ཐུང་ཞུས་རྫོང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-02-11 15:33ལ་འགྲུབ།

ཐུང་ཞུས་རྫོང་།

ཐུང་ཞུས་རྫོང་།
ཐུང་ཞུས་རྫོང་ནི་ཧོ་ནན་ཞིང་ཆེན་དབུས་ཤར་རྒྱུད་དང་རྨ་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ཧོ་ནན་ཤར་རྒྱུད་བདེ་ཐང་གི་ཁོངས་སུ་གཏོགས། ས་བབ་ནི་ནུབ་མཐོ་ལ་ཤར་དམའ་བ། བྱང་མཐོ་ལ་ལྷོ་དམའ་བ། ནུབ་བྱང་ནས་ཤར་ལྷོར་གསེག་ཡོད། ནུབ་ཏུ་སུང་ཧྲན་ཧྲའོ་ལིན་དགོན་དང་། ཤར་དུ་ཧོ་ནན་ཤར་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཧྲང་ཆིའུ། ལྷོ་རུ་ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་ཀྲོའུ་ཁོའུ་དང་ནུབ་བྱང་ནས་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་བར་དུ་སྤྱི་ལེ80བཅས་ཡོད། ཐུང་ཞུས་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ6དང་ཤང6ཡོད་ལ། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ30.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ34.8ཟིན་པ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ766.22ཡོད་པ་བཅས་རེད། རྨ་ཆུའི་ལྷོ་ཕྱོགས་སུ་ཧོང་ཧོའེ་བདེ་ཐང་གི་ཆ་ཤས་ཤིག་ཡོད། ཆུས་ཡོངས་ཀྱི་ས་གཤིན་ལ་རྒྱ་ཁྱོན་མུའུ963742ཡོད་པའི་ནང་ས་འདྲེས་གཉིས་དང་། བྱེ་ས། འདམ་ས་བཅས་ཀྱི་རྒྱ་ཁྱོན་ཆེ་ལ་ས་རྒྱུའི་རྒྱ་ཁྱོན་གྱིས99.45%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
通许县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས་དང་ཧོ་ནན་ཞིང་ཆེན་གཉིས།
མངའ་ཁོངས།
ཁྲེང་ཀོན་གྲོང་རྡལ་དང་། ཙུང་ཀང་གྲོང་རྡལ། ལི་ཀྲོང་ཤང་སོགས་གྲོང་རྡལ6དང་ཤང6ཡོད།
སྲིད་གཞུང་གི་ས་གནས།
རྫོང་གྲོང་གི་སྲིད་འཛིན་ལམ་ཨང22པ།
ས་ཁོངས་ཁ་པར་ཨང་རྟགས།
03712
སྦྲག་སྲིད་ཨང་རྟགས།
475400
ས་གནས།
རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ཧོ་ནན་ཤར་རྒྱུད་ཀྱི་བདེ་ཐང་། ཁའེ་ཧྥེང་ལྷོ་རྒྱུད་བཅས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ766.22ཡོད།
མི་གྲངས།
མི་ཁྲི69.14ཡོད།(2016ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི3.75ཡོད།(2018ལོར)
GDP
སྒོར་དུང་ཕྱུར259ཡོད།(2018ལོར)
ནོར་སྲིད་ཡོང་སྒོ།
སྒོར་དུང་ཕྱུར7.73ཡོད།(2016ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་ནི་ཞུས་རྒྱལ་ཁབ་ཀྱི་ས་ཞིང་ཡིན་ལ། སུང་རྒྱལ་རབས་བྱང་མའི་ཅན་ལུང་ཁྲི་ལོ་དང་པོར(སྤྱི་ལོ960ལོར)ཐུང་ཞུས་གྲོང་རྡལ་དུ་བཙུགས་པ་དང་། ཧྥུ་ཀོའུ་རྫོང་གི་ཁོངས་སུ་གཏོགས། མིང་གཞན་ལ་ཐུང་ཞུས་ཟེར། ཞན་ཕིན་ལོ་ལྔ་པ(སྤྱི་ལོ1002ལོར)ཞན་ཕིང་རྫོང་བཙུགས།

ཅིན་ཏ་ཏིན་ཁྲི་ལོ་ཉེར་དགུར(སྤྱི་ལོ1189ལོར)དེའི་མིང་ནི་ཞན་ཀྲོའུ་ལམ་གྱི་ཞན་ཕིན་ཧྥུ་དང་མིང་གཅིག་པ་ཡིན། མིང་ལ་ཐུང་ཞུས་རྫོང་ཞེས་བཏགས། ཡོན་ནི་ཧོ་ནན་འབྲི་ཆུའི་བྱང་རྒྱུད་ཀྱི་ཀྲུང་ཧྲུའུ་ཞིང་ཆེན་གྱི་པན་ལིའང་ལམ་གྱི་སྤྱི་ཁྱབ་དོ་དམ་ཁང་གི་ཁོངས་སུ་གཏོགས། མིང་ཆིང་ནི་ཧོ་ནན་ཞིང་ཆེན་ཁའེ་ཧྥེང་ཧྥུ་རུ་གཏོགས། ཀྲུང་ཧྭ་མིན་གོའི་དུས་མགོར་ཧོ་ནན་ཤར་རྒྱུད་ལམ་གྱི་ཁོངས་སུ་གཏོགས་པ། རྗེས་སུ་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་པོའི་ཁོངས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཁྲེན་ལིའུ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོར་ཀྲེང་ཀྲོའུ་ཀྲོན་ཆུས་སུ་ཕེབས།

སྤྱི་ལོ1954ལོར་ཁའེ་ཧྥེང་ཆེད་ཆུས་སུ་བསྒྱུར།

སྤྱི་ལོ1958ལོའི་ཟླ9པར་ཐུང་ཞུས་རྫོང་ཝེ་ཧྲི་རྫོང་དང་ཟླ་སྒྲིལ་བཏང་ནས་ཐུང་ཞུས་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ1962ལོའི་ཟླ3པར། ཐུང་ཞུས་རྫོང་འཛུགས་རྒྱུ་སླར་གསོ་བྱས་ཤིང་། སྔར་བཞིན་ཁའེ་ཧྥེང་ཆེད་ཆུས་སུ་གཏོགས།

སྤྱི་ལོ1983ལོར་ཁའེ་ཧྥེང་གྲོང་ཁྱེར་དུ་བགོས་ནས་ད་བར་དུ་འགོར་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཐུང་ཞུས་རྫོང་གི་ཁོངས་སུ་སྤྱི་ལོ2008ལོར་གྲོང་རྡལ6དང་ཤང6ཡོད་པ་སྟེ། དེ་དག་ནི་ཁྲེང་ཀོན་གྲོང་རྡལ་དང་། ཙུང་ཀང་གྲོང་རྡལ། ཡུས་ཧོང་མིའོ་གྲོང་རྡལ། སི་སུའོ་གྲོང་རྡལ། ཀྲུའུ་ཧྲ་གྲོང་རྡལ། ཁྲང་ཀྲི་གྲོང་རྡལ། ཧྥེང་ཀྲོང་ཤང་། སུན་ཡིང་ཤང་། ཏ་ཀང་ལི་ཤང་། དབྱི་ཀོ་ཤང་། གྲོང་ཁྱེར་དང་གྲོང་གསེབ་སྦྱོང་བརྡར། ལི་ཀྲོང་ཤང་བཅས་རེད། སྲིད་འཛིན་གྲོང་ཚོ309དང་། རང་བྱུང་གྲོང་ཚོ611མི་ཁྲི62.46བཅས་ཡོད་པ་རེད། རྒྱ་རིགས་ཀྱིས99.2%ཟིན་པ་དང་ཧུའེ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས0.8%ཟིན་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཐུང་ཞུས་རྫོང་གི་བྱང་ནས་ཀུའུ་ཏུའུ་ཁའེ་ཧྥེང་བར་དུ་སྤྱི་ལེ45ཡོད་པ་དང་། ཧོ་ནན་ཞིང་ཆེན་དབུས་རྒྱུད་ཀྱི་བྱང་ཤར་དུ་གནས་ཡོད། བྱང་གི་འཕྲེད་ཐིག31°15′-34°34′དང་ཤར་གྱི་གཞུང་ཐིག114°18′- 114°38′བར་དུ་གནས་ཡོད། ཤར་དུ་ཆི་རྫོང་དང་ནུབ་ཏུ་ལེན་ཝེ་ཧྲི། ལྷོ་རུ་ཧྥུ་ཀོའུ་དང་ཐའེ་ཁང། བྱང་དུ་ཁའེ་ཧྥེང་རྫོང་བཅས་ལ་འབྲེལ་ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ30.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ34.8ཟིན་པ།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ766.22ཟིན་ཡོད།

3_2 ས་དབྱིབས།

ཐུང་ཞུས་རྫོང་གི་མངའ་ཁོངས་སུ་རྨ་ཆུ་གང་སར་ཁྱབ་པའི་ཤུགས་རྐྱེན་གྱིས་བྷང་ག་ལ་དང་ཐེན་ཅིན་གྱི་ཤར་ངོས་སུ་ཁྱབ་ནས་ཆགས་པའི་ས་རྒྱུ་གཤིན་པོ་ནི་ཧོང་ཧོའེ་ཁྲུང་ཕུང་རླུང་གཡབ་བདེ་ཐང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད། ས་བབ་ནུབ་མཐོ་ལ་ཤར་དམའ་བ། བྱང་མཐོ་ལ་ལྷོ་དམའ་བ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་པ། ས་ངོས་མཐོ་ཚད་སྨི57.6ནས66.5བར་ཡིན་པ་དང་བལྟོས་བཅས་ཀྱི་མཐོ་ཚད་ལ་ཧེ་བག10ཙམ་ཡོད། གཟར་ཚད་ཅུང་ཆུང་ལ། སྤྱིར་བཏང་དུ1/1000ནས1/5000བར་ཡིན།

3_3 ནམ་ཟླའི་གནམ་གཤིས།

ཐུང་ཞུས་ནི་དྲོད་ཁུལ་དང་ཨེ་ཤ་ཡ་ཤར་མའི་དུས་རླུང་ཅན་གྱི་ནམ་ཟླའི་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། གནམ་གཤིས་ཀྱི་ཁྱད་ཆོས་ནི། དུས་བཞི་གསལ་བ་དང་། དཔྱིད་དྲོ་ཞིང་ཐན་པ་ཆེ་བ། དབྱར་དུས་ཀྱི་རླན་གཤེར་དང་ཆར་ཞོད་ཆེ་བ། སྟོན་དུས་ཀྱི་གནམ་གཤིས་དྭངས་ཤིང་ཉི་འོད་རིང་བ། དགུན་དུས་གངས་ཆར་ཉུང་ན་གྲང་རླུང་ལྡང་བ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད14.6℃དང་། ཆེས་ཐལ་དྲགས་པའི་དྲོད་ཚད42℃  ཆེས་དམའ་བའི་དྲོད་ཚད-16.7℃བཅས་ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི657.9ཟིན་ཡོད། གཙོ་ཁྲིད་ཀྱི་རླུང་ཕྱོགས་ནི་ལྷོ་རླུང་དང་བྱང་ཤར་རླུང་ཡིན་ཞིང་། རླུང་གི་མགྱོགས་ཚད་ཆེ་ཤོས་ནི་སྐར་ཆ་རེ་ལ་སྨི36 ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཆུ་ལམ་ནི་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་འཁྱིལ་ཆུའི་རྒྱུད་ཡིན་པ་དང་། ཆུ་བོ་གཙོ་བོ་ནི་འཁྱིལ་ཆུ་ཡིན། རྫོང་ཁོངས་ཀྱི་བཞུར་ཚད་ལ་སྤྱི་ལེ52ཡིན་པ། དེའི་ཆུ་ལག་དང་པོ་དང་གཉིས་པ་ནི་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཏུ་ཁྱབ་ཡོད། ཐུང་ཞུས་རྫོང་གིས་སྤྱོད་ཆོག་པའི་ཆུའི་ཐོན་ཁུངས་དེ་སྤྱི་ལོ1986ལོ་ནས་སྤྱི་ལོ2000ལོའི་བར་ཚོད་རྩིས་བྱས་པར་གཞིགས་ན། ལོ་རེར་ཆ་སྙོམས་ཀྱི་ས་ངོས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4408.5དང་། རྨ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི4815.1  ས་འོག་གི་ཆུའི་ཆ་སྙོམས་གྲངས་ཐང་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི9891.5བཅས་ཟིན་ཡོད། ས་འོག་གི་ཟབ་ཚད་སྨི0~50དང་མཐུག་ཚད་སྨི20~40ཡོད་པ་དང་། དེ་མིན་ཐུང་ཞུས་ས་འོག་གི་སྨི1200ཡོད་པའི་ས་འོག་གི་ཆུ་ཚའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ལོ་འཁོར་མོར་གསར་སྤེལ་དང་བེད་སྤྱོད་བྱས་ཆོག  

4_2 ས་ཞིང་གི་ཐོན་ཁུངས།

ཐུང་ཞུས་རྫོང་གི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི767.53ཟིན་པའི་ནང་རྨོ་ཞིང་གི་རྒྱ་ཁྱོན་མུའུ851457.7ཟིན་པ་དེས་སྤྱིའི་ས་ཆའི73.96%ཟིན་པ་དང་མི་རེའི་ཆ་སྙོམས་ཀྱི་རྨོ་ཞིང་གི་མུའུ1.3ཟིན་ཡོད། དེའི་གཞི་རྩའི་ཁྱད་ཆོས་ནི། ས་བབ་ཁོད་སྙོམས་ལ་ས་རིམ་གཏིང་ཟབ་པས་གསར་སྤེལ་དང་བེད་སྤྱོད་བྱེད་བདེ་བ་དང་། གསར་སྦོལ་བྱེད་ཚད་ཅུང་མཐོ་མོད། འོན་ཀྱང་མི་རེའི་ཆ་སྙོམས་ཟིན་ཚད་ཉུང་བ་དང་རྗེས་གྲབས་ཐོན་ཁུངས་མི་འདང་བ་རེད། གཞནརླན་ས་དང་། གཉིས་འདྲེས་ས་དང་བྱེ་སའི་རྒྱ་ཁྱོན་ཆེ་ལ་ས་རྒྱུ་གཙོ་བོ་ཡིན།ས་རྒྱུའི་རྒྱ་ཁྱོན་གྱིས99.45%ཟིན་ཡོད།

4_3 གཏེར་ཁའི་ཐོན་ཁུངས།

སྤྱི་ལོ2013ལོའི་ཟླ12པའི་ཚེས4ཉིན་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་ཧྲང་ཆིའུ་ས་ཁུལ་གྱི་ཧུའུ་རུང་རྡོ་སོལ་ཡོངས་ཁྱབ་ཞིབ་བཤེར་དང་སུའེ་རྫོང་གི་རྡོ་སོལ་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གཤིས་རྩད་ཞིབ་རྣམ་གྲངས་གཉིས་ལ་གྲུབ་འབྲས་དཔྱད་ཞིབ་རྩིས་ལེན་བྱས་པ་རེད། ཆེད་མཁས་པས་དཔྱད་ཞིབ་བྱས་རྗེས་གསར་དུ་ཤེས་རྟོགས་བྱུང་བའི་སོལ་ཞིང་ཆེ་གྲས་དེར“ཐུང་ཐའོ་སོལ་ཞིང”ཞེས་པའི་མིང་བཏགས་ཡོད། གང་ལགས་ཤེ་ན། སོལ་ཞིང་ནུབ་ནས་ཤར་དུ་ཐུང་ཁྲེང་དུ་འབྱོར་བ་མ་ཟད། ས་གཤིས་རིག་པའི་ཐོག་གི“ཐུང་ཡུང་སོལ་ཞིང་”ཞེས་པའི་མིང་འདོགས་རྒྱུའི་གྲོས་འགོ་བཏོན་པ་རེད། རྡོ་སོལ་འདེབས་ཞིང་དེའི་ཁྱད་ཆོས་ནི་སྦས་པའི་གཏིང་ཚད་སྨི800མན་ཡིན་པ་དང་ཧུའུ་རུང་རྩད་ཞིབ་ཁུལ་གྱི་གཏེར་ཁུལ་ཁག་གཅིག་ཕུད། དེ་མིན་གསར་སྤེལ་གྱི་ཆ་རྐྱེན་འཛོམས་མེད་པ་དེ་རེད།

5 འགྲིམ་འགྲུལ།
5_1 ལྕགས་ལམ།

ཐུང་ཞུས་རྫོང་ནས་ནུབ་ཀྲེང་ཀྲོའུ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ། པེ་ཅིང་ནས་ཤང་ཀང་དང་ཨའོ་མོན་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ60ཡོད་པ་དང་། བྱང་ནས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ཟམ་པ་གསར་པའི་ལུང་ཧའེ་ལྕགས་ལམ་དང་ལན་ཧོ་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ45ཡོད། ས་གནས་ཀྱི་ལྕགས་ལམ་དེ་མངའ་ཁོངས་བརྒྱུད་དེ་སྤྱི་ལེ46ཡོད་པ་རེད།

5_2 མྱུར་བགྲོད་གཞུང་ལམ།

ས་ཁོངས་ནང་གི་མྱུར་བགྲོད་གཞུང་ལམ་འཕྲེད་གཞུང་དུ་བསྣོལ་བ་དང་། རྫོང་ཡོངས་ལ་ཁྱབ་པ། རི་ནན་ནས་ལན་ནན་བར་དང་། ཏ་ཀོང་ཏན་མྱུར་བགྲོད་གཞུང་ལམ་གཉིས་རྫོང་གྲོང་བྱང་ཤར་དང་སྤྱི་ལེ3ཡོད་ལ། ནང་སོག་ཨ་ལ་ཧྲན་ཆི་ནས་ཧྲེན་ཀྲེན་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ས་ཁོངས་ཧྲིལ་པོར་ཁྱབ་པ། ལས་འགོ་བཙུགས་ཟིན་པའི་ཀྲེང་ཀྲོའུ་གནམ་ཐང་ནས་ཧྲང་ཆིའུ་བར་གྱི་མྱུར་བགྲོད་གཞུང་ལམ་བར་བརྒྱུད་ཐུབ་པ་བཅས་རེད།

6 མི་གྲངས།

སྤྱི་ལོ2000ལོར་ཐུང་ཞུས་རྫོང་གི་མི་འབོར་བསྡོམས་འབོར552363ཡོད་པ་དང་ཤང་གྲོང་ཁག་གི་མི་འབོར་ནི། ཁྲེང་ཀོན་གྲོང་རྡལ་དུ67347དང་། ཙུང་ཀང་གྲོང་རྡལ་དུ42564ཡུས་ཧོང་མིའོ་གྲོང་རྡལ་དུ52782 ཐོག་ཁང་བཞིའི་གྲོང་བརྡལ་དུ55891  ཀྲུའུ་ཧྲ་གྲོང་རྡལ་དུ61234  ཧྥེང་ཀྲོང་ཤང་དུ31834  སུན་དབྱིང་ཤང་དུ40126 ཏ་ཀང་ལི་ཤང་དུ44868 ཕི་ཀེ་ཤང་དུ37334 གྲོང་ཁྱེར་དང་གྲོང་གསེབ་དུ40035 ཁྲང་ཀྲི་ཤང་དུ42273 ལི་ཀྲོང་ཤང་དུ36075བཅས་ཡོད་པ་རེད།

7 དཔལ་འབྱོར།
7_1 ཐོན་ལས་དང་པོ།

ཐུང་ཞུས་རྫོང་དུ་སྤྱི་ལོ2011ལོར་དྲོད་ཁང1253དང་བཟའ་བྱའི་ཤ་མོའི་དྲོད་ཁང3000གསར་དུ་བསྣན་པ་རེད། ཞིང་ལས་ཐོན་རྫས9རྒྱལ་ཁབ་ཞིང་ལས་པུའི་སྤྱི་གནོད་མེད་པའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་པ་བརྒྱུད་རྒྱ་ཁྱོན་ལ་སྤྱི་ཆིང8000བར་ཆེ་རུ་ཕྱིན་ཡོད་པ་དང། ཕྱུགས་ལས་གསོ་སྤེལ་ལས་རིགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ཕག་པ་གསོ་ཚགས་བྱ་རྒྱུ་གཙོ་བོར་བྱས་ནས་རྫོང་ཡོངས་སུ་གསོ་ཚགས་ཁུལ་ཆུང41གསར་སྐྲུན་བྱས་པ་དེའི་བསྡོམས་འབོར74ཟིན་པ་དང་། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ་སྣ་ཚོགས897མང་དུ་ཕྱིན་ནས་བསྡོམས་འབོར1745ཟིན་པ། གཞི་ཁྱོན་ལྡན་པའི་གསོ་ཚགས་དུད་ཚང5783བར་འཕེལ་རྒྱས་བྱུང་ཡོད། རྫོང་དེ་ཡོངས་ཀྱི་ཕག་པ་གསོ་ཚགས་བྱེད་ཚད་ཁྲི142ཟིན་ནས42%འཕར་བ། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལ་སྒོར་དུང་ཕྱུར10.6ཟིན་པ་དེས་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི་བསྡུར་ཚད་ཀྱི41%ཟིན་པ། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་དང་ཕག་པ་བཤས་གཏོང་ཚད་ལོ་གོང་མ་ལས་ལྡབ་གཅིག་འཕར་ཡོད། རྫོང་ཡོངས་སུ་འཕྲུལ་ཁྲོན་གསར་པ་འདྲུ་བ་དང་སྒྲིག་སྦྱོར་བྱེད་ཚད300ཟིན་པ་དང་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང1166.67མང་དུ་ཕྱིན་པ། ཤིང་འཛུགས་སྡོང་རྐང་ཁྲི456ཡོད་པ་དེ་དག་ཞིང་ཆེན་བདེ་ཐང་སྔོ་འགྱུར་གྱི་མཐོ་རིམ་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད་པ་རེད། ཞིང་པའི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཏན་ཏིག་ནུས་ལྡན་བྱུང་ནས་རྫོང་ཡོངས་ཀྱི་ཞིང་པའི་ཁུར་པོ་ཡང་དུ་གཏོང་བའི་སྤྱིའི་བསྡུར་ཚད65.25%ཟིན་ཡོད། ངལ་ནུས་ཕྱིར་གཏོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་ཧྲིལ་པོར་ངལ་ནུས་མི་ཐེངས་ཁྲི13.6བཏང་ནས་མི་ཐེངས་ཁྲི6.8བཅས་བཏང་ཡོད། 

7_2  ཐོན་ལས་གཉིས་པ། 

སྤྱི་ལོ2011ལོར་ཐུང་ཞུས་རྫོང་གིས་ཁའེ་ཧྥེང་ཡུས་ཧྥེང་ཡོན་ཟས་རིགས་ཚད་ཡོད་ཀུང་སི་དང་། ཙུང་ཀང་ཞིན་ཧའེ་དངོས་ལས་སྐྱེ་དངོས་སྣུམ་ཚད་ཡོད་ཀུང་སི། ཁྲང་ཀྲི་ཧྲོང་ལི་ཤ་ཟས་ཚད་ཡོད་ཀུང་སི་སོགས་བཟོ་ལས་ཁེ་ལས་འབོར་ཆེན་ནང་འདྲེན་བྱས། ལོ་ཧྲིལ་པོར་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་གི་བསྡོམས་འབོར་ལ་སྒོར་དུང་ཕྱུར41.8ཟིན་ནས13.8%འཕར་བ་དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་གི་བསྡོམས་འབོར་ལ་སྒོར་དུང་ཕྱུར14.8ཟིན་ནས22.1%འཕར་བ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས9གསར་དུ་བསྣན་ནས25%འཕར་བ། བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར4.18ལེགས་གྲུབ་བྱུང་ནས23%འཕར་ཡོད། རྫོང་དེ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར34.6ཟིན་ནས22%འཕར་ཡོད། གསར་དུ་གཉེར་བ་དང་ལག་རྩལ་སྒྱུར་བཀོད་ཐད་སྒོར་ཁྲི100ཡན་གྱི་རྣམ་གྲངས36དང་། སྒོར་ཁྲི500ཡན་གྱི་རྣམ་གྲངས15སྒོར་ཁྲི1000ཡན་གྱི་རྣམ་གྲངས5བཅས་ཡོད་པ་རེད། ཧྭ་དབྱིན་འཁེལ་འཐག་ཚད་ཡོད་ཀུང་སིར“ཞིང་ཆེན་གྱི་ཕུལ་བྱུང་དམངས་གཉེར་ཁེ་ལས”ཀྱི་མཚན་སྙན་ཐོབ་པ་རེད།

7_3 ཐོན་ལས་གསུམ་པ།

སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར4.8བཏང་ཡོད། སྤྱི་ལོ2010ལོར་ཐའེ་དབན་གྱི་ཚོང་པས་མ་འཇོག་བྱས་པའི་ཧོ་ནན་དབྱི་ལུང་ལྷམ་གྱོན་ཆས་ཚད་ཡོད་ཀུང་སི་གཞིས་ཆགས་ནས་ཐུང་ཞུས་རྫོང་ཐའེ་དབན་གྱི་མ་འཇོག་ཁེ་ལས་ལ་འགག་སྒྲོལ་ཆེན་པོ་བྱུང་རྗེས་ཐའེ་དབན་གྱི་ཚོང་པའི་འོད་གློག་ཐོན་ལས་གླིང་བཙུགས་པ་མ་ཟད། ཐའེ་དབན་གྱི་མ་འཇོག་ཁེ་ལས་གཉིས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར32.6གཏོང་རྩིས་ཡོད་པ་རེད། གསུམ་ནི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གཏོད་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཆབ་སྲིད་ཐད་ཁྲིད་སྟོན་དང་། སྲིད་ཇུས་ཐད་བསྔགས་སྐུལ། འཕེལ་རྒྱས་ཐད་རོགས་སྐྱོར་བཅས་བྱས་པ། ཐའེ་དབན་གྱི་མ་འཇོག་ཁེ་ལས་ཧོ་ནན་ཡུས་ལུང་ལྷམ་གྱོན་ཆས་ཚད་ཡོད་ཀུང་སི་དང་ཞུས་ཅིང་འོད་གློག་ཤར་གཏོང་ཐུབ་པའི་བརྒྱུད་རིམ་ནང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་ཆེད་མི་མངགས་ནས་འགན་འཁུར་དུ་བཅུག་སྟེ་ཐའེ་དབན་གྱི་ཚོང་པས་འགྲོ་ལུགས་དང་ལག་ཁྱེར་སྣ་ཚོགས་གཉེར་རྒྱུར་མཐུན་སྦྱོར་དང་རོགས་རམ་ཧུར་ཐག་བྱས་པ་མ་ཟད། གློག་སྤྱོད་པ་དང་ལས་མི་བསྡུ་བ་སོགས་ཀྱི་ཐད་རོགས་རམ་བྱས་པས་ཐའེ་དབན་གྱི་ཚོང་པས་ཕ་ཡུལ་དུ་གཉེར་བའི་ཁེ་ལས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་ལས་དོན། ས་དབྱིབས།