ཞ་རྒྱལ་རབས་ཀྱི་གོང་མ་ཏེ་ཏི་ཀྲི་ཏི་ཡིས་ཁའེ་ཧྥེང་རྒྱུད་དུ་རྒྱལ་ས་བཙུགས་ནས་ལོ217འགོར་བ་དང་། ལོ་རྒྱུས་ཐོག་ལའོ་ཆིའུ་ཞེས་འབོད། དེ་ནི་ཁའེ་ཧྥེང་གི་ལོ་རྒྱུས་ཐོག་བཀོད་པའི་རྒྱལ་ས་ཐོག་མ་ཡིན།
ཧྲང་རྒྱལ་རབས་ཀྱིས་ཁའེ་ཧྥུན་རྒྱུད་དུ་རྒྱལ་ས་བཙུགས་ནས་ལོ27འགོར་ཞིང་། ལོ་རྒྱུས་ཐོག་ཞའོ་ཞེས་འབོད།
སྤྱི་ལོའི་སྔོན་གྱི་དུས་རབས8པར། ཁྲུན་ཆིའུ་དུས་སྐབས་ཀྱི་ཀྲེང་ཀྲོང་ཀུང་གིས་དེང་གི་ཁའེ་ཧྥེང་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྲུའུ་ཞན་གྲོང་རྡལ་གྱི་ཉེ་འདབས་སུ་འབྲུ་མཛོད་གྲོང་ཁྱེར་བསྐྲུན་པ་དང་། “ཆི་ཐའོ་ཡིས་ཞིན་ཅང་ལ་སྒོ་ཐེལ་རྒྱག་པའི”དགོངས་དོན་ལྟར་མིང་ལ་ཁའེ་ཧྥེང་ཟེར།
ཧན་གྱི་དུས་འགོར་ཧན་ཅིན་རྟི་ལིའུ་ཆི་ལས་གཡོལ་ཏེ་མིང་ལ“ཁའེ་ཧྥང”དུ་བསྒྱུར། དེ་ནི་ཁའེ་ཧྥེང་གི་འབྱུང་ཁུངས་ཡིན།
ཀུའུ་ལོའུ་ཆུས་ནི་སྔར་ནས་བཟུང་ཁའེ་ཧྥེང་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ལྟེ་གནས་ཁུལ་ཡིན་ཞིང་། སུང་བྱང་མའི(སྤྱི་ལོ960-1126)སྐབས་སུ། ནང་མཁར་གྱི་གཡོན་འགྲམ་གྱི་ཟུར་དང་པོའི་ཞིན་ལིན་ཧྥང་དང་། ཐུང་ཅི་ཧྥང་། ཞོན་ཕིན་ཧྥང་བཅས་ཀྱི་ཁོངས་སུ་གཏོགས།
ཆིང་རྒྱལ་རབས་ཀྱི་སྐབས་སུ་ཞང་ཧྥུ་རྫོང་གི་ཡུལ་དང་པོ་དང་། གཉིས་པ། བདུན་པ་ཀོང་ཞུ་ལོ་སོ་གསུམ(སྤྱི་ལོ1907ལོར) བཅོས་ཁུལ་དུ་གཏོགས་ཤིང་། དེར་ལྷོ་ཁུལ་ཟེར།
མིན་གོའི་དུས་སྐབས་སུ་ཞང་ཧྥུ་རྫོང་དུ་བསྒྱུར་ཞིང་། སྔར་བཞིན་ལྷོ་ཁུལ་ཟེར་ལ་ཁའེ་ཧྥེང་དགྲ་ལག་ཏུ་ཤོར། (སྤྱི་ལོ1938-1945ལོ)རྗེས་སུ་འཇའ་ཕན་དང་རྫུན་དམག་གིས་ཁའེ་ཧྥེང་གྲོང་ཁྱེར་བཙུགས་་པ་དང་མིང་ལ་གཉིས་ཁུལ་ཟེར།
རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་གོ་མིན་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཁའེ་ཧྥེང་རྫོང་ཞེས་སླར་ཡང་འབོད་ཅིང་། ཆུས་དེ་གྲོང་བརྡལ་དུ་བསྒྱུར་ཏེ་ཁྲུང་ལེན་གྲོང་བརྡལ་དང་ལི་པིན་གྲོང་བརྡལ་གྱི་ཁོངས་སུ་གཏོགས་པ་རེད།
སྤྱི་ལོ1948ལོའི་ཟླ10པའི་ཚེས24ཉིན། ཁའེ་ཧྥེང་བཅིངས་འགྲོལ་ཐེངས་གཉིས་པ་བཏང་རྗེས། ཁའེ་ཧྥེང་དམིགས་བསལ་གྲོང་ཁྱེར་གྱི་མི་དམངས་དམངས་གཙོའི་སྲིད་གཞུང་གྲོང་རྡལ་དུ་བསྒྱུར་ཞིང་། ལོ་དེའི་ཟླ11པར་ས་དེར་ཁའེ་ཧྥེང་དམིགས་བསལ་གྲོང་ཁྱེར་གྱི་ཁུལ་གཉིས་པ་བཙུགས། སྤྱི་ལོ1956ལོའི་ཟླ3པར་ཁའེ་ཧྥེང་གྲོང་ཁྱེར་སྲིད་གཞུང་གིས་ཁུལ་དེར་ཀུའུ་ལོའུ་ཆུས་ཞེས་དངོས་སུ་མིང་བཏགས་པ་དང་ལྷོ་ཁུལ་དུ་ཆུས་མི་དམངས་སྲིད་གཞུང་གི་དཔེ་ཚོང་ཁང་ཁྲོམ་གཞུང་ཨང20ཡོད་པ་རེད། སྤྱི་ལོ1966ལོའི་ཟླ8པར། མིང་ལ་ཧུང་ཀོང་ཆུས་ཟེར།
སྤྱི་ལོ1972ལོའི་ཟླ6པར། བཅིངས་འགྲོལ་བཏང་བ་ནས་བཟུང་། ཀུའུ་ལོའུ་ཆུས་ཚང་མ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་སུ་བསྒྱུར།
སྤྱི་ལོ2005ལོའི་བར་དུ་ཀུའུ་ལོའུ་ཆུས་སུ་ཁྲོམ་གཞུང8ཡོད་པ་སྟེ། དེ་དག་ནི་ཤང་གོ་དགོན་པའི་ཁྲོམ་གཞུང་དང་། ཤིན་ཧྭ་ཁྲོམ་གཞུང་། ཝོ་ལུང་ཁྲོམ་གཞུང་། ཀྲོའུ་ཆའོ་ཁྲོམ་གཞུང་། ཤིས་སི་མོན་ཁྲོམ་གཞུང་། ཅིའུ་ཚུན་ཁྲོམ་གཞུང་། ལྔ་གཅིག་ཁྲོམ་གཞུང་། དྲང་སྲོང་ཀྲོང་ཁྲོམ་གཞུང་བཅས་རེད།
ཀུའུ་ལོའུ་ཆུས་ནི་མི་རིགས་མང་པོའི་འདུས་སྡོད་ཁུལ་ཞིག་ཡིན་ཞིང་། སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་བྱས་པར་གཞིགས་ན། ཀུའུ་ལོའུ་ཆུས་གྱི་གྲོང་མི་གཙོ་བོ་རྒྱ་རིགས་ཡིན་པ་དང་། གཞན་ཧུའེ་རིགས་དང་། མན་ཇུ་རིགས། སོག་རིགས། ཀྲོང་རིགས། མིའོ་རིགས། ཁྲའོ་ཞན་རིགས་སོགས་གྲངས་ཉུང་མི་རིགས40ཡོད་པ་དེ་དག་ཁ་ཐོར་དང་གཅིག་སྡུད་ཆུང་བའི་ཁྱད་ཆོས་ལྡན་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི5.48%ཟིན་ཡོད།
སྤྱི་ལོ2013ལོར་ཁོངས་གཏོགས་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི14.3ཡོད་པའི་ནང་གྲོང་ཁྱེར་གྱི་མི་འབོར་ཁྲི12.1དང་གྲོང་གསེབ་ཀྱི་མི་འབོར་ཁྲི2.2ཡོད་པ་རེད།
ཁའེ་ཧྥེང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ནི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་པ་དང་། ཐའེ་ཧང་རི་རྒྱུད་ཀྱི་ཤར་ལྷོའི་ཕྱོགས་སུ་གནས་ཡོད། ཧོ་ནན་ཞིང་ཆེན་གྱི་དབུས་རྒྱུད་དང་ཤར་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག113°52′15"—115°15′42"དང་བྱང་ཕྱོགས་ཀྱི་འཕྲེད་ཐིག34°11′45"—35°01′20"བར་ན་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ58.2(གྲོང་ཁྱེར་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ7.5)ཡོད།
གནམ་གཤིས་ནི་དྲོད་འཇམ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དགུན་དུས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ་དང་། དཔྱིད་དུས་ཐན་པ་ཆེ་ཞིང་རླུང་བུ་མང་བ། དབྱར་དུས་དྲོད་ཚད་མཐོ་ལ་ཆར་ཆུ་མང་བ། སྟོན་དུས་ནམ་མཁའ་དྭངས་བ་དང་དུས་བཞི་གསལ་བ་བཅས་ཡིན། ལོ་རེའི་ཆ་སྙོམས་ཀྱི་་དྲོད་ཚད14.52℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཀྱི་སད་མེད་ཉིན་ནི་221ཡིན་པ། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི627.5ཟིན་པ། ཆར་ཆུ་མང་ཆེ་བ་དབྱར་དུས་ཀྱི་ཟླ7པ་དང8པར་གཅིག་སྡུད་བྱས་ཡོད།
ཀུའུ་ལོའུ་ཆུས་ནི་དྲོད་ཁུལ་གྱི་ལོ་ལྷུང་ལོ་མ་ཆེ་བའི་ནགས་ཚལ་གྱི་ཁོངས་སུ་གཏོགས་པ་དང་། རྒྱུན་མཐོང་རྩི་ཤིང་གི་གྲས་སུ་མའོ་པའེ་དབྱང་དང་། ཏ་ཀོན་དབྱང་། ཐན་ལུའོ། དྲི་ངན་ཁྲུན་རིགས། ལན་ཁའོ་ཕའོ་ཐུང་། ཤུག་པ། སྡོང་ཐུང་། དབྱི་མ་རྩྭ། མ་ཐང་། གླང་རྩིབས་རྩྭ་སོགས་ཡོད།
ཀུའུ་ལོའུ་ཆུས་ཀྱི་སྲོག་ཆགས་ཐོན་ཁུངས་གཙོ་བོ་རི་སྐྱེས་སྲོག་ཆགས་དང་གསོ་ཚགས་སྲོག་ཆགས་གཉིས་སུ་དབྱེ་ཡོད་ཅིང་། དེའི་ནང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཅུང་ཉུང་ལ་རིགས་བརྒྱ་ཙམ་ཡོད། རི་བོང་དང་བྱི་བའི་རིགས་མང་བ་དང་། འདབ་ཆགས་ཀྱི་རིགས་ཅུང་མང་བ་ནི་ཁང་བྱིའུ་དང་སྐྱ་ཀ་ཡིན་ལ། གོག་བགྲོད་རིགས་གཙོ་བོ་ནི་རྩངས་པ་དང་སྦྲུལ་རིགས་ཡིན། སྐམ་ཆུ་གཉིས་འཚོའི་རིགས་གཙོ་བོ་སྦལ་བ་བཅས་ཡིན།
གསོ་ཚགས་སྲོག་ཆགས་ལ་གཙོ་བོ་བ་གླང་དང་། རྟ། དྲེལ། ཕག་པ། ལུག རི་བོང་སོགས་ཡོད་པ་དང་། ཁྱིམ་བྱའི་རིགས་ནི་བྱ་དེ་དང་བྱ་གག་ཡིན་པ་དང་། ཆུ་ཐོན་སྲོག་ཆགས་ནི་ཉ་རིགས་གཙོ་བོ་ཡིན།
ཀུའུ་ལོའུ་ཆུས་ན་ས་འོག་གི་ཆུ་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་དང་གཏིང་ཚད་སྨི450ཡི་ནང་ཆུ་ལྡན་བྱེ་རིམ་མང་པོ་སྦས་ཡོད་པ་མ་ཟད། ཁྲོན་པའི་ཆུ་ཐོན་ཚད་ཅུང་ཆེ་ལ། ཆུའི་སྤུས་ཚད་ཅུང་ལེགས་པ་བཅས་རེད།
སྤྱི་ལོ2011ལོའི་བར་ཞིང་ལས་ཐད་སྤྱི་ལོ2010ལོ་དང་བསྡུར་ན་རིན་ཐང་འཕར་མ་སྒོར་དུང་ཕྱུར1.46ཟིན་པ་དང་། ཐོན་ལས་ཀྱི་བསྡུར་ཚད3%ཟིན་པ། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ614ཟིན་པ། གཞི་ཁྱོན་ལྡན་པའི་གསོ་ཚགས་བསྡུར་ཚད་སྤྱི་ལོ2010ལོའི62%ནས78%བར་མཐོ་རུ་ཕྱིན་པ། ཞན་རིན་ཀྲོང་དོན་གཅོད་ཁྲུའུ་ལོ་ལྔ་བསྟུད་མར་གྲོང་ཁྱེར་དེ་ཡོངས་ཀྱི་འབྲོག་ལས་གསོ་ཚགས་ཀྱི་ཤང་གྲོང་སྟོབས་ཆེན་བཅུ་ལ་བདམས་ཡོད། ཞིང་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས23འཕེལ་རྒྱས་བཏང་བ་དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་མཉམ་ལས་ཁང2གསར་སྐྲུན་བྱས། ཞའོ་ཝང་སྡེ་ཁུལ་འཛུགས་སྐྲུན་བདེ་བླག་བྱུང་བ་རེད། རིམ་རྩིས་བྱས་ན་སྒོར་ཁྲི500ལྷག་ཙམ་བཏང་ནས་ནོར་རྡོར་སོགས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ། ཞིང་པ་མི་རེའི་ཡོང་འབབ་ཁེར་གཙང་སྒོར7591.73ཟིན་ཡོད། རིམ་རྩིས་བྱས་ན་འབྲུ་རིགས་ཐད་གསབ་དང་། ཞིང་སྤྱོད་དངོས་རྫས་ཕྱོགས་བསྡུས་ཐད་གསབ་དང་སོན་བཟང་ཁ་གསབ་སོགས་སྒོར་ཁྲི2092.12སྤྲད་པ་ཡིན།
སྤྱི་ལོ2011ལོའི་བར་བཟོ་ལས་ཐད་སྤྱི་ལོ2010ལོ་དང་བསྡུར་ན་རིན་ཐང་འཕར་མ་སྒོར་དུང་ཕྱུར15.69ཟིན་པ་དང་། ཐོན་ལས་ཀྱི་བསྡུར་ཚད32.3%ཟིན་པ། ཁེ་ལས་ཀྱི་ཤུགས་ཆེའི་ཤེལ་སྒོ་དང་། ཐེན་ཁྲི་རྫས་འགྱུར། གསར་གཏོད་དང་རྒྱས་སྐྲུན་བཅས་བྱས་ཡོད། གྲོང་ཁྱེར་གྱི་སྨན་རྫས་ཐོན་ལས་གླིང་ཁུལ་གྱི་སྙོམས་ངོས་ཇུས་འགོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ལེགས་གྲུབ་བྱུང་བ་དང་། གནམ་སའི་སྨན་རྫས་ལས་རིགས་སོགས་བཟོ་ལས་རྣམ་གྲངས་གལ་ཆེན་གླིང་ཁུལ་དུ་གཞིས་ཆགས་པ། རིམ་རྩིས་བརྒྱབ་ན་གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར117.3ནང་འདྲེན་བྱས་པ་དང་། དོན་དངོས་སུ་ཕྱི་དངུལ་ཨ་སྒོར་ཁྲི2670བེད་སྤྱོད་བྱས་པ། སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས36ནང་འདྲེན་བྱས་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་རེད། རིམ་རྩིས་བྱས་ན་གཙོ་གནད་རྣམ་གྲངས50ལེགས་སྒྲུབ་བྱས་པར་མ་དངུལ་སྒོར་དུང་ཕྱུར55ཙམ་བཏང་ཡོད་པ་རེད། ཅིན་ཤིའུ་ཧོང་ཁྲེང་དང་། ལུང་ཁྲེང་སེམས་ཀྱི་ཉི་ཟླ། ཏ་རུན་ཧྥ་སྒོ་རྩིས་ཚོང་ཁང་སོགས་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལེགས་གྲུབ་ཟིན་ཡོད།
སྤྱི་ལོ2011ལོའི་བར་ཐོན་ལས་གསུམ་པས་སྤྱི་ལོ2010ལོ་དང་བསྡུར་ན་རིན་ཐང་སྒོར་དུང་ཕྱུར31.46འཕར་བ་དང་། ཐོན་ལས་ཀྱི་བསྡུར་ཚད64.7%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16844.83ཟིན་ཡོད། ཁྱོན་རྣམ་གྲངས113ནང་འདྲེན་བྱས་པ་དང་རིམ་རྩིས་བྱས་ན་གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར22.5ནང་འདྲེན་བྱས་པ་དང་དོན་དངོས་ཐོག་ཕྱི་དངུལ་ཨ་སྒོར་ཁྲི909བེད་སྤྱོད་བྱས་པ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིམ་རྩིས་བྱས་ན་ཨ་སྒོར་ཁྲི917ཟིན་པ་བཅས་རེད། ཚོང་དོན་ཞབས་ཞུའི་ལས་རིགས། ཅ་སི་མའོ་གྲངས་འཛིན་ཐང་ཆེན་དང་། ཧུང་ཏ་ཙི་ཡུན་ཐའེ། སུང་ཡུན་མིང་ཏུའུ་སོགས་རྣམ་གྲངས་ཁག་གཅིག་གོ་རིམ་ལྡན་པའི་ངང་སྤེལ་བ། རྔ་ཁང་བསྐྱར་སྐྲུན་དང་། ཉི་འོད་ཚོང་གྲོང་། ཏན་ཉི་སི་བརྒྱ་ཟོག་སོགས་རྣམ་གྲངས་ཁག་གཅིག་གི་དུས་འགོའི་ལས་དོན་བདེ་བླག་ངང་སྤེལ་ཡོད། ཏ་རུན་ཧྥ་སྒོ་རྩིས་ཚོང་ཁང་དང་། གཟི་བརྗིད་ཚོང་ལས་ཁྲོམ་ལམ། ཀུའུ་ལོའུ་ཟས་ཁང་སོགས་སྔ་རྗེས་སུ་བསྐྲུན་ཟིན་ནས་གཉེར་སྐྱོང་བྱས་པ་དང་། དཔེ་ཚོང་ཁང་ཁྲོམ་གཞུང་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་ཟིན་ནས་ཉི་འོད་ཨར་ཁང་དང་། འབྱུང་འགྱུར་གྱི་གུང་གསེང་ཨར་ཁང་། དཔེར་ན་ཅ་མྱུར་མགྲོན་ཁང་སོགས་རྒྱལ་ནང་གི་གྲགས་ཅན་ཁེ་ལས་ཁག་གཅིག་སྔ་རྗེས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
སྤྱི་ལོ2013ལོར་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར1.5ཟིན་པ་དང་། དུག་གཟན་དོང(ས་ཚིགས)ཁྲི4ལྷག་ཙམ་བསྐྲུན་པ། “སྔོན་འགོག་གསུམ”གྱི་སྒྲིག་བཀོད་སྨི་གྲུ་བཞི་མ1.1སྒྲིག་སྦྱོར་བྱས་པ། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་སྒྲོམ་བུ་སྨི་གྲུ་བཞི་མ་ཁྲི2བསྐྲུན་པ། ཆུས་ཁོངས་ཀྱི་ཀུའུ་ལོའུ་སྨན་ཁང་དང་། འདུས་འདྲིལ་གཅོང་ནད་སྨན་ཁང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང་བཅས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ“བྱ་བ་ཁེ་ལས་སུ་བསྒྱུར་བ”ཡིན། ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོའི་མི་རེར་ཟླ་རེར་མ་དངུལ་སྒོར800འཕར་ཡོད་པ་རེད། ཝུན་ཧྲེང་ལས་ཡུལ་དང་། ཏུང་ཅིང་དགུ་ཚིགས་ཨར་ཁང་ཆེན་མོ། ཉི་འོད་ཚོང་གྲོང་སོགས་རྣམ་གྲངས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱས་པ། ཧ་ཀྲེང་ཐད་རྒྱུག་ལེ་ལག་ཚང་བའི་ལས་གྲྭ་སོགས་རྣམ་གྲངས27གྱིས་ལོ་འཁོར་གྱི་དམིགས་ཚད་འཕེལ་རིམ་ལེགས་གྲུབ་ཟིན་ཡོད། དབང་པོ་སྐྱོན་ཅན་ཐེབས་རྩ་ལྷན་ཚོགས་ཀྱི་འཛིན་བསྟན་དངུལ་སྤྲོད་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་སྤྱི་ལོ1999ལོ་ནས་སྤྱི་ལོ2013ལོ་བར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི682བཏང་ཡོད།
སྤྱི་ལོ2013ལོར་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མ་དངུལ་སྒོར་ཁྲི906བཏང་ནས་སློབ་གྲྭའི་ལུས་རྩལ་ཐང་བསྐྲུན་པ་དང་འབྲེལ་སློབ་ཁྲིད་ཐོག་ཁང5གསར་སྐྲུན་བྱས་པ་རེད། སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་འཁྲབ་བྱེད་སྒོའི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད།
སྤྱི་ལོ2013ལོའི་བར་ཀུའུ་ལོའུ་ཆུས་སུ་ད་ཡོད་སློབ་གྲྭ6ཡོད་པ་དེ་དག་ནི་ཧོ་ནན་ཞིང་ཆེན་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་དང་། ཁང་ལེ་བུ་བཅོལ་ཁང་། ལི་དབྱང་ཕྱི་སྐད་སློབ་གྲྭཁའེ་ཧྥེང་སློབ་ཆེན་བཅས་ཡིན་པ་དང་། དུས་རབས་གསར་པའི་མཐོ་རིམ་སློབ་འབྲིང་ཀྲུང་ཧྲན་ལམ་གྱི་སློབ་ཆུང་ལྔ་པ་བཅས་ཡིན་པ་རེད།
སྤྱི་ལོ2013ལོར་བཟའ་བཅའ་གཉེར་སྐྱོང་ལས་རིགས་དང“ཆུང་གྲས་ལྔའི” ཚོང་ཁང1787གཅིག་སྡུད་བཅོས་སྒྲིག་བྱས་པ་དང་། ཕྱི་རོལ་གྱི་སྒྲིག་འགལ་བརྡ་ཁྱབ1481བཤིག་པ། སྒྲིག་འགལ་ངང་སྨི་གྲུ་བཞི་མ་ཁྲི5.1བསྐྲུན་པ་དང་། ཁུལ་ཡོངས་སུ་གསང་སྤྱོད1743ཚད་ལྡན་དང་སྒྱུར་བཀོད་བྱས་པ་དང་གད་སྙིགས་བརྒྱུད་སྐྱེལ་ས་ཚིགས8སྒྱུར་བཀོད་རིམ་སྤོར་བྱས་པ། བེད་མེད་དངོས་རྫས་ཉོ་སྒྲུབ་ས་ཚིགས56བཅོས་སྒྲིག་བྱས་པ་དང་། ཨར་སྐྲུན་ལས་ཡུལ32དང་། རྒྱབ་ཀྱི་ཁྲོམ་གཞུང170སྒྱུར་བཀོད་བྱས་པ། གད་སྙིགས་བགྲོད་ལམ2678བཀག་སྡོམ་བྱས་པ། གྲོང་མིའི་ཁུལ་ཆུང118བཅོས་སྒྲིག་བྱས་པ། གད་སྙིགས་རླངས་འཁོར་ཁྲི1.5ལྷག་ཙམ་གཙང་དབོར་བྱས་པ། གྲོང་གསེབ་ཉོ་ཚོང་ཁྲོམ་ར5སྒྱུར་བཀོད་དང་ཚད་ལྡན་དུ་བཏང་བ་དང་། ཞོགས་པའི་མཚན་མོའི་ཁྲོམ་ར10མེད་པར་བཟོས་པ། དམངས་ཕན་ཚལ་རིགས་ཚོང་ཁང7གསར་སྐྲུན་བྱས་པ། ཁོངས་གཏོགས་ཁུལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་རླངས་འཁོར་འཇོག་ས4500ལྷག་ཙམ་དང་གཞུང་ལམ་གྱི་ལམ་ཐིག་སྨི་ཁྲི1.12ཡོད་པ་དང་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་ས32ཚད་ལྡན་དུ་བཏང་བ། བརྡ་ཁྱབ་ཆུང་གྲས་ཁྲི5.3ལྷག་ཙམ་གཙང་བཤེར་བྱས་ཡོད།
ཁྱད་ཐོན་ལ་ཁའེ་ཧྥེང་འབྲས་དང་། ཆིན་ཚལ། པེན་ལིའང་ཞི་ཀྭ། བ་དམ། ར་མ་འོ་མ། རྨ་ཆུའི་ལི་ཉ་དང་ལུག་མིག་མེ་ཏོག ཁའེ་ཧྥེང་ཀྭ ཝེ་ཧྲི་སྲན་ནག་སོགས་ཡོད།