ཙུང་དབྱང་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཐུང་ལིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཨན་ཧུའེ་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་ཀྱི་བྱང་ངོགས། ཏ་པིའེ་ཧྲན་རི་བོའི་ཤར་ལྷོའི་མཚམས་དང་འབྲེལ་ཡོད་ལ། བྱང་གི་འཕྲེད་ཐིག30°38′~31°05དང་ཤར་གྱི་གཞུང་ཐིག117°04′~117°35′བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1473.43ཡོད་པ་རེད། ཙུང་དབྱང་རྫོང་གི་ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། དབུས་རྒྱུད་ཡང་དམའ་ལ་མཐའ་བཞི་མཚོ་དང་གཙང་བས་བསྐོར་ཡོད། ཙུང་དབྱང་རྫོང་ནི་ཚ་ཁུལ་བྱང་མའི་དྲོ་འཇམ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པས། དུས་བཞི་གསལ་ཞིང་ཉི་འོད་ཕོག་ཚད་མང་བ། ཆར་ཆུ་འབབ་ཚད་ཡང་མོད་པ་རེད། སྤྱི་ལོ2019ལོའི་བར་ཙུང་དབྱང་རྫོང་ཁོངས་གཏོགས་སུ་གྲོང་རྡལ15དང་ཡུལ་ཚོ4ཡོད་པ་དང་། རྫོང་མི་དམངས་སྲིད་གཞུང་ཙུང་དབྱང་གྲོང་རྡལ་ཧྥུའུ་ཧྲན་ལམ་དུ་བཅའ་སྡོད་བྱས་པ་དང་ཁྱིམ་ཐོའི་མི་འབོར་ཁྲི97.0ཡོད།
སྤྱི་ལོ2018ལོར་ཙུང་དབྱང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར259.5ཟིན་པ་དེ་དུས་མཚུངས་ལས6.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར34.0ཟིན་ནས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར126.5ཟིན་ནས7.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར99.0ཟིན་ནས5.7%འཕར་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར26721ཟིན་ཡོད།
ཞ་ཧྲང་གི་དུས་སྐབས་སུ་དབྱང་ཀྲོའུ་ཡི་ཁོངས་སུ་གཏོགས།
སུའེ་རྒྱལ་རབས་ཀྱི་དུས་སྐབས་སུ་དབྱིན་ཨན་རྫོང་དང་ཙུང་དབྱང་གི་མངའ་ཁོངས་སུ་བཅུག་སྟེ། ཞི་ཀྲོའུ་ཡི་ཁོངས་སུ་གཏོགས་པར་བྱས། ཁའེ་ཧོང་ཁྲི་ལོ་བཅོ་བརྒྱད་པར(སྤྱི་ལོ598ལོར)ཞུན་དབྱང་རྫོང་དེ་ཐུང་ཨན་རྫོང་དུ་བསྒྱུར་ཅིང་། དབྱང་ཀྲོའུ་ཐུང་ཨན་ཅུན་གྱི་ཁོངས་སུ་གཏོགས་པར་བྱས།
ཐང་རྒྱལ་རབས་ཀྱི་སྐབས་སུ་ཐོག་མར་ཐུང་ཨན་རྫོང་ཡིན་པ་དང་། ཝུའུ་ཏེ་ཁྲི་ལོ་བཞི་པར(སྤྱི་ལོ621ལོ)ཐུང་ཨན་ཅུན་དེ་ཧྲུའུ་ཀྲོའུ་རུ་བསྒྱུར།
ཡོན་རྒྱལ་རབས་ཀྱི་སྐབས་སུ་ཐུང་ཁྲེང་རྫོང་ཡིན་ཞིང་། ཨན་ཆིན་ལུའུ་སྤྱི་ཁྱབ་དོ་དམ་ལས་ཤག་གི་ཁོངས་སུ་གཏོགས།
མིང་རྒྱལ་རབས་ཀྱི་སྐབས་སུ་ཐུང་ཁྲེང་རྫོང་ཡིན་ཞིང་། ཐོག་མར་ཉིང་ཅང་ཧྥུའུ་ཡི་ཁོངས་སུ་གཏོགས་པ་དང་། ཧུང་ཝུའུ་ཁྲི་ལོ་དྲུག་པར(སྤྱི་ལོ1373ལོ)ཨན་ཆིན་ཧྥུའུ་ཡི་ཁོངས་སུ་གཏོགས་ཡོད།
ཆིང་རྒྱལ་རབས་ཀྱི་སྐབས་སུ་ཐུང་ཁྲེང་རྫོང་ཡིན་ཞིང་། ཐོག་མར་ཅང་ནན་ཞིང་ཆེན་ཨན་ཆིན་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་། ཁང་ཞི་ཁྲི་ལོ་དྲུག་པར(སྤྱི་ལོ1667ལོ)ཨན་ཧུའེ་ཞིང་ཆེན་གྱི་ཨན་ཆིན་ཧྥུ་ཡི་ཁོངས་སུ་གཏོགས།
ཀྲུང་ཧྭ་མིན་གོའི་དུས་སྐབས་སུ་ཐུང་ཁྲེང་རྫོང་གི་ཁོངས་གཏོགས་ས་ཆ་ཡིན་ཞིང་། ཀྲུང་ཧྭ་མིན་གོའི་སྲིད་ལོ36པར(སྤྱི་ལོ1947ལོ)ཟླ12པར་ལུའུ་ཅང་གཙང་པོ་དང་ཐུང་ཁྲེང་གི་ས་ཁུལ་མང་ཆེ་བར་ཐུང་ལུའུ་རྫོང་བཙུགས་ནས། ཀྲུང་གུང་ཨན་ཧུའེ་ནུབ་རྒྱུད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་རེད།
སྤྱི་ལོ2019ལོ་བར་ཙུང་དབྱང་རྫོང་ཁོངས་སུ་གྲོང་རྡལ15དང་ཡུལ་ཚོ4ཡོད་དེ། ཙུང་དབྱང་གྲོང་རྡལ་དང་། ཆན་ཕུའུ་གྲོང་རྡལ། ཆུས་ཧྲན་གྲོང་རྡལ། ཐང་ཕུའུ་གྲོང་རྡལ། ཧེང་ཕུའུ་གྲོང་རྡལ། ཕུའུ་གྲོང་རྡལ། ཆན་ཆའོ་གྲོང་རྡལ། ཆི་ལིན་གྲོང་རྡལ། དབྱི་ཅིན་གྲོང་རྡལ། ཀོན་ཕུའུ་ཆའོ་གྲོང་རྡལ། ཅིན་ཧྲེ་གྲོང་རྡལ། པའེ་ལིའུ་གྲོང་རྡལ། ཧུའེ་ཀུང་གྲོང་རྡལ། ཡུས་ཐན་གྲོང་རྡལ། ཐེ་ཐུང་ཡུལ་ཚོ། ཧྥེང་དབྱི་ཡུལ་ཚོ། ཁྲང་ཧྲ་ཡུལ་ཚོ། པའེ་མའེ་ཡུལ་ཚོ། རྫོང་སྲིད་གཞུང་དབྱང་ཙུང་དབྱང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།
ཙུང་དབྱང་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཐུང་ལིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཨན་ཧུའེ་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་ཀྱི་བྱང་ངོགས། ཏ་པིའེ་ཧྲན་རི་བོའི་ཤར་ལྷོའི་མཚམས་དང་འབྲེལ་ཡོད་ལ། བྱང་གི་འཕྲེད་ཐིག30°38′~31°05དང་ཤར་གྱི་གཞུང་ཐིག117°04′~117°35′བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1473.43ཡོད་པ་རེད། ཙུང་དབྱང་རྫོང་གི་ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། དབུས་རྒྱུད་ཡང་དམའ་ལ་མཐའ་བཞི་མཚོ་དང་གཙང་བས་བསྐོར་ཡོད།
ཙུང་དབྱང་རྫོང་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་ཡིན་པ་དང་། གནམ་གཤིས་ཀྱི་ཁྱད་ཆོས་ནི་དུས་བཞི་གསལ་ཞིང་ཉི་འོད་ཕོག་ཚད་མང་བ། ཉི་འོད་ཕུན་སུམ་ཚོགས་ལ་ཆར་ཆུ་འབེལ་བ། སད་མེད་དུས་ཡུན་རིང་བ་བཅས་ཡིན། རྫོང་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད16.5℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1326.5ཟིན། དགུན་དུས་ཆར་པ་འབབ་ཚད་ཉུང་ཞིང་། དབྱར་ཁའི(མེ་ཆར་དུས་ཚིགས)ཆར་ཆུ་འབབ་ཚད་གཅིག་སྡུད་ཡིན་པ་བཅས་ཀྱིས་ལོ་ཧྲིལ་པོའི་སྤྱི་འབོར་གྱི40%བཟུང་ཡོད། རི་ཁུལ་གྱི་ཆར་ཆུ་དེའུ་འབུར་དང་བདེ་ཐང་ལས་མང་།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཙུང་དབྱང་རྫོང་ཡོངས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི97.00ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི20.63དང་གྲོང་གསེབ་ཀྱི་མི་འབོར་ཁྲི76.37ཡོད་པ་རེད། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2016ལོར་རྫོང་དེ་ཡོངས་ཀྱི་ལོ་ཧྲིལ་པོར་ཕྲུ་གུ་སྐྱེ་ཚད11.58%ཟིན་པ་དེ་སྤྱི་ལོ2015ལོ་ལས་སྟོང་ཆའི1.61འཕར་བ་དང་། འདས་ཚད4.11‰འཕར་ནས་སྟོང་ཆའི0.11འཕར། རྫོང་ཡོངས་ཀྱི་མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི7.47ཟིན་ནས་སྟོང་ཆའི1.50འཕར་ཡོད།
སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི97.0དང་རྒྱུན་སྡོད་མི་འབོར་ཁྲི87.1ཡོད་པ་རེད། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2018ལོར་རྫོང་དེ་ཡོངས་ཀྱི་ལོ་ཧྲིལ་པོའི་མི་འབོར་སྐྱེ་ཚད10.32%ཟིན་ནས་ལོ་གོང་མ་ལས་སྟོང་ཆའི2.05པར་ཆག་པ་དང་། འདས་ཚད5.43%ཟིན་ནས་སྟོང་ཆའི་0.38འཕར་ཡོད། རྫོང་ཡོངས་ཀྱི་མི་འབོར་རང་བྱུང་འཕར་ཚད4.89%ཟིན་ནས་སྟོང་ཆའི43མར་ཆག་ཡོད།
སྤྱི་ལོ2016ལོའི་བར་ས་ཁོངས་ནང་གི་རྒྱ་རིགས་མི་འབོར་གྱིས99.96%བཟུང་བ་དང་དེ་བྱིངས་ཀྱི་སོག་རིགས་དང་། ཧུའེ་རིགས། མིའོ་རིགས། ཀྲོང་རིགས། པུའུ་དབྱི། ཁྲའོ་ཞན་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། ཏ་ཝོར་སོགས་གྲངས་ཉུང་མི་རིགས10ལ་ཁྱོན་མི་གྲངས363ཡོད་པ་རེད།
ཙུང་དབྱང་རྫོང་གི་སྤྱི་ལོ2016ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར205.4ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2015ལོ་ལས7.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར34.8ཟིན་ནས2.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར102.4ཟིན་ནས8.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར68.2ཟིན་ནས9.8%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་པོ་དེ་སྤྱི་ལོ2015ལོའི17.5:54.9:27.6ནས16.9:49.9:33.2བར་ལེགས་སྒྲིག་བྱས་པ་དེའི་ནང་བཟོ་ལས་འཕར་ཐང་གིསGDPཡི་བསྡུར་ཚད43.5%བཟུང་ཡོད། མི་རེར་ཆ་སྙོམསGDP21216ཟིན་པ་དེ་སྤྱི་ལོ2015ལོ་ལས་སྒོར1042འཕར་ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་སློབ་འབྲིང་དཀྱུས་མ42ཡོད་པ་དང་། ལོ་དེར་སློབ་མ་ཁྲི1.28དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.02སློབ་ཐོན་སློབ་མ་ཁྲི1.44བཅས་ཡོད། རིགས་ཁག་གི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ3དང་ལོ་དེར་སློབ་མ་ཁྲི0.43དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི0.59སློབ་ཐོན་སློབ་མ་ཁྲི0.14བཅས་ཡོད། སློབ་ཆུང140ཡིས་ལོ་དེར་སློབ་མ་ཁྲི0.48དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི3.60སློབ་ཐོན་སློབ་མ་ཁྲི0.79བཅས་བསྡུས་ཡོད། བུ་བཅོལ་ཁང59དང་བུ་བཅོལ་ཁང་གི་བྱིས་པ་ཁྲི1.29ཡོད་པ་རེད།
སྤྱི་ལོ2016ལོར་མཐོ་གསར་ལག་རྩལ་ཁེ་ལས5གསར་དུ་གཏན་འཁེལ་བྱས་པ་དང་རྫོང་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས12ཡོད་པ་རེད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད861ཟིན་པ་དང་ཁེ་བེད་བདག་ཐོབ་སྤྲོད་ཚད160ཟིན་ཡོད། དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད575དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་སྤྲོད་ཚད49ཡོད་པ་རེད། ལོ་ཧྲིལ་པོར་ལག་རྩལ་སྐོར་གྱི་གན་རྒྱ་ཁག46བཞག་པ་དང་ལག་རྩལ་སྐོར་གྱི་གན་རྒྱའི་གྲངས་འབོར་སྒོར་ཁྲི560ཟིན་ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་རིག་གནས་ཁང1དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས22སྤྱི་པའི་དཔེ་མཛོད་ཁང1དངོས་མང་བཤམས་སྟོན་ཁང(དམངས་གཉེར་རྟེན་རྫས་བཤམས་སྟོན་ཁང་ཚུད)2རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ1ཞིང་ཆེན་གྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ15རླུང་འཕྲིན་ལས་ཁུངས1ཟློས་སྒྱུར་བརྒྱུད་གཏོང་འཕེན་གཏོང་ཁང1བརྙན་འཕྲིན་བརྒྱུད་གཏོང་སྟེགས་བུ3བཅས་ཡོད་པ་རེད། ལོ་མཇུག་ཏུ་རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད98.2%ཟིན་པ་དང་ལོ་མཇུག་ཏུ་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད98.2%ཟིན་ཡོད། ལོ་ཧྲིལ་པོར་ཚགས་པར་རིགས1ཡོད་པ་དང་། སྤྱིའི་དཔར་གྲངས་ཁྲི1.1ཡོད་པ་དང་། དུས་དེབ་རིགས་གཅིག ལོ་མཇུག་ཏུ་རྫོང་ཡོངས་སུ་རིམ་ཁག་ཡིག་ཚགས་ཁང2ཡོད་པ་དང་ཉར་ཚགས་བྱས་པའི་ཡིག་ཚགས་དཔྱད་ཡིག་བམ་པོ་ཁྲི15.6ཡོད་པ་དང་མཛོད་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ1777ཡོད་པ་རེད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྱོན་སྨན་བཅོས་སྒྲིག་གཞི(སྨན་བཅོས་ཁང་དང་འཕྲོད་བསྟེན་ཁང་ཚུད་པ)309ཡོད་པའི་ནང་སྨན་ཁང7(དམངས་གཉེར་སྨན་ཁང5ཚུད་པ)དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི287ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི4འཕྲོད་བསྟེན་སྒྲིག་གཞི་གཞན་དག11བཅས་ཡོད་པ་རེད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནང་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང21དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)30གྲོང་ཚོའི་འཕྲོད་བསྟེན་ཁང236བཅས་ཡོད་པ་རེད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཙུང་དབྱང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི3.85ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི9.26ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི3.15ཟིན་པ་དང་། ལས་རྨས་དང་བུ་བཙའ། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི2.26དང་ཁྲི2.35ཁྲི1.89བཅས་སོ་སོར་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི52.46ཟིན་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་མཁན་ཞིང་པ་ཁྲི81.97ཟིན་ཡོད།
སྤྱི་ལོ2016ལོར་ཙུང་དབྱང་རྫོང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི801.5ཟིན་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1459ཟིན། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྟོང་སྨི་ཁྲི40992དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སྟོང་སྨི་ཁྲི321710ཟིན་ཞིང་། ལོ་ཧྲིལ་པོར་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི2123ཟིན་ཡོད།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཁྲི5.98ཡོད་པ་དེ་སྤྱི་ལོ2015ལོ་ལས15.7%འཕར་ཡོད། ལོ་མཇུག་ཏུ་དམངས་སྤྱོད་རླངས་འཁོར་ཁྲི2.14ཡོད་པ་དེ11.0%འཕར་ཡོད། ལོ་མཇུག་ཏུ་དམངས་སྤྱོད་འཁོར་རིགས་ཆུང་གྲས་ཁྲི1.90ཡོད་པ་དེ17.0%འཕར་ཡོད།