་བརྒྱུད་ནས་ནད་ཡམས་འགོ་མི་སྲིད་མོད། འོན་ཀྱང་རླུང་དབུགས་མི་རྒྱུག་པའི་གནས་ཁ་ཤས་ལ་ལྷག་པར་དུ་དོ་སྣང་བྱ་དགོས། དཔེར་ན་མི་ཚོགས་མང་པོ་འདུས་པའི་གནས་དང་མཁའ་དབུགས་འཁོར་རྒྱུག་རང་བཞིན་ཞན་པའི་གནས་ཏེ་གློག་བརྙན་ཁང་དང་གློག་སྐས་སོགས་སུ་མི་འགྲོ་བ་དང་། ཁ་ཐུམ་ཡང་དག་པར་བརྒྱབ་ན་རླུང་ཞུ་སྤྱིན་ལས་འགོ་མི་ཐུབ།